བྱེད་སྒོ་སྤེལ་རིང་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་།དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ།ས་གནས་ས་ཐོག་ཏུ་དྲིས་ལན་འདེབས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་གཅིག་སྡུད་ཐོག་དྲིལ་བསྒྲགས་བྱས་པ་དང་།ལས་དོན་མི་སྣས་གོ་བདེ་ཤེས་སླའི་སྐད་ཆ་སྤྱད་དེ་མང་ཚོགས་དང་དེ་བཞིན་ཕྱི་ནས་ཡོང་བའི་ལས་མིར《སྲོལ་ཡིག》འགྲེལ་བཤད་བརྒྱབ་པ་དང་།ལྷག་པར་དུ་ཡིག་བསྐུར་ངོ་བཅར་དང་ཁྲིམས་འཛིན་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་ཡིག་བསྐུར་ངོ་བཅར་གྱི་གནད་དོན་ཐག་གཅོད་ཇི་ལྟར་བྱ་རྒྱུའི་ཐད་འགྲེལ་བཤད་དང་གསལ་བཤད་བྱས་པ་མ་ཟད།མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ“བོད་དུ་འཚམས་འདྲི་བྱེད་སླ་བའི”སྐད་འཕྲིན་སྤྱི་རྟགས་བཤར་འབེབས་དང་དོ་ཁུར་བྱེད་པ་དང་།རེ་ཞུ་ཇི་ལྟར་ཐོ་འགོད་དང་སྐོང་བར་ཁྲིད་སྟོན་ནན་ཏན་བྱེད་པ་སོགས་དྲ་ཐོག་གི་ཞུ་གཏུག་བཀོལ་སྤྱོད་བརྒྱུད་རིམ་ལ་འགྲེལ་བཤད་ནན་ཏན་བརྒྱབ་པ།མང་ཚོགས་ཀྱི“ཁྲིམས་ལྟར་ཡིག་བསྐུར་ངོ་བཅར་དང་།ཡ་རབས་ངང་ཡིག་བསྐུར་ངོ་བཅར་བྱེད་པ།ཚུལ་མཐུན་ངང་ཡིག་བསྐུར་ངོ་བཅར་བྱེད་པ”བཅས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཡོད།
ངས་བལྟས་ན།
ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་བརྒྱུད་མང་ཚོགས་ཀྱིས་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་།དོན་དག་འཕྲད་སྐབས་ཁྲིམས་འཚོལ་བ།གནད་དོན་ཐག་གཅོད་བྱེད་སྐབས་བཅའ་ཁྲིམས་ལ་བརྟེན་པ་བཅས་ཀྱི་བསམ་བློའི་ངོས་འཛིན་མཐོ་རུ་ནུས་ལྡན་བཏང་བ་དང་།ཡིག་བསྐུར་ངོ་བཅར་ལས་དོན་གྱི་སྤུས་ཚད་དང་ལས་ཆོད་རྒྱུན་མཐུད་ངང་ཟབ་ཏུ་བཏང་བས།ཡིག་བསྐུར་ངོ་བཅར་ལས་དོན་ལམ་ལུགས་ཅན་དང་།ཚད་ལྡན་ཅན།ཁྲིམས་སྐྱོང་ཅན་བཅས་སུ་འགྱུར་བར་རྨང་གཞི་བཏིང་བ་དང་།རི་པིན་དང་ཐུར་ཁེའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་འཆམ་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་བསྐྲུན་ཡོད།