རི་ཐུ་རིག་ལྡན་རིག་གནས་ཡུལ་སྐོར་ཞབས་ཞུའི་སྤྲིན་སྟེགས་
རུ་ཐོག་རྫོང་སྤྱི་བདེ་ཅུས་ཉེན་དོན་འགན་སྲུང་ཁང་གིས་ཏ
དུས་ཚོད།: 2024-08-06
ཁྱབ་བསྒྲགས་བྱེད་མཁན་སྡེ་ཚན།: དྲ་འཕྲིན་རི་ཐོག

གྲོས་ཚོགས་ཐོག་བསྟན་དོན།ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱ་རྒྱུ་ནི་མིག་སྔར་སྤྱི་བདེ་ལས་ཁུངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ཞིང་།ཉེན་རྟོག་འགན་སྲུང་སྡེ་ཁག་ཡིན་པའི་ཆ་ནས།ང་ཚོས་རང་འཁྲིའི་ལས་གནས་སུ་རྩ་བ་ཚུགས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་གི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་དགོས་པ་དང་།“ཞབས་ཞུ་ལྟེ་གནས་དང་།ཞབས་ཞུ་དངོས་སྒྲུབ།གཞི་རིམ་ལ་ཞབས་འདེགས་ཞུ་བ་”བཅས་ཀྱི་སྤྱིའི་བླང་བྱར་རྩེ་གཅིག་ཏུ་དམིགས་ཏེ།རྒྱ་ཆེའི་དམངས་(རོགས་)ཉེན་རྟོག་པའི་ཐོབ་སྣང་དང་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་།སྤྱི་བདེའི་དཔུང་སྡེའི་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་བྱེད་ནུས་མུ་མཐུད་ཆེ་རུ་གཏོང་དགོས།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

གྲོས་ཚོགས་ཀྱིས་བླང་བྱ་བཏོན་དོན།ཉེན་རྟོག་འགན་སྲུང་ཁང་གི་དམངས་(གཞོགས་འདེགས་)ཉེན་རྟོག་པ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ།“ཏང་ལ་བློ་དཀར་བ་དང་།མི་དམངས་ལ་ཞབས་འདེགས་ཞུ་བ།ཁྲིམས་བསྟར་དྲང་གཞགསྒྲིག་ཁྲིམས་ནན་སྲུང་”བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར་ཡག་པོ་བྱེད་པ་དང་།“གཏན་ཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ།“འདུ་ཤེས་བཞི་”སྔར་བས་ཆེ་རུ་གཏོང་བ་དང་།“གདེང་ཚོད་བཞི་”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས་”ཐུབ་པ་བཅས་བྱས་ཏེ།ཏང་གི་སྙན་ཞུ་ཉི་ཤུ་པའི་དགོངས་དོན་དེ་སྤྱི་བདེ་ལས་དོན་ཁག་ལེགས་པོ་སྒྲུབ་པའི་སྒུལ་ཤུགས་ཆེན་པོར་ཏན་ཏིག་བསྒྱུར་བ་དང་།ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ།འབད་འབུངས་མདུན་སྐྱོད་བཅས་བྱས་ཏེ།དགེ་མཚན་ལྡན་པའི་འབད་བརྩོན་གྱི་རྣམ་འགྱུར་དང་ཏན་ཏིག་ནུས་ལྡན་གྱི་བྱ་སྤྱོད་ཐོག་ནས་ཏང་དང་མི་དམངས་ཀྱི་རེ་སྒུག་ལ་ལན་བསློག་དགོས།


དཔྱད་ཡིག་རི་མོ་ཚོགས་
PHOTO COLLECTIONS
དཔྱད་ཡིག་ཆ་འཕྲིན་བརྙན་ལམ་
VIDEO COLLECTIONS