ཀྲུང་གུང་མངའ་རིས་ས་ཨུད་སྲིད་ཁྲིམས་ཨུ་ལྷན་དང་།ས་ཨུད་རྒྱལ་བདེ་གཞུང་དོན་ཁང་གིས་རྩ་མདའ་རྫོང་ཏི་ཡ་ཤང་ལུའུ་པ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཅུ་གཉིས་པས་གཞི་རིམ་ཏང་ཙུའི་འཛུགས་སྐྱོང་སྐོར་གྱི“བླང་བྱ་ཁག་ལྔ”ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་ལས་བྱེད་པར་གྲོང་ཚོར་བཅའ་སྡོད་ཀྱི“གཙོ་གནད་ལས་འགན་ལྔར”དམིགས་ནས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་བཏང་བ་དང་།རྩ་འཛུགས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་པ།“དམ་འཛིན་དྲུག”མཐའ་འཁྱོངས་བྱས་པ།“གསར་གཏོད་དྲུག”མངོན་འགྱུར་བྱས་པ།
༄༅།།བསམ་བློའི་སློབ་གསོ་དམ་འཛིན་བྱས་ཏེ།ཏང་ཡོན་མང་ཚོགས་ཀྱི་ཆབ་སྲིད་གོ་རྟོགས་མཐོར་འདེགས་གསར་པ་བྱུང་།
དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་གྲོང་ཚོའི་ཏང་ཀྲི་པུའུ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ཆབ་སྲིད་ལས་འགན་ཨང་དང་པོར་བརྩིས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དང་འཐབ་ཇུས་རང་བཞིན་གྱི་ལས་འགན་དུ་བྱས་ཏེ་ཏང་ཡོན་དང་མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་དང་རིག་གནས་ཆུ་ཚད་མི་འདྲ་བའི་དོན་དངོས་དང་ཟུང་འབྲེལ་གྱིས་ཧྲུའུ་ཅིས་སྣེ་ཁྲིད་དེ་སློབ་སྦྱོང་དང་།“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་གཅིག་སྡུད་སློབ་སྦྱོང་།བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་ལག་ལེན་སློབ་སྦྱོང།ཆ་སྒྲིག་རོགས་སྐྱོར།དུད་ཚང་དུ་སློབ་སྦྱོང་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་མང་ཚོགས་ཀྱི་ལྟ་འདོད་ལ་དགའ་བ་དང་།。
ཆ་སྒྲིག་རོགས་ཁྲིད་དམ་འཛིན་བྱས་པས་གྲོང་ཚོའི་ལས་བྱེད་པའི་འཇོན་ཐང་དང་ཆུ་ཚད་ལ་ཡར་རྒྱས་གསར་པ་བྱུང་ཡོད།
ཧྲུའུ་ཅི་དང་པོ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གྱིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པར་ཆ་སྒྲིག་རོགས་རམ་བྱས་ཏེ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་དང་ལས་དོན་རུ་མི་དང་ཆ་སྒྲིག་རོགས་རམ་བྱས་ནས་གྲོང་ཚོའི་ལས་བྱེད་པ་གཞན་དག་གི་སློབ་སྦྱོང་དང་ལས་ཀའི་ལམ་སྲོལ་བཙུགས་ནས་དོན་འཁྱོལ་བྱས་ཏེ་རྒྱ་བོད་སྐད་ཡིག་གཉིས་དང་རིགས་པའི་གཞུང་ལུགས་ཀྱི་སྲིད་ཇུས་སྦྱོང་རོགས་བྱས་ཡོད་ལ་སྦྲེལ་མཐུད་ལས་དོན་ཡང་སྟབས་བདེ་རུ་བཏང་ནས་ཆ་འཕྲིན་སྤེལ་རེས་དང་།ལེགས་ཆ་གསབ་རེས།མཉམ་ལས་གཉིས་ཁེ་བཅས་ཡོང་བ་བྱས་ཡོད། མིག་སྔར་ལུང་པ་“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་རྒྱུན་གཏན་རྗོད་ཚིག་ཤོད་ཤེས་པ་5ཡོད་པ་དེས་83.33%བཟུང་བ་དང་།དེའི་རིག་གནས་བྱང་ཚད་དང་།རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད།ལས་ཀའི་ནུས་པ་བཅས་ལ་ཡར་རྒྱས་མངོན་གསལ་དོད་པོ་བྱུང་ནས་ཏང་གི་བཀའ་ལ་ཉན་པ་དང་།ཏང་གི་བཀའ་དྲིན་ཚོར་བ།ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་ཧ་ཅང་བརྟན་པོ་ཡོད་པ་རེད།。
འགན་འཁྲི་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་པས་གྲོང་ཚོའི་ཏང་ཀྲི་པུའུ་འཛུགས་སྐྱོང་ཚད་ལྡན་ཅན་གྱི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ།
“ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་ནི་རང་འཁྲིའི་ལས་གནས་ཡིན་པ་དང་།ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་དེ་ལས་འགན་མི་འཁུར་བ་དང་ཏང་འཛུགས་སྐྱོང་ལ་དམ་འཛིན་མི་བྱེད་པ་ནི་འགན་འཛོལ་ཡིན་པའི”འདུ་ཤེས་བརྟན་པོ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་ས་གནས་དང་རྫོང་རིམ་པ་གཉིས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་འགན་བླངས་རྗེས་ཞུགས་ཏང་ཀྲི་པུའུ་ལམ་ལུགས་དོན་འཁྱོལ་དང་།ཧྲུའུ་ཅི་དང་པོ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གྱིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱེད་པའི་འགན་འཁྲིའི་གསལ་ཐོ་དོན་འཁྱོལ་བྱེད་པ།གྲོང་ཚོའི་ཏང་ཀྲི་པུས“གཞི་རྩ་དྲུག”འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུར་མཛུབ་ཁྲིད་བྱེད་པ།ཚད་གཞི་ཅན་གྱིས་གྲོང་ཚོའི་ཏང་དང་།。
༄༅།།དམངས་ལ་ཞབས་འདེགས་ཞུས་ནས་ཞིང་འབྲོག་མང་ཚོགས་ཀྱིས་གྲོང་ཚོར་བཅའ་སྡོད་ལས་བྱེད་པར་གདེང་འཇོག་བྱེད་པའི་ཐད་འགྱུར་ལྡོག་གསར་པ་བྱུང་ཡོད།
མང་ཚོགས་ཉེ་འགྲམ་གྱི་བྱ་བ་ཙག་ཙིག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱས་ཏེ་ས་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་ལུའུ་པ་གྲོང་ཚོ་ནས་ཡིན་པའི་སྲིད་ཁྲིམས་ལས་བྱེད་པ་11དང་འབྲེལ་བ་བྱས་ཏེ་དབུལ་སྒྲོལ་དུད་ཚང་9དང་།གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་4མི་རེས་གནས་གཏན་འཁེལ་གྱིས་གྲོང་མིའི་ཚོགས་ཆུང་1ཆ་སྒྲིག་རོགས་སྐྱོར་བྱས་ནས་དཀའ་ངལ་ཡོད་པའི་དུད་ཚང་1བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ཏེ་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་103ལ་འཚམས་འདྲི་བྱས་ནས་དུད་ཚང་9ཡི་དབུལ་སྒྲོལ་དུད་ཚང་1དང་།དབུལ་སྒྲོལ་དུད་ཚང་1གི་ལྟ་ཞིབ་ཚད་ལེན། མི་སྡོད་ཁོར་ཡུག་བཅོས་སྒྲིག་འཛུགས་སྐྲུན་དང་བཀོད་སྒྲིག་བྱ་ཡུལ་གྱི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཨར་སྐྲུན་ཕྱོགས་ཀྱིས་གྲོང་ཚོ་དེ་གའི་འཕྲུལ་ཆས་དང་མི་ཐབས་ལ་བརྟེན་ནས་ངལ་ལས་བྱེད་དུ་བཅུག་པ་དང་།ཀླུ་པ་ཚོགས་ཆུང་གི་གྲོང་མི་ཁོ་ནར་ངལ་ལས་ཡོང་འབབ་སྒོར་ཁྲི་200ལྷག་ཙམ་བྱུང་བ་མ་ཟད།དབྱར་གསེང་སྐབས་ཕ་ཡུལ་དུ་ལོག་མཁན་སློབ་མ་10སྒྲིག་འཛུགས་བྱས་ནས་གླ་པ་10སྒྲིག་འཛུགས་བྱས་ཏེ་སློབ་ཡོན་སྒོར་ཁྲི་1.56བླངས་པ་རེད། ཤང་གི་དངོས་སྡོད་ཞིབ་འཇུག་ལས་བྱེད་པར་སྲིད་ཇུས་དང་བཅའ་ཁྲིམས་སྒྲོག་འགྲེལ་དང་སྨན་རྫས་སྒོ་ཁར་སྐྱེལ་བའི་ཞབས་ཞུ་སོགས་ཀྱི་ལས་དོན་ཐེངས་མང་སྤེལ་བ་དང་འབྲེལ་འབྲོག་པའི་འཐུས་མི་ས་གནས་དེ་གའི་མང་ཚོགས་ཀྱི་ཁྱིམ་དུ་ལྟ་སྐོར་སྤེལ་རེས་བྱེད་པར་གདན་དྲངས་ནས་འབྲོག་པ་མང་ཚོགས་གནས་སྤོ་ཐུབ་པ་དང་།གཞིས་ཆགས་ཐུབ་པ།ཕྱུག་པོ་ཆགས་ཐུབ་པ་བཅས་ཀྱི་འགན་ལེན་བྱས་པ་རེད། བཀོད་སྒྲིག་བྱ་ཡུལ་དུ་ཟླ་བརྒྱད་ལྷག་ཙམ་རིང་ཕྲུ་གུ་འཁོར་མྱོང་བའི་ཚེ་ཐར་ལྷ་མོར་གློ་བུར་དུ་གྲོད་པ་ན་བ་དང་གནས་ཚུལ་ཛ་དྲག་པོ་ཡོད་པ་ཤེས་རྟོགས་བྱུང་།ཁོང་གི་བཟའ་ཟླ་སླར་ཡང་ཐག་རིང་ལུང་ཁུག་ཏུ་གནས་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་འཕྲལ་མར་གྲོང་ཚོར་བཅའ་སྡོད་རླངས་འཁོར་བཀོད་སྒྲིག་བྱས་ནས་ཤང་གི་སྨན་པ་དང་མཐུན་སྦྱོར་གྱིས་ཁྱོན་ཡོངས་ནས་ཕེབས་རོགས་ཞུས་པ་དང་།རྫོང་མི་དམངས་སྨན་ཁང་དུ་སྨན་བཅོས་བྱས་རྗེས་སླར་ཡང་བདེ་འཇགས་ངང་ཁྱིམ་དུ་བསྐྱལ་བས་སྙིང་ཉེ་བའི་རོགས་རམ་ལ་གནས་སྤོས་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་པ་རེད།。
དུས་བདེ་གཏོད་རྒྱུར་དམ་འཛིན་བྱས་པས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཕན་འབྲས་གསར་པ་ཐོན་པ།
《རྩ་མདའ་རྫོང་གི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་མཉམ་ཞུགས་ཚོགས་འདུའི་ལམ་ལུགས》དང《རྩ་མདའ་རྫོང་གི་གཞི་རིམ་བཅོས་སྐྱོང་གི“གཅིག་གྱུར་གཅིག་དང་མཉམ་འབྲེལ་དྲུག”གི་ལས་ཀའི་ལམ་སྲོལ》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཏང་འཛུགས་སྐྱོང་གིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་།རང་སྐྱོང་དང་།ཁྲིམས་བསྟར།སྤྱོད་བཟང་གིས་སྐྱོང་བ་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཚོར་བཅའ་སྡོད་རུ་མི་དང་།གྲོང་སྡེའི་ལས་བྱེད་པ།དྲ་མིག་ཅན་གྱི་དོ་དམ་པ།“གཉིས་ལྡན་དུད་སྦྲེལ”བཅས་ཀྱི་སྤྱི་མང་ཚོའི་ཁྱིམ་དུ་རྟག་ཏུ་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་པ་དང་། དེ་དང་ཆབས་ཅིག་ཟླ་རེར་ཧྲུའུ་ཅི་དང་པོའི་འཚམས་འདྲིའི་ཉིན་མོ་བཙུགས་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདུན་པ་ཤེས་རྟོགས་དང་མང་ཚོགས་ཀྱི་རེ་ཞུ་ཉན་ནས་འགལ་བ་དང་རྩོད་གཞི་སྣ་ཚོགས་འདུམ་འགྲིག་བྱས་པ་3དང་ལྷག་པར་དུ་ཆུ་ཚོད་9ཡི་ནང་ཤང་མ་གཞུང་ལམ་Aདུམ་བུའི་ཨར་ལས་བྱེད་མཁན་ཕྱོགས་དང་ནུའུ་པ་ཚོགས་ཆུང་དབར་གྱི་བྱེ་རྡོ་བཟོ་གྲྭའི་གནད་དོན་ཐད་ཀྱི་རྩོད་གཞི་མཐུན་སྦྱོར་ངང་ཐག་གཅོད་བྱས་ཏེ་གྲོང་མིའི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱས་ནས“འགལ་བ་གོང་ལ་མི་སྤྲོད་པ་དང་།དུས་བདེ་མི་ཐོན་པ།ཞབས་ཞུ་མི་ཚར་བ”བཅས་བྱས་པ་རེད། མིག་སྔར་ལུང་པ་གྲོང་ཚོར་རྒྱལ་ཁབ་ཀྱི་བདེ་འཇགས་དང་།སྤྱི་ཚོགས་བརྟན་ལྷིང་།མི་རིགས་མཐུན་སྒྲིལ་བཅས་ལ་ཤུགས་རྐྱེན་ཐེབས་མེད་པ་རེད།。
ཁོར་ཡུག་བཅོས་སྒྲིག་ལ་དམ་འཛིན་བྱས་པས་གྲོང་ཚོའི་རྣམ་པར་རྣམ་པ་གསར་པ་ཐོན་པ།
གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་ཏང་ཡོན་གྱི་ཞབས་ཞུའི་རུ་ཁག་དང་དང་བླངས་ཞབས་ཞུ་རུ་ཁག་བཙུགས་ནས་ཏང་གི་ཚོགས་ཆུང་ཚན་པར་བྱས་ཏེ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཐོག“ལེགས་སྐྱེས་དང་།མཛའ་བརྩེ།རོགས་རེས།ཡར་ཐོན”བཅས་ཀྱི་དང་བླངས་སྙིང་སྟོབས་དང་།བཙོག་པར་མི་སྐྲག་པ་དང་།དཀའ་སྡུག་ལ་མི་འཛེམ་པ།ངལ་དུབ་ལ་མི་སྐྲག་པ་བཅས་ཀྱི་སྤྱོད་ཚུལ་དར་སྤེལ་བཏང་ནས་ཉུང་མཐར་ཡང་གཟའ་འཁོར་རེར་ཐང་ཆེན་དང་།འགྲོ་ལམ།ཆུ་ཡུར་སོགས་གཙོ་གནད་ས་ཁོངས་སུ་གད་སྙིགས་གཙང་སེལ་ཆེན་པོ་ཐེངས་གཅིག་དང་།。