རི་ཐུ་རིག་ལྡན་རིག་གནས་ཡུལ་སྐོར་ཞབས་ཞུའི་སྤྲིན་སྟེགས་
ཝང་ཅུན་གྱིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ཨ་མར
དུས་ཚོད།: 2023-10-09
ཁྱབ་བསྒྲགས་བྱེད་མཁན་སྡེ་ཚན།: དྲ་འཕྲིན་ཉི་མ་

ཟླ་10ཚེས་5ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་གྱིས་ཉིང་ཁྲིའི་ཀླུ་ནང་དུ་བོད་དུ་ཡོང་ནས་སྐབས་གསུམ་པའི་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ལ་ཞུགས་མཁན་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ཨ་མར་སའེ་ཧན་དང་བཅས་པ་དང་མཇལ་འཕྲད་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཁྲེན་ཡུང་ཆི་དང་ཟླ་བ་ཚེ་རིང་ཚོགས་འདུར་ཞུགས།

ཝང་ཅུན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་།སྲིད་གཞུང་།ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ཏེ་ཨ་མར་སའེ་ཧན་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་ལོ་མང་རིང་ཀྲུང་མོང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་དང་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་མོང་འབྲེལ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ནས་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

ཝང་ཅུན་ཀྲེང་གིས་མོང་གོལ་རྒྱལ་ཁབ་ནི་བོད་ཀྱི་ཕྱི་ཕྱོགས་སྒོ་དབྱེ་དང་མཉམ་ལས་ཀྱི་ཁ་ཕྱོགས་གལ་ཆེན་ཞིག་རེད། ང་ཚོས་ ཀྱི་ཕྱི་འབྲེལ་བསམ་བློ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཏང་ཀྲུང་དབྱང་གི་ཕྱི་འབྲེལ་བྱེད་ཕྱོགས་དང་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་བོད་ཀྱི་འཕེལ་རྒྱས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་དེ་ཀྲུང་མོང་འབྲེལ་བ་དང་དེ་བས་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་དེ་བས་ཆེ་བ་སྤོ་རྒྱུ་ཡིན། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ཀྱི་སྤུས་ཚད་མཐོ་པོས་མཉམ་དུ“རྒྱུད་གཅིག་ལམ་གཅིག”སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་ཧུར་ཐག་ཞུགས་པ་དང་།མོང་གོལ་རྒྱལ་ཁབ་དང་ཡུལ་སྐོར་དང་།རིག་གནས།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ།བོད་རང་སྐྱོང་ལྗོངས་དང་མོང་གོལ་རྒྱལ་ཁབ་ཀྱི་ས་གནས་དབར་གྱི་སྤེལ་རེས་དང་འགྲོ་འོང་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ཀྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་ཆེད་བོད་ལ་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད། ཙུང་ལི་གཞོན་པ་ཨ་མར་སའེ་ཧན་དང་བཅས་པས་བོད་དུ་ཕེབས་ནས་སྔར་བས་ཡར་རྒྱས་དང་།སྒོ་དབྱེ།མཛེས་སྡུག་བཅས་ཀྱི་བོད་འདི་ཉིད་མོང་གོལ་རྒྱལ་ཁབ་ཀྱི་དམངས་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ངོ་སྤྲོད་བྱས་ཏེ་འཛམ་གླིང་གིས་བོད་ཤེས་རྟོགས་དེ་བས་ལེགས་པ་དང་བོད་འདི་ཉིད་འཛམ་གླིང་ཐོག་མགྱོགས་མྱུར་སྐྱོད་ཐུབ་པ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཨ་མར་སའེ་ཧན་གྱིས་སྐབས་གསུམ་པའི་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་སྐོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་གྲུབ་འབྲས་ཐོབ་པའི་ངང་གཉེར་བར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་གནང་བ་རེད། ཁོང་གིས་མོང་གོལ་རྒྱལ་ཁབ་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་མོང་ཀྲུང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་འབྲེལ་བར་གཞོལ་ནས་ཀྲུང་གོ་གཅིག་གི་སྲིད་ཇུས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་ཀྱི་ཡོད། མོང་གོལ་རྒྱལ་ཁབ་དང་ཀྲུང་གོ་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་བཟང་པོ་ཞིག་དང་ས་ཁུལ་མཉམ་ལས་ཀྱི་རོགས་ཟླ་བཟང་པོ་ཞིག་ཡིན་པས་མོང་གོལ་རྒྱལ་ཁབ་དང་ཀྲུང་གོའི་འབྲེལ་བ་སྲུང་སྐྱོང་ཡག་པོ་དང་།སྲ་བརྟན་ཡག་པོ།འཕེལ་རྒྱས་ཡག་པོ་བཅས་བྱ་རྒྱུ་ནི་ཕྱོགས་གཉིས་པོའི་ཐུན་མོང་གི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད། བོད་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཁག་དབར་འགྲོ་འོང་བྱེད་པའི་སྒོ་མོ་གལ་ཆེན་ཞིག་ཡིན་པས་དམིགས་བསལ་གྱི་ས་བབ་ལེགས་ཆ་དང་ས་བབ་ལེགས་ཆ་ལྡན་ཡོད། མོང་གོལ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་ཞུགས་ནས་རང་སོ་སོའི་ལེགས་ཆ་འདོན་སྤེལ་དང་དགེ་སྤེལ་སྐྱོན་སྤོང་བྱེད་པ་དང་།སྤེལ་རེས་དང་འགྲོ་འོང་བྱེད་ཟབ་ཏུ་གཏོང་བ།ཡུལ་སྐོར་དང་།རིག་གནས།ཁོར་ཡུག་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ།ཀྲུང་གོའི་བོད་ལྗོངས་དང་མཛའ་གྲོགས་འགྲོ་འོང་དང་མཉམ་ལས་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།


དཔྱད་ཡིག་རི་མོ་ཚོགས་
PHOTO COLLECTIONS
དཔྱད་ཡིག་ཆ་འཕྲིན་བརྙན་ལམ་
VIDEO COLLECTIONS