ཚོགས་འདུའི་ཐོག་རྫོང་ཨུད་ཚན་ཁག་གི་ཁོངས་མིས“གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཞིང་འབྲོག་ཁུལ་གྱི་ཏང་རྩ་འཛུགས་ཁྲོད་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས།,“ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ”དང“སྣོད་བཅུད་ཤེས་དཔལ་གྱི་བསམ་བློ་ལག་བསྟར་གཏིང་ཟབ་བྱས་ནས་སྣོད་བཅུད་ཐོན་ལས་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས”སོགས་ཞིབ་འཇུག་བྱ་གཞི་7དང་།བརྟག་ཞིབ་བྱས་འབྲས་སྤེལ་རེས།ཐབས་ཇུས་དང་བྱ་ཐབས་ཞིབ་འཇུག་གཏིང་ཟབ་བཅས་བྱས་ཡོད།。
ཀྲང་སྐྱ་རེངས་ནན་བཤད་,རིམ་ཁག་སྡེ་ཚན་ཁག་གིས་བརྟག་དཔྱད་ཞིབ་འཇུག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་དེའི་ཁྲོད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་སྟངས་འཛིན་ཡང་དག་བྱས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཐོག“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱེད་དགོས།,བསམ་བློ་དང་།ཆབ་སྲིད།བྱ་སྤྱོད་བཅས་ཀྱི་ཐོག་ནས་ཐོག་མཐའ་བར་གསུམ་དུ་ཀྲུའུ་ཞིའི་བློ་མཐུན་སྲོག་ཤིང་དུ་གྱུར་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བ་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱས་འབྲས་དེ་ལག་ལེན་དངོས་ཀྱི་ནང་ནས་མཚོན་པར་བྱ་དགོས།。གནད་དོན་མངོན་གསལ་དོད་ཤོས་དང་དགོས་གཏུགས་ཆེ་ཤོས་ཀྱི་གནད་དོན་དང་མང་ཚོགས་ཀྱི་བསམ་འཆར་མང་བའི་གནད་དོན་ལ་དམིགས་པ་དང་།ལྷག་པར་དུ་མང་ཚོགས་ཀྱི་བློ་ཡིད་མི་ཚིམ་ས་ནས་གནད་དོན་ཤེས་རྟོགས་དང་འགག་རྩ་བཙལ་འཚོལ་འཕྱུགས་མེད་བྱ་རྒྱུར་སྣང་ཆེན་བྱས་ཏེ་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་ཐད་འབད་བརྩོན་བྱེད་དགོས།。ཉེ་དུས་བརྟག་དཔྱད་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་དང་།བཏོན་པའི་བསམ་ཕྱོགས།ཐག་གཅོད་བྱེད་ཐབས་བཅས་ཕྱོགས་བསྡོམས་སྤེལ་རེས་བྱས་ཡོད།,རིགས་པས་ཁུངས་སྐྱེལ་ཡང་ཡང་བྱས་པ་དང་།ཅུང་གནད་སྨིན་འཐུས་ཚང་བྱུང་བའི་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་ཐབས་ཇུས་བཀོད་སྒྲིག་དང་ཞིབ་ཕྲའི་བྱ་ཐབས་སུ་འགྱུར་བ་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ“མཇུག་གི་བྱ་གཞག”ལ་འགྱུར་ལྡོག་ཏན་ཏིག་བཏང་སྟེ་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་ལ་བརྟེན་ནས་ལག་ལེན་ལ་མཛུབ་ཁྲིད་དང་ལས་དོན་ལ་སྐུལ་འདེད་གཏོང་བ་དང་།བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པའི་ལས་འགན་དོན་འཁྱོལ་བྱ་རྒྱུར་སླར་ཡང་བཀོད་སྒྲིག་བྱེད་པ།རུ་ཐོག་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་དེ་བས་མང་བ་ཡོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།。
ཀྲང་སྐྱ་རེངས་ རེ་བ་,གཅིག་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་།བརྟག་དཔྱད་ཞིབ་འཇུག་གི་གལ་ཆེའི་རང་བཞིན་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ།བརྟག་དཔྱད་ཞིབ་འཇུག་གི་“ཕ་ནོར་”འདི་རྒྱུན་འཛིན་དང་དར་སྤེལ་བྱེད་པ།མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པ་མཐའ་འཁྱོངས་བྱེད་པ།མང་ཚོགས་ཀྱི་བསམ་བློ་གཏོང་འདོད་ས་དེ་ང་ཚོའི་ལས་ཀའི་དམིགས་ཚད་དང་དོན་དངོས་ཀྱི་བྱ་སྤྱོད་དུ་བསྒྱུར་བ།དུས་ཐོག་ཏུ་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་དམངས་འཚོའི་བདེ་སྐྱིད་དུ་བསྒྱུར་བ།མང་ཚོགས་ཀྱི་ཐོབ་སེམས་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། 。གཉིས་ནས་སྒྲིག་སྲོལ་དང་ལམ་ལུགས་འཛུགས་རྒྱུ་དམ་འཛིན་ལེགས་པོ་བྱ་དགོས།。བརྟག་དཔྱད་ཞིབ་འཇུག་གི་རྒྱུན་རྣམ་ཡུན་ཕན་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་ས་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་།ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ།བརྟག་དཔྱད་ཞིབ་འཇུག་གི་བྱེད་ཐབས་ནུས་ལྡན་དང་དཔེ་མཚོན་ཉམས་མྱོང་དུས་ཐོག་ཏུ་ཕྱོགས་བསྡོམས་དང་།བརྟག་དཔྱད་ཞིབ་འཇུག་རྒྱུན་རྣམ་ཅན་དུ་འགྱུར་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་རྒྱུན་ལྡན་རང་བཞིན་གྱི་ལས་དོན་ཞིག་ཏུ་འགྱུར་བ་བྱ་དགོས།。གསུམ་ནི་གོང་གིས་འོག་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱ་དགོས། ཚན་པའི་ཁོངས་མིས་རང་དཔེ་གཞན་སྟོན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པའི་ཁྲོད་མུ་མཐུད་མིག་དཔེ་དང་དཔེ་སྟོན་བྱེད་པ་དང་།གཞི་རིམ་དུ་ཟབ་ཞུགས་དང་མང་ཚོགས་ཁྲོད་དུ་ཟབ་ཞུགས་བྱས་ཏེ་སྐད་ཆ་དྲང་པོ་ཉན་པ་དང་།གནས་ཚུལ་དངོས་ལ་བརྟག་དཔྱད།གནས་ཚུལ་གསར་པ་གནད་འཁེལ་ཁོང་དུ་ཆུད་པ།གནད་དོན་གསར་པ་དུས་ཐོག་ཏུ་རྙེད་པ།ཞིབ་འཇུག་བྱ་གཞི་གསར་པར་ལན་འདེབས་ཏན་ཏིག་བཅས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད།。བཞི་ནས་གྲུབ་འབྲས་གཞན་སྒྱུར་གཏིང་ཟབ་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་གི“མཇུག་གི་བྱ་གཞག”ཡག་པོ་སྤེལ་ནས་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་བརྟག་ཞིབ་བྱེད་རིང་ཆགས་པའི་བསམ་ཕྱོགས་བཟང་པོ་དང་།ཐབས་ཇུས་ཡག་པོ་དེ་དཀའ་གནད་སེལ་བ།ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཞིབ་ཕྲའི་བྱ་ཐབས་སུ་བསྒྱུར་ནས་རི་ཐོག་རྫོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས།。ལྔ་ནི་ལས་ཀ་དོན་འཁྱོལ་བྱེད་པར་དོ་སྣང་བྱ་དགོས། བརྟག་དཔྱད་ཞིབ་འཇུག་གི་གནད་དོན་ཐད་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་འགྲིལ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་བྱེད་སྟངས་དང་བྱ་ཐབས་ལ་སྣང་ཆེན་བྱེད་དགོས་ལ་བརྟག་དཔྱད་ཞིབ་འཇུག་ཁྲོད་ཀྱི་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་ཡང་མཐོང་ཆེན་བྱས་ཏེ་དངོས་ཐོག་བདེན་འཚོལ་གྱིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས།。