རི་ཐུ་རིག་ལྡན་རིག་གནས་ཡུལ་སྐོར་ཞབས་ཞུའི་སྤྲིན་སྟེགས་
ཚན་རྩལ་གྱིས་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད
དུས་ཚོད།: 2023-12-15
ཁྱབ་བསྒྲགས་བྱེད་མཁན་སྡེ་ཚན།: 网信日土

“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་མངའ་རིས་ས་ཁུལ་ཚན་རྩལ་ཅུས་ཀྱིས“རྩྭ་འཛུགས་ལས་གཏོད་དང་རྩྭ་ལས་སྔོན་ལ་སྒྲུབ་པའི”རྩྭ་ལས་ཚན་རྩལ་གསར་གཏོད་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་།སྔ་རྗེས་སུ་རྩྭ་ཐང་ལས་རིགས་ཀྱི་ཚན་རྩལ་འཆར་འགོད་རྣམ་གྲངས་25བརྩོན་ལེན་དང་ལག་བསྟར་བྱས་པར་མ་དངུལ་སྒོར་ཁྲི་2100ལྷག་ཙམ་བཏང་ཡོད། སྤུས་ལེགས་ཕྱུགས་རྩྭའི་སྣ་ཁ་གསར་པ་ནང་འདྲེན་དང་ས་གནས་དེ་གའི་ཕྱུགས་རྩྭའི་གསོ་སྤེལ་ཁྱབ་གདལ་སོགས་ལ་གཙོ་གནད་ཐོག་དམིགས་ནས་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ས་ཁུལ་དང་།རོང་ས་ཁུལ།སྒྲིག་བཀོད་དྲོད་ཁང་བཅས་ཀྱི་ཕྱུགས་རྩྭའི་ཐོན་མཐོའི་འདེབས་གསོའི་ལག་རྩལ་དཔེ་སྟོན་ལས་དོན་སྤེལ་བ་དང་།སྔོ་ལྗང་རྩྭ་འདེབས་སོགས་སྤུས་ལེགས་ཕྱུགས་རྩྭའི་སྣ་ཁ་གསར་པ་5ནང་འདྲེན་བྱས་པ།ཡུག་རེན་གྱི་རྩྭ་འདེབས་རྒྱུ་སོགས་ས་གནས་དེ་གའི་ཕྱུགས་རྩྭའི་སྣ་ཁ་3བདམས་ནས་རིམ་རྩིས་བྱས་ན་དཔེ་སྟོན་ཁྱབ་གདལ་གཏོང་ཁྱོན་མུའུ་15000ལྷག་ཙམ་ཟིན་ཡོད་པ་རེད།

རྩྭ་ལས་འཕེལ་རྒྱས་གཏོང་དགོས་ན།ཚན་རྩལ་གྱི་དགོས་མཁོ་དང་བསྟུན་དགོས་ལ།ཤེས་ལྡན་མི་སྣ་ནི་འགན་སྲུང་ཡིན། མངའ་རིས་ས་ཁུལ་ཚན་རྩལ་ཅུས་ཀྱིས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སོའོ་དང་།བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་།ཀྲུང་གོ་ཚན་རིག་ཁང་ལྷ་ས་ཞིང་ལས་སྣོད་བཅུད་ཚོད་ལྟའི་ས་ཚིགས་སོགས་ལྗོངས་ཕྱི་ནང་གི་ཚན་ཞིབ་སློབ་གླིང་དང་མཉམ་དུ་བཙུགས་པ་བརྒྱུད།

བོད་ལྗོངས་མངའ་རིས་ཀྱི་རྩྭ་རིགས་རྩི་ཤིང་གི་ཐོན་ཁུངས་ལ་ཞིབ་བཤེར་ཞིབ་ཕྲ་དང་གྲངས་གཞིའི་མཛོད་སྐྲུན་པའི》རྣམ་གྲངས་ལག་ལེན་བསྟར་བ་བརྒྱུད་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་རིགས་གཅིག་མཁས་ཅན་ཚོགས་པས་མངའ་རིས་ས་ཁུལ་གྱི་རྫོང་ཁོངས་7གྱི་སྔོ་ཁེབས་དང་རྩི་ཤིང་གི་ཐོན་ཁུངས་ཁྱབ་ཚུལ་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་བརྟག་དཔྱད་བྱས་པ་བརྒྱུད་མངའ་རིས་ས་ཁུལ་གྱི་བདག་སྐྱོང་རྩི་ཤིང་གི་ཚན་ཁག་84ཡི་སྣ་ཁ་994ཤེས་རྟོགས་ཐུབ་ནས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རྩྭ་སོན་ཐོན་ཁུངས་གསར་སྤེལ་བྱ་རྒྱུར་རྨང་གཞི་བཏིང་བ་དང་། 《མི་ཐབས་ལ་བརྟེན་ནས་རྩྭ་སའི་ཆུ་གྲོན་ཆུང་གིས་ཞིང་ཆུ་འདྲེན་པའི་ལག་རྩལ་ཞིབ་འཇུག་དང་དཔེ་སྟོན》རྣམ་གྲངས་ལག་ལེན་བསྟར་བ་བརྒྱུད་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་ཚོགས་པ་དང་མཉམ་འབྲེལ་ཐོག་ལྟེ་བའི་མདའ་སྐྱོར་རྣམ་པ་དང་།སྙོམས་སྤོ།གཏན་འཇགས་རྣམ་པ་བཅས་ཀྱི་མི་ཐབས་ལ་བརྟེན་པའི་རྩྭ་ཐང་གསུམ་གྱི་ཞིང་ཆུ་འདྲེན་གཏོང་མ་ལག་གསར་སྤེལ་བྱས་པ་དང་། 《མི་ཐབས་ལ་བརྟེན་ནས་ན་ཁ་ཕན་འབྲས་ཆེ་བའི་ངང་འཛུགས་པའི་འགག་རྩའི་ལག་རྩལ་ཞིབ་འཇུག་དང་དཔེ་སྟོན》རྣམ་གྲངས་ལག་ལེན་བསྟར་ནས་ཀྲུང་གོ་ཚན་རིག་ཁང་གི་ལྷ་སའི་ཞིང་ལས་སྣོད་བཅུད་ཚོད་ལྟའི་ས་ཚིགས་དང་མངའ་རིས་ས་ཁུལ་ཞིང་འབྲོག་ཚན་ཞིབ་དང་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་ཚོགས་པའི་མཉམ་འབྲེལ་ཐོག་གཟན་རྩྭའི་སྣ་ཁ་36ནང་འདྲེན་བྱས་ཏེ་ཡུ་གུ་དང་། ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་ཚོགས་པས་ནུས་ཆེའི་ཕྱུགས་རྩྭ་འདེབས་འཛུགས་ཞིབ་འཇུག་བྱས་པ་བརྒྱུད། དེ་དང་ཆབས་ཅིག་འབུ་སུ་ཧང་གི་སོན་གསར་10ནང་འདྲེན་བྱས་ནས་སྙེ་མ་ཆགས་སྐབས་ཁྱི་རྔ་རྩྭ་སྣ་ཁ་གསར་པ་5ནང་འདྲེན་བྱས་པ་དང་མུའུ་80ལྷག་ཙམ་གྱི་ཚོད་ལྟའི་སྒོ་ནས་སྐྱེ་ཚུལ་ཡག་པོ་ཡོད་པ་དང་། ཡུལ་སྐོར་བྱ་ཡུལ་ལེགས་གཏོང་དང་།ཞིབ་རྨོ་ཞིབ་འདེབས།ཆུ་ལུད་གཞི་གཅིག་ཅན་ཚོད་འཛིན།ནད་འབུའི་གནོད་འཚེ་འགོག་བཅོས་སོགས་ཀྱི་བྱེད་ཐབས་བརྒྱུད་མཚོ་སྔོན་གྱི་444ཕྱུགས་རྩྭ་མུའུ་རེའི་ཆ་སྙོམས་རྩྭ་སོས་པ་རྒྱ་མ་5000ལྷག་ཙམ་ཐོན་ནས་སྲོལ་རྒྱུན་གྱི་འདེབས་འཛུགས་བྱེད་སྟངས་ལས་རྒྱ་མ་1000ལྷག་ཙམ་ཐོན་འཕར་བྱུང་བ་དང་། སྒྲིག་བཀོད་དྲོད་ཁང་ཆེ་མོའི་ལོ་མ་ཟ་བའི་རྩྭ་འདེབས་པའི་ཚོད་ལྟ་བྱས་པ་བརྒྱུད།དྲོད་ཁང་ནང་གི་རྩྭ་འདེབས་པར་ལོ་ལྟར་བརྔ་བསྡུ་ཐེངས་4བྱེད་ཐུབ་ཀྱི་ཡོད་པ་དང་།མུའུ་རེའི་ཐོན་འབབ་རྒྱ་མ་6000ལྷག་ཙམ་ཟིན་གྱི་ཡོད

གཞན་ཡང་མངའ་རིས་ས་ཁུལ་ཚན་རྩལ་ཅུས་ཀྱིས་ད་དུང“ཚན་ཞིབ་ཚན་པ་དང་།ཞིང་པའི་ཆེད་ལས་མཉམ་ལས་ཁང་།རྟེན་གཞི།ལག་རྩལ་རྐང་འཛིན་པ།ཞིང་འབྲོག་པ”བཅས་ཟུང་དུ་འབྲེལ་བའི་རྩ་འཛུགས་ཀྱི་དོ་དམ་བྱེད་སྟངས་ལ་བརྟེན་ནས་རྣམ་གྲངས་ཁུལ་གྱི་མཉམ་ལས་ཁང་གི་འཕྲུལ་ཆས་བོགས་གཏོང་དང་ཞིང་འབྲོག་པ་རྣམ་གྲངས་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ཁྲིད་བྱས་པ་དང་།བཟོ་ལས་ལ་བརྟེན་ནས་སློབ་སྦྱོང་དང་སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་བཏང་བ།ཞུགས་མཁན་གཙོ་བོ་ཁག་གིས་ཧུར་ཐག་བྱ་རྒྱུར་སྐུལ་འདེད་བཏང་སྟེ་འདེབས་འཛུགས་ལག་རྩལ་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་པས་གཟན་རྩྭའི་ཐོན་ལས་དེ་ཡོང་འབབ་ཀྱི་ཐབས་ལམ་གཙོ་བོར་གྱུར་ནས་ཚན་རྩལ་གྲུབ་འབྲས་ལ་ཕན་འབྲས་ཐོན་ཡོད།

 

གོམ་སྟབས་རྗེས་མར་མངའ་རིས་ས་ཁུལ་གྱི་རྩྭའི་ལས་རིགས་ཀྱི་ཚན་རྩལ་གསར་གཏོད་ཀྱིས་ཕྱོགས་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས་ཐོན་ལས་འཕེལ་རྒྱས་ཀྱི་ལག་རྩལ་དཀའ་གནད་སེལ་བ་དང་།ཚན་རྩལ་གསར་གཏོད་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ།ཚན་རྩལ་མ་འཇོག་གི་ཕན་འབྲས་ཆེ་རུ་གཏོང་བ།ཚན་རྩལ་གྲུབ་འབྲས་མགྱོགས་མྱུར་གཞན་སྒྱུར་བྱེད་མགྱོགས་སུ་གཏོང་བ།ཞིང་འབྲོག་ལས་འཕེལ་རྒྱས་ཁྲོད་ཀྱི་ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་བཅས་བྱ་རྒྱུ་རེད།


དཔྱད་ཡིག་རི་མོ་ཚོགས་
PHOTO COLLECTIONS
དཔྱད་ཡིག་ཆ་འཕྲིན་བརྙན་ལམ་
VIDEO COLLECTIONS