མདོར་བསྡུས་བརྗོད་པ།ཟླ་11ཚེས་21ཉིན་གྱི་ཕྱི་དྲོ་ས་ཁུལ་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་ཞི་ལུའི་ཤིན་མིང་གིས་རུ་ཐོག་རྫོང་རི་གསུམ་ཤང་གི་ལིན་ཀྲང་ལམ་ལུགས་ཀྱི་འགན་འཁྲིའི་ཁུལ་དུ་ནགས་ཚལ་སྐོར་ཞིབ་ཀྱི་བྱེད་སྒོ་སྤེལ་བ་རེད། རུ་ཐོག་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་བསོད་ནམས་དར་རྒྱས་ཀྱིས་ནགས་ཚལ་ལ་གཟིགས་སྐོར་གནང་བ་རེད།
ལུའེ་ཤིན་མིང་དང་བཅས་པས་ནགས་ཁྲོད་ནགས་བཟོའི་འགན་འཁྲིའི་ཁུལ་དུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་ནགས་ཤིང་འདེབས་འཛུགས་བྱས་ཚུལ་དང་།ཁྱབ་ཚུལ་གནས་ཚུལ།སྐྱེ་ཚུལ་གནས་ཚུལ།དོ་དམ་སྲུང་སྐྱོང་བྱ་ཚུལ།ལྷག་པའི་གནད་དོན་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་རེད། ལུའེ་ཤིན་མིང་གིས་ནགས་ཚལ་གྱི་འགོ་འཛིན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་ནི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས་རིམ་ཁག་ནགས་ལས་ཀྲང་གིས་ཀྲུང་དབྱང་དང་།ལྗོངས་ཏང་ཨུད།ས་ཨུད་བཅས་ཀྱིས་ནགས་ཚལ་གྱི་འགོ་འཛིན་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུའི་ལས་དོན་སྐོར་གྱི་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་རིམ་ཁག་འགན་འཁྲི་གཙོ་བོ་དང་རིམ་ཁག་ནགས་ཚལ་གྱི་འགོ་འཛིན་གྱི་འགན་འཁྲི་ནན་དུ་དང་ཏན་ཏིག་བྱས་ཏེ་ནགས་ཚལ་གྱི་འགོ་འཛིན་ལམ་ལུགས་ལས་དོན་གྱི་ལམ་སྲོལ་དོན་ཐོག་ཏུ་འཁྱོལ་བ་དང་ནགས་ཚལ་གྱི་འགོ་འཛིན་ལམ་ལུགས་ལས་དོན་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས།
ལུའེ་ཤིན་མིང་གིས་སྣོད་བཅུད་ཤེས་དཔལ་བསམ་བློ་མཛུབ་ཁྲིད་དུ་བྱས་ནས་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་རྒྱ་ཆེའི་མང་ཚོགས་ཀྱི་སྣོད་བཅུད་སྲུང་སྐྱོང་འདུ་ཤེས་ཟབ་ཏུ་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་ནགས་ཤིང་ལ་གཅེས་སྤྲས་དང་ནགས་ཤིང་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས། ནགས་བཟོའི་ལས་འགན་གཙོ་བོར་རང་འགུལ་ངང་ཞིབ་བསྡུར་བྱས་ནས་ལས་དོན་ཚད་ལྡན་ཅན་དང་།ལམ་ལུགས་ཅན།ཚན་རིག་ཅན་བཅས་ཀྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་དང་།ནགས་སྲུང་སྐོར་ལྟ་བྱེད་ཤུགས་ཆེ་རུ་གཏོང་བ།དོགས་ཟོན་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་པ།མེ་ཁུངས་དོ་དམ་ཚོད་འཛིན་དང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་གྱི་ལས་དོན་ལ་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ནས་མངོན་མེད་རྐྱེན་ངན་སྣ་ཚོགས་མེད་པ་ཏན་ཏིག་བཟོ་དགོས། ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་སྣོད་བཅུད་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཅིག་གྱུར་དམ་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་སྣོད་བཅུད་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་དངོས་འབྲེལ་སྒྱུར་དགོས་ཞེས་གསུངས་པ་རེད།