སྒྲོག་འགྲེལ་བྱེད་རིང་བསོད་ནམས་ནོར་བུས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་བོར་བྱས་ཏེ“རྒྱལ་ཁབ་ཀྱི་འདུ་ཤེས་དང་།སྤྱི་དམངས་ཀྱི་འདུ་ཤེས།ཁྲིམས་སྐྱོང་གི་འདུ་ཤེས”བཅས་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད།མི་རིགས་ཆོས་ལུགས་ཀྱི་མཛད་ཕྱོགས་སྲིད་ཇུས་སོགས་ནང་དོན་གལ་ཆེན་ལ་དམ་པོར་དམིགས་པ་དང་།གོ་བདེ་ཤེས་སླའི་སྐད་ཆ་དང་དེ་བཞིན་ཕུན་སུམ་ཚོགས་པའི་དཔེ་མཚོན་སྤྱད་དེ་མི་རིགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཁོང་དུ་འཕྱུགས་མེད་ཆུད་པ་དང་།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ཀྱི་ནང་དོན་ཟབ་མོ་ཁོང་དུ་འཕྱུགས་མེད་ཆུད་པ་བྱེད་པ།“ངོས་འཛིན་ལྔ”ཟབ་ཏུ་གཏོང་བ།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞི་འཛུགས་སྐྱོང་གཏིང་ཟབ་ཀྱི་ཕྱོགས་སུ་ཟམ་མི་ཆད་པར་ཁྲིད་སྟོན་བྱེད་པ།“འདུ་ཤེས་གསུམ”བརྟན་པོ་འཛུགས་པ།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞི་འཛུགས་སྐྱོང་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ་སོགས་ཐད་སྒྲོག་འགྲེལ་བཅས་བྱས་ཤིང་།“དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་གསུམ”གྱི་སློབ་གསོ་གཏིང་ཟབ་བརྒྱབ་ཡོད།
ངས་བལྟས་ན།
ངས་བལྟས་ན།
སྒྲོག་འགྲེལ་ཚོགས་འདུའི་ཐོག་བླང་བྱ་བཏོན་དོན།དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་མི་སྣས་སློབ་སྦྱོང་གཏིང་ཟབ་དང་དྲིལ་བསྒྲགས་ལ་དམ་འཛིན་ཡག་པོ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་།“འདུ་ཤེས་གསུམ”གྱི་ནང་དོན་བརྟན་དུ་གཏོང་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་སོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་ལག་བསྟར་དང་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པ་བྱེད་དགོས།སྒྲོག་འགྲེལ་གཏིང་ཟབ་བྱས་ཏེ་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་མཉམ་དུ་སྐོར་ཞིབ་དང་ཤུགས་སྣོན་བརྒྱབ་ནས་དམིགས་བྱ་ཅན་དང་།མང་ཚོགས་ཁག་བགོས་ཅན།མཉམ་འགུལ་ཅན་བཅས་ཀྱི་སྒྲོག་འགྲེལ་བྱས་ཏེ་རུ་ཐོག་རྫོང་གི་ཆོས་ལུགས་ཁྱབ་ཁོངས་སུ་རྣམ་པ་བཟང་པོ་ཞིག་གཏོད་དགོས།རྒྱ་ཆེའི་དད་ལྡན་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་རྒྱ་ཁྱབ་བྱེད་པ་དང་ཁྲིད་སྟོན་བྱས་ཏེ་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་འདུ་ཤེས་ལག་ལེན་བསྟར་བ་དང་།མི་དམངས་མང་ཚོགས་ཀྱིས་བློ་གཅིག་སེམས་གཅིག་ངང་ཁྲིམས་སྐྱོང་འདུ་ཤེས་འཛུགས་པ
ངས་བལྟས་ན།
ངས་བལྟས་ན།
ངས་བལྟས་ན།
ད་ཐེངས་ཀྱི་སྒྲོག་འགྲེལ་བྱས་པ་བརྒྱུད་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དགེ་འདུན་པས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང“རྒྱལ་ཁབ་ཀྱི་འདུ་ཤེས་དང་།སྤྱི་དམངས་ཀྱི་འདུ་ཤེས།ཁྲིམས་སྐྱོང་གི་འདུ་ཤེས”བརྟན་པོ་འཛུགས་རྒྱུར་གོ་བ་སྔར་བས་གཏིང་ཟབ་བླངས་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་ངོས་འཛིན་སྔར་བས་གཏིང་ཟབ་བྱུང་སྟེ་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དགོན་སྡེའི་དགེ་འདུན་པས་ཏང་གི་བཀའ་ལ་ཉན་པ་དང་།ཏང་གི་བཀའ་དྲིན་ཚོར་བ།ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད།
ངས་བལྟས་ན།
ངས་བལྟས་ན།