རི་ཐུ་རིག་ལྡན་རིག་གནས་ཡུལ་སྐོར་ཞབས་ཞུའི་སྤྲིན་སྟེགས་
དགུན་སྒྲོལ་གྱོན་ཆས་སྤྲད་ནས་ཏང་གི་ཐུགས་ཁུར་མྱོང་ཚོར
དུས་ཚོད།: 2023-10-09
ཁྱབ་བསྒྲགས་བྱེད་མཁན་སྡེ་ཚན།: དྲ་འཕྲིན་ཉི་མ་

དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་འཚོ་བའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བ་དང་།རྒན་རྒོན་གྱི་གྱོན་ཆས་དགོས་མཁོ་སྐོང་བ།དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་ཚེ་མཇུག་གི་འཚོ་བ་འགན་ལེན་ཏན་ཏིག་བཅས་བྱ་ཆེད།ཟླ་10ཚེས་7ཉིན་རུ་ཐོག་རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱིས་གཅིག་སྡུད་བསྙེན་བཀུར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་དགུན་དུས་ཀྱི་གྱོན་ཆས་བྱེད་སྒོ་སྤེལ་བ་རེད།

གཅིག་སྡུད་ཐོག་རྒན་རྒོན་24ལ་བསྙེན་བཀུར་ཞུས་ནས་གྱོན་ཆས་ཉོ་སྒྲུབ་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་རྒན་རྒོན་ཚོའི་གྱོན་ཆས་ཀྱི་དགོས་མཁོ་སྐོང་ཆེད།རུ་ཐོག་རྫོང་དམངས་སྲིད་དང་དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་ཅུས་ཀྱིས་སྔོན་ལ་འཆར་འགོད་བཀོད་སྒྲིག་དང་།གྲ་སྒྲིག་ཞིབ་ཚགས།རིན་གོང་འདྲི་རྩད་བཅས་བྱས་ནས་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས་པ་བརྒྱུད།དངོས་ཟོག་སྣ་ཚོགས་ཉོ་སྒྲུབ་བྱས་པ་བརྒྱུད་རྒན་རྒོན་ཚོར་འོས་འཚམ་དང་རིན་གོང་ལུགས་མཐུན་གྱི་གྱོན་ཆས་བཟོས་པ་རེད།

དངུལ་སྤྲོད་པའི་བྱེད་སྒོའི་ནང་ཅུས་ཀྲང་བློ་མཐུན་ཀྲོའུ་ཧྥ་དང་ཅུས་ཀྲང་གཞོན་པ་ཚེ་རིང་སྐྱབས་ཀྱིས་རྒན་རྒོན་ཚོའི་ཁྱིམ་གྱི་འཚོ་བའི་སྐོར་གླེང་ནས་གྱོན་གོས་ལུས་ལ་འཚམ་མིན་དང་།ཟ་འཐུང་འགྲོ་སྡོད་སོགས་རྒན་རྒོན་ཚོས་སེམས་ཁུར་བྱེད་པའི་གནད་དོན་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད།རྒན་རྒོན་ཚོར་གནམ་གཤིས་གྲང་དུ་འགྲོ་བ་དང་དྲོད་སྲུང་ལ་དོ་སྣང་བྱེད་དགོས་པ་དང་འབྲེལ་རྒན་རྒོན་ཚོར་གྱོན་ཆས་སྤྲོད་དགོས་པའི་མངགས་བཅོལ་ཡང་གནང་བ་རེད།བགྲེས་སོང་ཚོར་གྱོན་གོས་འབྱོར་རྗེས་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་དུ་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ད་ཐེངས་རྒན་རྒོན་24ལ་སྣམ་བུའི་གོས་དང་།ཕྱུ་པ།ལུ་གུའི་གྱོན་ཆས།བོད་བཟོའི་འོག་འཇུག་།པང་གདན་བཅས་ཀྱི་རིན་ཐང་སྒོར་49500ཡི་དགུན་ཁའི་གྱོན་ཆས་སྤྲད་པ་དང་།ཀྲུང་ཧྭ་མི་རིགས་ཀྱི་རྒན་གཅེས་རྒན་གཅེས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་བཏང་བ་མ་ཟད།རྒན་རྒོན་ཚོར་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་གཅེས་སྐྱོང་ལས་ཏང་དང་རྒྱལ་ཁབ་ཀྱི“རྒས་དུས་འཚོ་རྟེན་ཡོད་པ་དང་།རྒས་དུས་བརྟེན་ས་ཡོད་པ།རྒས་དུས་བརྟེན་ས་ཡོད་པ།རྒས་དུས་སྤྲོ་སྐྱིད་ཡོད་པ”བཅས་ཀྱི་སྲིད་ཇུས་བཟང་པོ་མྱོང་ཚོར་ཐུབ་ཡོད།


དཔྱད་ཡིག་རི་མོ་ཚོགས་
PHOTO COLLECTIONS
དཔྱད་ཡིག་ཆ་འཕྲིན་བརྙན་ལམ་
VIDEO COLLECTIONS