རི་ཐུ་རིག་ལྡན་རིག་གནས་ཡུལ་སྐོར་ཞབས་ཞུའི་སྤྲིན་སྟེགས་
རུ་ཐོག་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་
དུས་ཚོད།: 2024-08-06
ཁྱབ་བསྒྲགས་བྱེད་མཁན་སྡེ་ཚན།: དྲ་འཕྲིན་རི་ཐོག

བྱེད་སྒོ་སྤེལ་ཡུལ་དུ་དང་བླངས་པས་གོ་བདེ་ཤེས་སླའི་སྐད་ཆ་དང་ལྟ་འདོད་ཉན་སྤྲོའི་བྱེད་ཐབས་ལ་བརྟེན་ནས་མང་ཚོགས་ལ་གོམས་སྲོལ་བསྒྱུར་རྒྱུ་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་འགྲེལ་བཤད་རྒྱག་པ་དང་།མིག་སྔའི་ཞིང་འབྲོག་མང་ཚོགས་ཁྲོད་དུ་གནས་པའི་བརྩེ་སེམས་བསྡུར་རེས་དང་།སྒེར་གྱིས་འཛུགས་སྐྲུན་བྱེད་པ།པུར་འཇུག་མཐུག་པོ་བྱེད་པ་སོགས་ཀྱི་གོམས་སྲོལ་ངན་པ་དང་དེ་ལས་བྱུང་བའི་གནོད་འཚེ་ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་བྱེད་པ།ཆུང་ངུར་བརྟེན་ནས་གནས་ལུགས་ཆེན་པོ་འདྲེན་པ།མང་ཚོགས་ཀྱིས་གོམས་སྲོལ་ངན་པ་དང་སྤྱི་ཚོགས་ཀྱི་དར་སྲོལ་ངན་པ་སེལ་བ།ཚན་རིག་དང་མཐུན་ཞིང་ཡ་རབས་ཚུལ་ལྡན་གྱི་འཚོ་བའི་འདུ་ཤེས་འཛུགས་པ།མང་ཚོགས་ལ་ཡང་དག་པའི་རིན་ཐང་ལྟ་བ་འཛུགས་པར་ཁྲིད་སྟོན་བྱེད་པ།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱེད་པ།བསམ་པའི་དཔལ་ཡོན་འཛུགས་སྤེལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ།གོམས་སྲོལ་སྒྱུར་བའི་སྣེ་ཁྲིད་པར་བརྩོན་ལེན་བཅས་བྱས་ཏེ་ཡ་རབས་ལ་དང་དོད་དང་དར་སྲོལ་གསར་པ་འཛུགས་པའི་གྲོང་མི་བརྩོན་ལེན་བྱེད་དགོས།

ངས་བལྟས་ན།

བྱེད་སྒོ་སྤེལ་རིང་དང་བླངས་པས་ད་དུང་དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་དུས་རབས་ཀྱི་དར་སྲོལ་གསར་པ་དར་སྤེལ་དང་གོམས་སྲོལ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོའི་ངོ་གདོང་དང་།ལག་ཕྱིས།པང་ཡོལ།དཔེ་ཁུག་སོགས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བར་མཁོ་བའི་དངོས་རྫས་བརྒྱུད་གོམས་སྲོལ་བསྒྱུར་རྒྱུའི་དྲིལ་བསྒྲགས་ཁྲིད་སྟོན་རྒྱ་ཁྱབ་ངང་བྱ་རྒྱུ་རེད།གོམ་སྟབས་རྗེས་མར་རུ་ཐོག་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་གོམས་སྲོལ་བསྒྱུར་རྒྱུ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་མུ་མཐུད་སྤེལ་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ་ཤེས་དཔལ་བདེ་ཐང་གི་འཚོ་བའི་འདུ་ཤེས་འཛུགས་རྒྱུ་རེད།


དཔྱད་ཡིག་རི་མོ་ཚོགས་
PHOTO COLLECTIONS
དཔྱད་ཡིག་ཆ་འཕྲིན་བརྙན་ལམ་
VIDEO COLLECTIONS