རི་ཐུ་རིག་ལྡན་རིག་གནས་ཡུལ་སྐོར་ཞབས་ཞུའི་སྤྲིན་སྟེགས་
མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་མཐོར་བཞད
དུས་ཚོད།: 2024-08-06
ཁྱབ་བསྒྲགས་བྱེད་མཁན་སྡེ་ཚན།: དྲ་འཕྲིན་རི་ཐོག

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ནན་བཤད་གནང་དོན།མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་པ་དང་།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་ཡིན།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

ཉེ་བའི་ལོ་ཤས་རིང་དང་ལྷག་པར་དུ་འདི་ལོ་ཚུན་དུ་རང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་གཙོ་རྐང་དེ་དམ་པོར་བཟུང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་འབད་བརྩོན་བྱས་ཡོད།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

མིག་སྔར།རང་ལྗོངས་སུ་སྔ་རྗེས་སུ་མཉམ་སྡེབ་140དང་མི་སྒེར་189ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་(མི་སྒེར)ཀྱི་མཚན་སྙན་ཐོབ་ཡོད།ལྷ་ས་སོགས་གྲོང་ཁྱེར(ས་ཁུལ)7ཚང་མར“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར(ས་ཁུལ)”གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་།“དུས་རབས་ཀྱི་མིག་དཔེ”སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སློབ་སྦྱོང་བྱས་པ།མི་ཚང་མས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བརྩོན་ལེན་བྱས་པ།གངས་ལྗོངས་ས་མཐོའི་ས་གཞི་ཆེ་མོའི་དར་སྲོལ་ཆགས་ཡོད།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

ཕྱོགས་གཅིག་ཏུ་བསྡུས་པ།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

བློ་གཅིག་སེམས་གཅིག་གིས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་རང་བཞིན་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་དང་།མི་རིགས་ཁག་གིས་མཉམ་སྤྱོད་བྱེད་པའི་ཀྲུང་ཧྭའི་རིག་གནས་ཀྱི་མཚོན་རྟགས་ཤིག་ཡིན་ལ།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་པའི་རིག་གནས་ཀྱི་གཞི་རྒྱུ་དེ་བས་ཀྱང་ཡིན།རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དང་ཁྱབ་གདལ་གཏོང་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

ཉེ་བའི་ལོ་ཤས་རིང་།རང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་འཆམ་པའི”བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དང་།མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱ་རྒྱུ་དེ་གཞི་ཁྱོན་སྔར་བས་ཆེ་བ་དང་།ཁྱབ་ཁོངས་སྔར་བས་ཆེ་བ།གཏིང་ཟབ་པ་བཅས་ཀྱི་ཕྱོགས་སུ་རྒྱ་སྐྱེད་རྒྱུར་སྐུལ་འདེད་གཏོང་བ།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཡོད།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ།མི་རིགས་ཁག་གི་མང་ཚོགས་ཀྱིས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་།ལོ་རྒྱུས་ཀྱི་ལྟ་བ།མི་རིགས་ཀྱི་ལྟ་བ།རིག་གནས་ཀྱི་ལྟ་བ།ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་རྒྱུར་སྐུལ་འདེད་གཏོང་བ།རྒྱལ་ཁབ་ཀྱི་འདུ་ཤེས་དང་།སྤྱི་དམངས་ཀྱི་འདུ་ཤེས།ཁྲིམས་སྐྱོང་གི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་གཏོང་བ་བཅས་བྱས་ཡོད།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

ད་ལོར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཆུ་སྐོར་གྲོང་ཚོའི་བསྟན་འཛིན་མཚོ་མོས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཅི་པོའུ་ཐིའི་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་།བུ་མོས་སློབ་ཆེན་དུ་རྒྱུགས་འཕྲོད་རྗེས།ཁྱིམ་གྱི་མི་ཡུལ་དུ་འབྲེལ་གཏུག་བྱེད་པའི“ཟམ་པར”གྱུར་ཡོད།“ཁོང་གིས་ཁ་པར་ནང་ཕྱིའི་བྱ་བ་བཤད་སྐབས་ང་རང་ཧང་སངས་བྱུང་།ལྷག་པར་དུ་ལྗོངས་ཕྱིར་ལྟ་བར་འགྲོ་འདོད་འདུག”ཅེས་བཤད།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

ཁོ་མོས་བཤད་རྒྱུར།“སློབ་སྦྱོང་བྱས་པ་བརྒྱུད་ནས་ངས་རྒྱ་ཡིག་མང་པོ་ཞིག་ཤེས་པ་མ་ཟད།སྤྱི་སྐད་ཀྱི་ཆུ་ཚད་ཀྱང་ཇེ་མཐོར་སོང་ཡོད།དེ་མིན་ངས་ད་དུང་མེས་རྒྱལ་གྱི་ཡུན་རིང་གི་ལོ་རྒྱུས་དང་མཛེས་སྡུག་ལྡན་པའི་རི་ཆུ་ལ་རྒྱུས་ལོན་མང་པོ་བྱས་ཡོད།མེས་རྒྱལ་ངོ་མ་མཛེས་ལ།ང་ངེས་པར་དུ་ཕྱི་ལ་སོང་ནས་བལྟ་དགོས།”

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་བརྟན་དུ་གཏོང་བ།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

འཕེལ་རྒྱས་གཏོང་རྒྱུ་ནི་རང་རྒྱལ་གྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཕེལ་རྒྱས་གཏོང་རྒྱུ་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་དགོས་པ་དང་།གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་ལྡན་དགོས་པ།དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་ཏུ་སྒྲིལ་བའི་དོན་སྙིང་ལྡན་དགོས་པ་བཅས་ཀྱི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་རྒྱུར་ཕན་པ་ཡོད་དགོས།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

ཉེ་བའི་ལོ་ཤས་རིང་།རང་ལྗོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་དངོས་པོའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད།བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་།ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་འཕྱུགས་མེད་བྱེད་པ།“གསུམ་ལ་ཕན་པ་གཅིག”གི་བླང་བྱ་མཐའ་འཁྱོངས་བྱེད་པ།བོད་ཀྱི་ས་བབ་ཀྱི་ལེགས་ཆ་དང་།སྲིད་ཇུས་ཀྱི་ལེགས་ཆ།རྗེས་ཐོན་ལེགས་ཆ།ཐོན་ཁུངས་ཀྱི་ལེགས་ཆ་བཅས་ལ་ངོས་འཛིན་ཡང་དག་བྱེད་པ།བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པ།དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་མགྱོགས་སུ་གཏོང་བ།ཐུན་མོང་ཐོག་ཕྱུག་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་པ་དང་།ཇེ་མཛེས་སུ་འགྲོ་བ།ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་དར་རྒྱས་གོང་འཕེལ་འགྲོ་བ་བཅས་བྱས་ཡོད།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

བོད་ལྗོངས་ཧྭ་ཐའེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སི་ནི་རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཚོན་ཚུལ་ངོ་མ་ཞིག་ཡིན་ལ་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཚོན་ཚུལ་ཞིག་ཀྱང་རེད།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

ཤེས་རྟོགས་བྱུང་བར་གཞིགས་ན།མིག་སྔར་ཀུང་སི་དེར་དངོས་སུ་ལས་བཟོ་677ཡོད་པའི་ནང་བོད་རིགས་ལས་མི་255ཡོད་པ་དེས་ལས་ཞུགས་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག་ཀུང་སི་དེའི་གདན་འཇོག་སྒྲིག་འཛུགས་ཀུང་སི་གནས་ཡུལ་རྒྱ་མ་ཤང་དེ་ཡོངས་ཀྱི་དུད་ཚང་655ཡི་ཞིང་འབྲོག་མང་ཚོགས་3850ཡིས་མལ་གྲོ་གུང་དཀར་རྫོང་རྒྱ་མ་བཟོ་ཚོང་ཚད་ཡོད་ཀུང་སི་བཙུགས་ནས་གཏེར་རིའི་སྐྱེལ་འདྲེན་དང་།སྔོ་ལྗང་ཁོར་ཡུག་སྲུང་སྐྱོང་།ངལ་ནུས་འགན་གཙང་སོགས་ཀྱི་ལས་སྒོ་ཕྱོགས་ཡོངས་ནས་སྒྲུབ་འགན་འཁུར་ཡོད།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

“མིག་སྔར།ཀུང་སིས་རྒྱ་མ་ཤང་གི་མང་ཚོགས་ལ་ཁེ་སྤོགས་སྒོར་ཁྲི་14དང་སྒོར་ཁྲི་2809བགོ་བཤའ་བརྒྱབ་པ་དང་།ན་ནིང་ཁེ་སྤོགས་སྒོར་ཁྲི་294བགོ་བཤའ་བརྒྱབ་པས།འདི་ལོ་དེ་བས་མཐོ་བ་ཡོང་རྒྱུའི་ཡིད་ཆེས་ཡོད།སྐར་མ་དམར་ཕུད་རྒྱ་མ་ཤང་གི་རླངས་འཁོར་400ལྷག་ཙམ་ཀུང་སིའི་སྐྱེལ་འདྲེན་ལས་སྒོའི་ནང་ཞུགས་ཡོད།དེ་དག་ཚང་མར་ཡོང་འབབ་ཡག་པོ་བྱུང་ཡོད”ཅེས་ཀུང་སི་དེའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ལུའུ་ཕུའུ་དབྱི་ཤིན་གྱིས་བཤད།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མི་ཚང་མས་ཉམས་ལེན་འབད་སྒྲུབ།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

ལོ་རྒྱུས་ཀྱི་འཁོར་ལོ་མདུན་དུ་བསྐྱོད་པ་དང་།དུས་རབས་ཀྱི་རླབས་རྒྱུན་རྔམ་བརྗིད་ལྡན་པ་རེད།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

ཉེ་བའི་ལོ་ཤས་རིང་།རང་ལྗོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་བདག་པོའི་འདུ་ཤེས་འཛུགས་རྒྱུར་སློབ་གསོ་དང་ཁྲིད་སྟོན་ཧུར་ཐག་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ནང་ཞུགས་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་མཉམ་སྡོད་དང་།མཉམ་སྦྱོང་།བྱ་བ་མཉམ་སྒྲུབ།མཉམ་སྐྱིད་བཅས་ཀྱི་ཁྲོད་ནས་མཛའ་གྲོགས་ཟབ་ཏུ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྱབ་སྤེལ་གཏོང་མཁན་དང་།ལག་ལེན་བྱེད་མཁན།སྐུལ་འདེད་གཏོང་མཁན་བཅས་བྱས་ནས་ཉམས་ལེན་འབད་སྒྲུབ་དང་ཡུན་རིང་འབད་བརྩོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་ཅང་ལོ་ཁང་ས་སྡེ་ཁུལ་དུ་ད་ཆ་དུད་ཚང་547དང་མི་གྲངས་1547ཡོད་པའི་ནང་རྒྱུན་སྡོད་མི་འབོར་493དང་མི་གྲངས་1414ཡོད་པ་དང་།ཚོང་དུད་མང་པོ་ཞིག་གིས་དེ་གར་ཚོང་གཉེར་དང་འཚོ་བ་སྐྱེལ་གྱི་ཡོད་པས་བོད་རྒྱ་སྐད་དང་།རྒྱ་རིགས།ཧུའེ་རིགས།མོང་གོལ།ཤར་ཤང་སོགས་མི་རིགས་13གྱི་གྲོང་མི་ཡོད་པའི“ཁྱིམ་ཚང་ཆེ་མོ”ཞིག་རེད།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

ཉེ་བའི་ལོ་ཤས་རིང་།སྡེ་ཁུལ་དེས་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི“སྐུལ་འདེད་བཅུའི་བཅའ་ཁྲིམས”འཚོལ་ཞིབ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་མདུན་གྲལ་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད།འདི་ལོ་སྡེ་ཁུལ་དེའང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་དཔེ་སྟོན་ཚན་པ་ཁག་བཅུ་པར་བདམས་པ་རེད།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།

“གྲུབ་འབྲས་ཐོབ་པ་དེ་ནི་སྡེ་ཁུལ་གྱི་ལས་དོན་པ་དང་སྡེ་ཁུལ་གྱི་མང་ཚོགས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཞིག་རེད”ཅེས་སྡེ་ཁུལ་དེའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་བརྟན་དབྱངས་སྐྱིད་ཀྱིས་བརྗོད་པ་དང་།ཁོང་གིས“ང་ཚོས་མང་ཚོགས་ལ་སྔར་བས་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སེ་འབྲུའི་ས་བོན་བཞིན་དམ་པོར་བསྡམས་ནས‘མི་རིགས་མཐུན་སྒྲིལ་གྱི་མེ་ཏོག’སྔར་བས་བཀྲག་མདངས་འཚེར་བར་བྱས་ཏེ་མང་ཚོགས་ཀྱི་འཚོ་བ་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བ་བྱ་རྒྱུ་ཡིན”ཞེས་བཤད།

ངས་བལྟས་ན།

ངས་བལྟས་ན།

ངས་བལྟས་ན།


དཔྱད་ཡིག་རི་མོ་ཚོགས་
PHOTO COLLECTIONS
དཔྱད་ཡིག་ཆ་འཕྲིན་བརྙན་ལམ་
VIDEO COLLECTIONS