རི་ཐུ་རིག་ལྡན་རིག་གནས་ཡུལ་སྐོར་ཞབས་ཞུའི་སྤྲིན་སྟེགས་
“བརྗོད་དོན་གཙོ་བོའི་སློབ་གསོས”དཀའ་གནད་ཆེན་པོ་བཞི”ས
དུས་ཚོད།: 2023-12-15
ཁྱབ་བསྒྲགས་བྱེད་མཁན་སྡེ་ཚན།: 网信日土

ཤེས་ལྡན་པ་འཚར་ལོངས་དཀའ་བའི་དཀའ་གནད་སེལ་བ་དང་ཕྱོགས་མང་ཤེས་ལྡན་མི་སྣ་གསོ་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས།

༄༅།།ཤེས་ལྡན་མི་སྣ་འཚར་ལོངས་དལ་པོའི་གནད་དོན་ལ་དམིགས་དགོསམངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་གི་“ཐོག་མའི་སྒུལ་ཤུགས”སུ་བརྩིས་པ།ཤེས་ལྡན་མི་སྣའི་བྱང་ཚད་དང་འཇོན་ནུས་ཆེར་གཏོང་གི་ལས་གཞི་ལག་བསྟར་ཤུགས་ཆེན་བྱས་ཏེ།ཤེས་ལྡན་མི་སྣའི་ཆབ་སྲིད་གཞུང་ལུགས་ཀྱི་བྱང་ཚད་ཇེ་མཐོར་གཏོང་བ་རྒྱུན་འཁྱོངས་བྱ་དགོས།ཤེས་ལྡན་མི་སྣའི་ཆེད་ལས་ནུས་པའི་ཐད་ཞིབ་ཚད་གླེང་བ།,ཤེས་ལྡན་མི་སྣའི་ཕྱོགས་བསྡུས་བྱང་ཚད་ཐད་ཀྱི་རྒྱ་བསྐྱེད་ཚད་.ཕྱོགས་མང་ཤེས་ལྡན་མི་སྣ་གསོ་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས།…ལྟར་ དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ།ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཆེད་དོན་འཛིན་གྲྭ་གཉེར་བ་དང་།དཔེ་ཀློག་འཛིན་གྲྭ་གཉེར་བ།རིགས་པའི་གཞུང་ལུགས་ལྟེ་བའི་ཚོ་ཆུང་སློབ་སྦྱོང་བྱེད་པ།གསར་བརྗེའི་སློབ་གསོའི་ལས་ཡུལ་དངོས་ཀྱི་སློབ་ཁྲིད་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན།ཏང་སྲིད་ཀྱི་ཤེས་ལྡན་མི་སྣའི་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་རྒྱུ་སོགས་ཀྱི་གསོ་སྦྱོང་དུས་ཐེངས་115ཡི་མི་ཐེངས་6509གསོ་སྦྱོང་བྱས་པ།ཆེད་ལས་ཀྱི་ནུས་པ་ཆེ་རུ་བཏང་ནས་ལས་རིགས་མི་འདྲ་བའི་ཆེད་ལས་ལག་རྩལ་མི་སྣ་15ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དུ་ལག་ལེན་ནང་སྦྱོང་བརྡར་བྱེད་པར་མངགས་པ།གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སོགས་ཁྱབ་ཁོངས་ལ་དམིགས་ནས་རིགས་ཁག་གི་ཆེད་ལས་ལག་རྩལ་གསོ་སྦྱོང་དང་།ལས་རིགས་རྩལ་ནུས་གསོ་སྦྱོང་།ཆེད་དོན་འཛིན་གྲྭ་200ལྷག་ཙམ་ལ་གསོ་སྦྱོང་མི་ཐེངས་ཁྲི་1.5ལྷག་ཙམ་བྱས་པ།ཞིང་འབྲོག་རིགས་གཅིག་མཁས་ཅན་མངགས་ནས་ཚན་རྩལ་གཤམ་སྐྱོད་བྱེད་པ་དང་ཞིང་ནང་དང་མུ་ཁར་གནས་སྡོད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་གྲོང་གསེབ་ཀྱི་དངོས་སྤྱོད་ཤེས་ལྡན་པ་དང་།ཞིང་འབྲོག་ལས་ཀྱི་ལག་རྩལ་མི་སྣ།སྲོག་ཆགས་ཀྱི་ནད་ཡམས་ཞིབ་བཤེར་མི་སྣ་བཅས་མི་ཐེངས་1528ལ་མཛུབ་ཁྲིད་བྱས་པ།ཕྱོགས་བསྡུས་བྱང་ཚད་རྒྱ་ཆེར་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས“མངའ་རིས་ཀྱི་འཆད་ཁྲིད་ཆེ་མོ”གཉེར་སྐབས་སྦྱོང་བརྡར་སྤྲས་པའི་མི་ཐེངས་3096ཟིན་པ།ཧོ་པེ་དང་ཧྲའན་ཤིས་སུ་གྲོང་གསེབ་དར་རྒྱས་དང་དཔལ་འབྱོར་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་སོགས་བརྗོད་བྱ་གཙོ་བོའི་གསོ་སྦྱོང་ཐེངས་9བྱས་ནས་མི་ཐེངས་375ལ་གསོ་སྦྱོང་བྱས་པ། བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣས་ས་གནས་དེ་གའི་སྨན་བཅོས་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣ་92ལ་ཆ་སྒྲིག་རོགས་སྐྱོར་བྱས་པ།རིག་གཞུང་ཚན་ཁག་གི་རྐང་འཛིན་ཤེས་ལྡན་མི་སྣ་47གསོ་སྐྱོང་བྱས་ཡོད། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་ཤེས་ལྡན་མི་སྣ་42དང་ཞིང་ལས་གཉེར་སྐྱོང་པ་55གསོ་སྐྱོང་བྱས་ནས་ད་ཡོད་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་གང་འགབ་ཅི་སྤྱོད་ནུས་ལྡན་བྱས་པ་རེད།

 

ཤེས་ལྡན་པ་ནང་འདྲེན་བྱེད་དཀའ་བའི་དཀའ་གནད་སེལ་བ་དང་ཐབས་ལམ་མང་པོའི་ཐོག་ནས་ཤེས་ལྡན་པ་གཅིག་སྡུད་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་དགོས།

ཤེས་ལྡན་པ་ནང་འདྲེན་དཀའ་བའི་གནད་དོན་ལ་དམིགས་ཏེ་མངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཤེས་ལྡན་པ་ནང་འདྲེན་བྱ་རྒྱུ་དེ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི“འགྱུར་སྐུལ་རྫས”ལ་བརྩིས་ནས་ས་ཨུད་ཀྱི་འགོ་ཁྲིད་གཙོ་བོས་དངོས་སུ་འགོ་ཁྲིད་དང་ཕྱོགས་གཅིག་ནས་སྐུལ་འདེད་བཏང་བ་དང་།གཏོར་འཛུགས་མཉམ་འཛིན་དང་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་མཐའ་འཁྱོངས།ཤེས་ལྡན་པ་ནང་འདྲེན་གྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བ།ཤེས་ལྡན་པ་ནང་འདྲེན་གྱི་བྱ་ཐབས་ལེགས་སུ་གཏོང་བ་བཅས་བྱས་ནས་སྐྱེ་ཁུངས་འདིའི་ཤེས་ལྡན་པ་བསྡུ་ལེན་དང་།ཤེས་ལྡན་པ་དཀོན་པོ་ནང་འདྲེན།རིམ་པ་མཐོ་བའི་ཤེས་ལྡན་པ་ནང་འདྲེན་ཧུར་ཐག་བྱེད་པའི་ཐབས་ལམ་སྣ་མང་གི་ཡོད།རྨང་གཞིའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འཆར་གཞི་ཡོད་པའི་སྒོ་ནས་བྱ་གཞག་ཚན་པའི་ལས་དོན་མི་སྣ་119དང་དགེ་རྒན་139གདན་ཞུ་བྱས་པ་དང་།ཆེད་མངགས་བོད་དུ་བཅའ་སྡོད་དཔུང་སྡེའི་དམག་ཞབས་ཐིམས་པའི་དམག་མི་76དང་།བོད་ནས་མིན་པའི་སློབ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་87ནུབ་རྒྱུད་འཆར་གཞིའི་དང་བླངས་པ་4བཅས་བསྡུས་པ།གཞུང་ལས་པ་6ཡོངས་བསྒྲགས་ངང་རྒྱུགས་བསྡུས་པ།རྨང་གཞིའི་ཤེས་ལྡན་མི་སྣ་ནུས་ལྡན་ངང་ཁ་གསབ་བྱས་པ།ཤེས་ལྡན་མི་སྣ་ཚུར་ལོག་པའི་ཐབས་ལམ་ཤར་བགྲོད་ཐུབ་པ་བྱས་ནས་ཕ་ཡུལ་མངའ་རིས་ནས་ཡིན་པའི་ཤེས་ལྡན་མི་སྣ་76ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུའི་ཡིད་དབང་བཀུག་ ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ནས་སྨན་བཅོས་འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣ་9རྒྱུགས་སྤྲད་དེ་གདན་ཞུ་བྱས་པ་དང་ཕྱོགས་མང་པོ་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུ་ཡིན་པ།ཤེས་ལྡན་མི་སྣ་ནང་འདྲེན་གྱི་ཐབས་ལམ་རྒྱ་ཆེར་བཏང་ནས“དཔལ་འབྱོར་དང་།ཁྲིམས་ལུགས།རང་བྱུང་ཚན་རིགབཟོ་ལས།ཞིང་ལས།སྨན་བཅོས”སོགས་ཁྱབ་ཁོངས་སུ་འཕྲལ་མཁོ་ཆེ་ལ་དཀོན་པའི་ཤེས་ལྡན་མི་སྣ་156དང་།མ་ལག་གི་ཆེད་དམིགས་རྣམ་གྲངས་དང་རིམ་གསུམ་སྨན་ཁང་གིས་བོད་སྐྱོར་ཤེས་ལྡན་མི་སྣ་145ལ་ཁ་གཏད་རོགས་སྐྱོར་བྱས་པ།གྲོང་གསེབ་ཀྱི་མངག་ཐོ་གནས་གཏན་འཁེལ་གྱི་སྨན་བཅོས་སློབ་མ་དང་དགེ་འོས་སློབ་མ་སོགས་མི་140ལྷག་ཙམ་བསྡུ་ལེན་བྱས་ནས་ཆེད་ལས་ལག་རྩལ་ཤེས་ལྡན་པ་དཀོན་པའི་གནས་ཚུལ་ཞི་ལྷོད་དུ་ནུས་ལྡན་བཏང་བ།༄༅།།“བློ་གྲོས་འདུས་བོད་ཞི་ཚེ་ཅུས་མངའ་རིས་སུ་འདུས་པའི”ཤེས་ལྡན་མི་སྣ་ནང་འདྲེན་བྱ་སྤྱོད་གསར་གཏོད་བྱས་ཏེ་ལས་རིགས་ཡོངས་ཀྱི་ནང་འདྲེན་དང་མཉེན་གཤིས་ནང་འདྲེན་ཟུང་འབྲེལ་དང་།རིག་སྟོབས་ནང་འདྲེན་དང་ལག་རྩལ་ནང་འདྲེན་ཟུང་འབྲེལ་བྱེད་དགོས།མཐོ་རིམ་ལས་རིགས་ཅིང་ལི་1གདན་ཞུ་བྱ་རྒྱུ། སློབ་གསོ་དང་སློབ་ཁྲིད་ཀྱི་རིགས་གཅིག་མཁས་པ་68གདན་དྲངས་ནས་ཁྱིམ་དུ་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ་བ། ཧོ་པེ་དང་ཧྲའན་ཤིས་ཀྱི་རྩལ་ནུས་ཆེ་བའི་ཤེས་ལྡན་མི་སྣ་13ཨ་ཧྥུ་ཀ་ནི་སི་ཐན་དུ་ལས་དོན་ལ་མཛུབ་ཁྲིད་བྱེད་པར་གདན་དྲངས་ནད་ཐོག་སྨན་བཅོས་ཀྱི་མཐོ་རིམ་ཤེས་ལྡན་པ་1ནང་འདྲེན་བྱས་ནས་ས་ཁུལ་མི་དམངས་སྨན་ཁང་གིས“ཀ་པ་རིམ་པ་གསུམ་པའི”ལས་དོན་གཏོད་རྒྱུར་རམ་འདེགས་བྱས་པ།

ཤེས་ལྡན་མི་སྣ་བཀོལ་སྤྱོད་བྱེད་མིན་གྱི་གནད་དོན་ཐག་གཅོད་དང་།ལས་སྟེགས་མང་པོའི་ཤེས་ལྡན་མི་སྣས་ལས་རིགས་དར་རྒྱས་གཏོང་བའི་མ་ལག་འཐུས་ཚང་དུ་གཏོང་དགོས།

ཤེས་ལྡན་མི་སྣ་བཀོལ་སྤྱོད་འོས་འཚམ་མི་བྱེད་པའི་གནད་དོན་ལ་དམིགས་ཏེ་མངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་རིགས་ཁག་གི་ཤེས་ལྡན་མི་སྣ་བཀོལ་སྤྱོད་ཡག་པོ་བྱ་རྒྱུ་དེ་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི“ཐབ་ཆེན་པོར”བརྩིས་ནས་ལས་སྟེགས་མང་པོ་ཞིག་གི་ཤེས་ལྡན་མི་སྣའི་བྱ་གཞག་དར་རྒྱས་གཏོང་བའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་རིགས་ཁག་གི་ཤེས་ལྡན་མི་སྣ་བཀོལ་སྤྱོད་དུས་སུ་འཁེལ་བ་དང་།བཀོལ་སྤྱོད་ཡག་པོ་བྱེད་པ།བཀོལ་སྤྱོད་ཡག་པོ་བྱེད་པ།བཀོལ་སྤྱོད་ཡག་པོ་བྱེད་པ་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད།གཞི་རིམ་གྱི་འཐབ་ས་དང་པོ་དེ་གཞོན་ནུ་རྐང་འཛིན་ཤེས་ལྡན་མི་སྣས་ནུས་པ་འདོན་སྤེལ་བྱེད་པའི་ལས་སྟེགས་གཙོ་བོར་བརྩིས་ནས“གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་བསྡུ་ལེན་(གདན་ཞུ)གྱི་གཞུང་ལས་པ་(བྱ་གཞག་སྒྲིག་ཁོངས་མི་སྣ་)གྲོང་ཚོ་སྒྲོལ་ནས་ལས་འགན་འཁུར་བའི”ཚོད་ལྟའི་ལས་དོན་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་།“ལས་བྱེད་པ་བརྒྱ་ལྷག་ཙམ་གྱིས་གྲོང་གསེབ་དར་རྒྱས་གཏོང་རོགས་བྱས་པའི”འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་དགོས།“དྲུག་གཅིག”གི་སྟོབས་ཤུགས་གྲོང་ཚོ(སྡེ་ཁུལ)ལ་གནད་སྨིན་འདེམས་གཏོང་བྱས་པ། སྲིད་འཛིན་གྲོང་ཚོ་རེར་ཚན་རྩལ་ཆེད་མངགས་པ་2ཡོད་པ་ཡོངས་སུ་ཁྱབ་པར་བྱས།,རྒྱུན་རྣམ་ཅན་གྱི་སྒོ་ནས་གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་ཤེས་ལྡན་པ་1380གྲབས་གསོག་བྱས་ནས་རིགས་ཁག་གི་གཞོན་ནུ་ཤེས་ལྡན་པ་གང་ལ་གང་འཚམ་གྱིས་བེད་སྤྱོད་ཡག་པོ་བྱེད་དགོས། སྤུས་ཚད་མཐོ་བའི་མི་སྒེར་གྱི་འཕེལ་རྒྱས་ལས་སྟེགས་མཁོ་འདོན་བྱ་རྒྱུར་སྣང་ཆེན་བྱས་ནས་མཐོ་རིམ་ཤེས་ལྡན་པ་ཁྱབ་ཁོངས་དེ་གའི་ལས་གནས་ཐོག་སྔར་བས་ཟབ་སྦྱོང་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད།གཞི་རིམ་གྱི་ཕུལ་བྱུང་དགེ་རྒན་2འདེམས་གཏོང་བྱས་ནས“ནུབ་རྒྱུད་འོད་སྣང”གི་འཚམས་འདྲིའི་མཁས་དབང་ཤེས་ལྡན་པ་གསོ་སྐྱོང་གི་འཆར་གཞིའི་ནང་ཞུགས་པ།རྐང་འཛིན་ཆེད་ལས་ལག་རྩལ་ཤེས་ལྡན་པ་15བོད་ཀྱི་དམིགས་བསལ་གསོ་སྦྱོང་འཆར་གཞིའི་ནང་ཞུགས་རྒྱུར་མངགས་གཏོང་བྱས་པ།ཕུལ་བྱུང་གི་ལས་བྱེད་ཤེས་ལྡན་མི་སྣ་6འོས་སྦྱོར་བྱས་ནས་ཀྲུང་དབྱང་གི“པུའུ་ཨུད་གསུམ”ལ་གནས་སྦྱར་སྦྱོང་བརྡར་དང་སློབ་གསོའི་ཁྱབ་ཁོངས་ཀྱི་མཐོ་རིམ་ཤེས་ལྡན་མི་སྣ་1རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་ཕོགས་སྣོན་དང་རིགས་གཅིག་མཁས་ཅན་གྱི་འོས་མིར་འོས་སྦྱོར་བྱས་ནས་ཤེས་ལྡན་མི་སྣས་རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་ཏེ་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱ་རྒྱུར་སྐུལ་འདེད་བཏང་བ།“ཚད་ལ་དཔགས་ནས་བཟོ་བའི”ལས་སྒྲུབ་ལས་གཏོད་ལས་སྟེགས་བསྐྲུན་པ་དང་།ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣས་ཆེད་ལས་ཁྱད་ཆོས་ལ་གཞི་ཚུགས་ནས་སྔོན་ཐོན་དང་དཔེ་བཟང་བརྩོན་ལེན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ཚན་ཞིབ་བྱ་གཞག་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ།དྲོད་ཁང་གི་ཐོན་འབབ་མཐོ་བའི་ཕྱུགས་རྩྭ་ནང་འདྲེན་ཚོད་ལྟའི》རྣམ་གྲངས་ཀྱིས་མངའ་རིས་ཀྱི་ཐོན་འབབ་མཐོ་བ་དང་འདེབས་བདེ་རང་བཞིན་ལེགས་པའི་སོན་བཟང་2ལེགས་འདེམས་བྱས་པ།ཡུ་གུ་ནང་འདྲེན་བྱས་པའི་རྩྭའི་རྒྱུད་བཟང་ས་བབ་མཐོ་བའི་ས་ཁུལ་གྱི་ཐོན་རྫས་དང་བསྡུར་ན་ཚོད་ལྟའི》རྣམ་གྲངས་སྤུས་ལེགས་ལས་མངའ་རིས་ཀྱིས་བཏབ་པའི་ཡུ་གུ་འཚམ་པའི་སོན་2ལེགས་འདེམས་བྱས་པ།རྣམ་གྲངས་ལ་བརྟེན་ནས་ཤེས་ལྡན་མི་སྣ་བསྡུ་རུབ།ཤེས་ལྡན་མི་སྣར་བརྟེན་ནས་ཐོན་ལས་སྐུལ་སྤེལ།ཐོན་ལས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཅས་མངོན་འགྱུར་བྱུང་བ། སྒྱུ་རྩལ་གྱི་ཡོན་ཚད་ཅུང་མཐོ་བའི་སྒོ་ནས་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས།བཏོད་པའི་རྣམ་གྲངས་རྩེ་གྲའི་གྲས་ཏེ“དབྱངས་ལྡན་ཆུང་མུའུ”དང“གོར་ཙེ”གཉིས་ཀྱིས་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བརྒྱད་པའི་ཐོག་བཀྲག་མདངས་འཚེར་སར་བྱས་ནས་རིག་གནས་ཀྱི་གདེང་ཚོད་མངོན་གསལ་དོད་པོས་ཆེ་རུ་བཏང་བ་དང་མི་རིགས་ཀྱི་ངོས་འཛིན་གཅིག་མཐུན་ཐུབ་ཚད་ཆེ་རུ་བཏང་བ་རེད།

 

ཤེས་ལྡན་མི་སྣ་གནས་མི་ཐུབ་པའི་དཀའ་གནད་སེལ་བ་དང་ཕྱོགས་མང་གི་ཤེས་ལྡན་མི་སྣའི་འགན་ལེན་མ་ལག་འཐུས་ཚང་དུ་གཏོང་དགོས།

ཤེས་ལྡན་མི་སྣའི་གནས་མི་ཐུབ་པའི་གནད་དོན་ལ་དམིགས་ཏེ་མངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཤེས་ལྡན་མི་སྣའི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་གི“སེམས་ཤུགས་ཆེ་རུ་གཏོང་བྱེད་ཀྱི་སྨན་རྫས་ལྟ་བུར་བརྩིས་ནས་ཆབ་སྲིད་ཐད་ཐུགས་ཁུར་དང་།ལས་ཀའི་ཐད་དོ་ཁུར།འཚོ་བའི་ཐད་ཐུགས་ཁུར་བཅས་བྱེད་ཀྱི་ཡོད།ཕྱོགས་མང་ཤེས་ལྡན་མི་སྣའི་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་སྟེ་ཤེས་ལྡན་མི་སྣ་བློ་བདེ་པོའི་ངང་མངའ་རིས་སུ་གཞི་ཚུགས་ཐུབ་པ་བྱེད་དགོས། ཆབ་སྲིད་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་རང་སྐྱོང་ལྗོངས་རིམ་པའི་རིགས་ཁག་གི་ཤེས་ལྡན་མི་སྣ་39ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་པ་དང་།ཤེས་ལྡན་མི་སྣའི་གདེང་འཇོག་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ལས་ཀ་བྱེད་པའི་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣའི་གོ་མིང་ཞིབ་དཔྱད་ཀྱི་ཆ་རྐྱེན་ལྷུག་ཏུ་འོས་འཚམ་གཏོང་བ་དང་།གླ་ཕོགས་ཐོབ་ཐང་གི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་དང་འཐུས་ཚང་དུ་གཏོང་བ།ཤེས་ལྡན་མི་སྣའི་གཟི་བརྗིད་བསམ་པ་དང་ཁོངས་གཏོགས་བསམ་པ་ཆེ་རུ་གཏོང་དགོས།ལས་ཀའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་ཤེས་ལྡན་མི་སྣའི་ཐོན་ཁུངས་གསར་སྤེལ་གྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་1400བཀོད་སྒྲིག་བྱས་ཏེ་ས་ཁུལ་གྱི་ཤེས་ལྡན་མི་སྣའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས་དུས་ཡུན་རིང་པོའི་ནང་རྫོང་ཁག་ལ་ཤེས་ལྡན་མི་སྣའི་ལས་དོན་གྱི་འགྲོ་གྲོན་མེད་པའི་སྟོང་ཆ་གསབ་པ། མངའ་རིས་ས་ཁུལ་གྱི་ལས་ཐོག་དགོས་མཁོ་ཆེ་ལ་དཀོན་པའི་མི་སྣ་24ལ་དུས་ཐོག་ཏུ་མ་དངུལ་སྒོར་ཁྲི་22.5རོགས་སྐྱོར་བྱས་པ།ས་བབ་མཐོ་དམན་དང་ས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ལས་བྱེད་པའི་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་བ་དང་།རིམ་རྩིས་བྱས་ན་རྫོང་རིམ་པའི་ལས་བྱེད་པ་37དང་དགེ་རྒན་135ལེགས་སྒྲིག་དང་སྤེལ་རེས་བྱས་ཡོད། འཚོ་བའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།སྡོད་ཁང་འགན་སྲུང་དང་།བུ་ཕྲུག་སློབ་ཞུགས།ནང་མི་ལས་ཞུགས་སོགས་ཀྱི་ཤེས་ལྡན་མི་སྣའི་དཀའ་བྲེལ་དང་རེ་སྒུག་གནད་དོན་ཐག་གཅོད་ཧུར་ཐག་བྱ་དགོས།དཀའ་ཚེགས་ཆེ་ལ་ཉེན་ཁ་ཆེ་བའི་ལས་གནས་གལ་ཆེན་དང་དཀའ་ཚེགས་ཆེ་བའི་མཐའ་མཚམས་ས་ཁུལ་གྱི་ལས་བྱེད་ཤེས་ལྡན་པ་40སྒྲིག་འཛུགས་བྱས་ནས་ཀྲེ་ཅང་ཧང་ཀྲོའུ་དང་ཀོང་ཤིས་ཀུའེ་ལིན་དུ་བདེ་ཐང་དང་ལུས་གསོའི་བྱེད་སྒོ་སྤེལ་བར་བསྐྱོད་པ།སྐོར་སྐྱོད་སྨན་བཅོས་ཚོགས་ཆུང་བཙུགས་ནས་རིམ་རྩིས་བྱས་ན་གཙོ་གནད་འཕྲོད་སྦྱོར་བྱ་ཡུལ་དང་དམིགས་བསལ་ལས་གནས་ཀྱི་ལས་བྱེད་ཤེས་ལྡན་མི་སྣ་271ལ་སྐོར་སྐྱོད་སྨན་བཅོས་ཞབས་ཞུ་བྱས་པ་དང་།འཕྲོད་སྦྱོར་སྨན་སྒམ་10དང་རིགས་ཁག་གི་སྨན་བཅོས་འགན་ལེན་དངོས་ཟོག་37བཀོད་སྒྲིག་བྱས་པ།“མྱུར་སྐྱོབ་སྨན་སྒམ་ཆུང་བའི”སྨན་བརྗེ་ཐེངས་50ལྷག་ཙམ་བྱས་པ་བཅས་ལས་ཤེས་ལྡན་མི་སྣར་སེམས་ཁྲལ་མེད་པར་གྱུར་ཡོད།


དཔྱད་ཡིག་རི་མོ་ཚོགས་
PHOTO COLLECTIONS
དཔྱད་ཡིག་ཆ་འཕྲིན་བརྙན་ལམ་
VIDEO COLLECTIONS