༄༅།།“འབྲོག་སའི་”ལས་དོན་དེ་ལས་བྱེད་པ་དང་མང་ཚོགས་ཀྱིས་གླེང་ནས་དཀའ་ངལ་སེལ་བའི“ལས་ཡུལ་དངོས།”
དགུན་དུས་འཆར་ཉེར་ཡོད་པ་དང་གངས་བབས་གྲབས་ཡོད་སྐབས་མདོ་པ་ཤང་ཏང་ཨུད་ཚན་ཁག་གིས་གངས་ཁྲོད་བསྐྱོད་དེ“མང་ཚོགས་ཀྱི་སེམས་ཁམས”ནས“གནད་དོན་གྱི་འབྱུང་ཁུངས”སྔོག་འདོན་བྱེད་པའི་ལས་ཀའི་རྩ་དོན་ལ་བརྟེན་ནས་འབྲོག་ཁུལ་གྱི་གུར་དང་།རྩྭ་ཐང་གི་མཐིལ།ཞིང་ནང་གི་མུ་ཁར་བསྐྱོད་དེ་འཕྲལ་མར་འཐབ་ཕྱོགས་དང་པོའི་མང་ཚོགས་ཀྱི་གངས་བབས་ཚད་ཤེས་རྟོགས་དང་།མང་ཚོགས་ཀྱི་རེ་ཞུ་ངང་རྒྱུད་རིང་པོས་ཉན་པ།མང་ཚོགས་ཀྱིས་གླེང་མང་བའི་གནད་དོན་ནན་ཏན་ངང་ཟིན་བྲིས་རྒྱག་པ་བཅས་བྱས་ཏེ་འཐབ་ཕྱོགས་དང་པོའི་གཞི་རིམ་མང་ཚོགས་དང་ཁོང་ཚོའི་ཐོན་སྐྱེད་དང་འཚོ་བ་ཤེས་རྟོགས་བྱས་ནས་གངས་བབས་ཚད་ཅུང་ཚབས་ཆེ་བའི་དུད་ཚང་8ལ་གནོད་འཚེ་འགོག་པའི་གཟན་ཆག་ཁུག་མ་8སྤྲད་པ་དང་། ཆིང་མའེ་སུ་སྒམ་དྲུག་དང་།ཕུའུ་ལུའུ་ཁ་དབྱིན་སྒམ་ལྔ།ཧུང་མའེ་སུ་ལྡེ་གུ18ཆིང་ཏ་མའེ་སུ་སྒམ་གསུམ།ཐུའུ་མའེ་སུ་ཤེལ་དམ་གསུམ་བཅས་ཡོད། ཏང་ཨུད་ཀྱི་ཚན་ཁག་གིས་ཏང་གི་སྲིད་ཇུས་ནི་མི་དམངས་མང་ཚོགས་ཀྱི་ཆེད་དུ་ཡིན་པས་ངེས་པར་དུ་མི་དམངས་མང་ཚོགས་ཀྱིས་སྲིད་ཇུས་ལོངས་སྤྱོད་ཐུབ་པའི་ཁེ་ཕན་འགན་ལེན་བྱ་རྒྱུ་ནི་ང་ཚོའི་ཏང་ཡོན་གྱི་འོས་འགན་ཡིན་ཞེས་ནན་བཤད་བྱས་པ།。
“འབྲོག་པའི་ཁྱིམ་ཚང་”དེ་སྲིད་ཇུས་ལ་དབྱེ་ཞིབ་དང་སྐད་ཆ་བཤད་པའི་“ར་བ་”ཞིག་ཏུ་བསྒྱུར་དགོས།
རྡོ་དམར་ཤང་ལས་ཁུངས་ཀྱི་ལས་བྱེད་པ་དང་།གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གཞི་རིམ་ལས་བྱེད་པ་བཅས་ཀྱིས་མང་ཚོགས་མི་དགའ་བའི་དཔོན་གཏམ་དང་།མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་གཏམ་བཤད།ཡུལ་སྐད་རྣམས་གྲོང་མིའི་གཅིག་སྡུད་དང་ངལ་གསོ་བྱ་ཡུལ་དུ་བསྐྱོད་དེ་ཡུལ་དེ་གའི་ཡུལ་སྐད་སྤྱད་དེ་མང་ཚོགས་ལ་སྲིད་ཇུས་གསལ་པོ་ཤོད་པ་དང་དོགས་གནད་བསལ་ནས་དམངས་འཚོར་ཕན་པ་དང་།དམངས་སེམས་དྲོ་རུ་གཏོང་བ།དམངས་ཀྱི་འདོད་བློར་བསྟུན་པ་བཅས་ཀྱི་ལས་དོན་དེ་མང་ཚོགས་ཀྱི་སེམས་ནང་ཟུག་ཐུབ་པ་བྱས་ཏེ་དམངས་ཕན་སྲིད་ཇུས་སྣ་ཚོགས་རྒྱ་ཆེའི་མང་ཚོགས་ཁྲོད་དུ“སེམས་ལ་ཟུག་ཐུབ་པ་བྱེད་དགོ”དང་།གཞི་རིམ་གྱི་ཆེས་སྔ་ཤོས་སུ་ཏང་གི་ལམ་ཕྱོགས་དང་།བྱེད་ཕྱོགས།སྲིད་ཇུས་བཅས་གསར་ཤོས་མི་སེར་དཀྱུས་མའི་ཁྱིམ་དུ་སྤྱོད་ཐུབ་པ་བྱེད་དགོས།。
“འབྲོག་པ”དེ་སྙིང་གཏམ་ཤོད་པའི་བསམ་པའི་ཐོག་ནས་ཉན་མཁན་གྱི“ཁྱིམ་མི”ཞིག་ཏུ་འགྱུར་བ་བྱེད་དགོས།
སྨན་བཅོས་ཞབས་ཞུའི་སྤུས་ཚད་སྔར་བས་མཐོ་རུ་བཏང་སྟེ་ནད་པར་སྨན་བཅོས་བྱ་རྒྱུར་སྟབས་བདེ་སྐྲུན་ཆེད།མདོ་པ་ཤང་ཏང་ཨུད་དང་སྲིད་གཞུང་གིས་སྔ་རྗེས་སུ་སྨན་དོན་མི་སྣ་ཁག་9གྲོང་ཚོར་གནས་སྡོད་དང་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་ནས་སྨན་བཅོས་བྱས་པར་ནད་པ་དང་དེ་བཞིན་ནང་མིར་དགའ་བསུ་ཆེན་པོ་ཐོབ་ནས་འགྲོ་སྐྱོད་མི་བདེ་བ་དང་ལོ་ན་རྒས་ཀྱང་གཟུགས་པོ་ཞན་པའི་ནད་པར་སྟབས་བདེའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་ཏེ་ཁོང་ཚོར་ཁྱིམ་དུ་ཆེད་ལས་ཀྱི་སྨན་བཅོས་གྲོས་འགོ་ལོངས་སྤྱོད་ཐུབ་པ་བྱས་པ་རེད། ཆུ་ནང་དུ་སྨན་བཅོས་མི་སྣས་འཁྱེར་སོང་།ཉན་བརྟག་ཡོ་བྱད་དང་།ཁྲག་གནོན་དཔྱད་ཆས།ཁྲག་ཧྭགས་དཔྱད་ཆས་སོགས་ཆེད་ལས་སྨན་བཅོས་སྒྲིག་ཆས་དང་།ནད་པར་ཕྱོགས་ཡོངས་ནས་བདེ་ཐང་བརྟག་དཔྱད་།。གཞན་ཡང་སྨན་དོན་མི་སྣས་ད་དུང་ནད་པའི་ནད་གཞིར་དམིགས་ཏེ་ལུགས་མཐུན་གྱི་སྨན་བཅོས་གྲོས་འགོ་དང་སྨན་བསྟེན་མཛུབ་ཁྲིད་བྱས་པ་དང་།དེའི་རིང་སྨན་རིན་མི་དགོས་པར་ཆམ་པའི་སྨན་དང་།གཉན་འཇོམས་སྨན།གྲོད་པ་བཤལ་བའི་སྨན་སོགས་རྒྱུན་གཏན་གྱི་སྨན་སྣ་ཚོགས་130ལྷག་ཙམ་སྤྲད་པ་དང་། བོད་སྨན་ཁུག་མ་20ལྷག་ཙམ་དང་མི་230ལྷག་ཙམ་ལ་སྨན་བཅོས་བྱས་པ་དང་ནད་པ་ཚོས་ཐབས་ཤེས་དེ་འདྲས་ང་ཚོར་སྙིང་ཉེ་བའི་ཞབས་ཞུ་ཚོར་བྱུང་ལ་ང་ཚོའི་དཀའ་ངལ་དངོས་ཀྱང་ཐག་གཅོད་ཐུབ་སོང་།ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།。གཞི་རིམ་དུ་བསྐྱོད་ན་ད་གཟོད་སེམས་ལ་མི་སེར་དྲན་ཐུབ། རྡོ་དམར་ཤང་ཏང་ཨུད་དང་སྲིད་གཞུང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏང་ཡོན་གྱི“གཉིས་ལྡན་འབྱོར་ཐོ་འགོད་པའི”ལས་དོན་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་གཙོ་དོན་ཕྱོགས་སུ་མི་ཕྱོགས་པ་དང་།ཕན་འབྲས་མི་ཐོན་པ།བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་ཏན་ཏིག་བཅས་བྱ་རྒྱུ་རེད།。