ཟླ་11ཚེས་23ཉིན་ས་ཨུད་ཀྱི་ཧྲུའུ་ཅི་ས་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཏོན་ཧའེ་ས་ཁུལ་ཡིག་བསྐུར་ངོ་བཅར་ཅུས་དང་ཆུ་བེད་ཅུས་སུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་བརྟག་ཞིབ་བྱས་པ་རེད།
“གཏན་འཁེལ་གཉིས”མཐའ་འཁྱོངས་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱས་ཏེ་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པའི་རང་རྟོགས་དང་དགོས་གལ་ཆེ་སར་ཕྱོགས་པའི་བློ་སྟོབས་ལ་བརྟེན་ནས་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱ་རྒྱུ་བརྗོད་དོན་གཙོ་བོའི་སློབ་གསོའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ཏེ་གནད་དོན་ལ་དམིགས་ནས་སློབ་སྦྱོང་དང་།གནད་དོན་ལ་དམིགས་ནས་ཞིབ་བཤེར།གནད་དོན་ལ་དམིགས་ནས་བཅོས་སྒྲིག་བཅས་བྱས་ཏེ་ཆེད་དོན་བཅོས་སྒྲིག་ལས་དོན་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱས་ནས་དག་ཐེར་བཅོས་སྒྲིག་གི་ཕན་འབྲས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་དེ་བས་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ས་ཁུལ་ཡིག་སྐུར་ངོ་བཅར་ཅུས་སུ་ཕེབས་སྐབས་ཏོན་ཧའེ་ཡིས་ལས་དོན་སྙན་ཞུ་ནན་ཏན་ངང་གསན་པ་དང་ཡིག་སྐུར་ངོ་བཅར་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་བཏང་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་ཡིག་སྐུར་ངོ་བཅར་ལས་དོན་ལ་ཐོབ་པའི་ཕན་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་རེད། ཡིག་བསྐུར་ངོ་བཅར་ལས་དོན་ནི་ཏང་དང་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་དང་།མང་ཚོགས་ཀྱི་འབོད་སྒྲ་ཉན་པའི་སྐར་ཁུང་།མང་ཚོགས་ཀྱི་དཀའ་སྡུག་ཞིབ་དཔྱད་བྱེད་པའི་ལས་སྟེགས་བཅས་ཡིན་ལ།“སྒོ་ཁར་སྐྱེལ་བའི”མང་ཚོགས་ཀྱི་ལས་དོན་ཞིག་ཀྱང་ཡིན། རིམ་ཁག་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་གལ་ཆེའི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ཏེ་འགན་འཁྲི་ཤེས་པ་དང་།འགན་འཁྲི་འཁུར་བ།འགན་འཁྲི་གཙང་སྒྲུབ་བཅས་བྱས་ནས་ཡིག་བསྐུར་ངོ་བཅར་ལས་དོན་སྤེལ་སྟངས་གསར་གཏོད་ཧུར་ཐག་བྱས་ཏེ་ཡིག་བསྐུར་ངོ་བཅར་ལས་དོན་གྱི་གཙོ་གནད་གཤམ་སྒྱུར་དང་།。
ས་ཁུལ་ཆུ་བེད་ཅུས་སུ་ཏོན་ཧའེ་སྔ་རྗེས་སུ་གྲོང་གསེབ་ཆུ་བེད་ཆུ་གློག་ཆུ་སྲུང་ཁོའོ་དང་འཆར་འགོད་འཛུགས་སྐྲུན་དོ་དམ་ཁོའོ་རུ་ཡོང་ནས་ལས་བྱེད་ལས་བཟོ་དང་བྱམས་བརྩེའི་ངང་གླེང་མོལ་བྱས་པ་དང་།ཚང་མའི་ལས་ཀ་དང་འཚོ་བའི་གནས་ཚུལ་འདྲི་རྩད་བྱས་པ།གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཆེད་དོན་བཅོས་སྒྲིག་དང“ལོ་ལྔ་ཚན་བཅུ་བཞི་པའི”ཆུ་བདེ་འཇགས་འགན་ལེན་འཆར་འགོད་རྣམ་གྲངས་སོགས་ལས་དོན་ལ་སྐུལ་འདེད་བཏང་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་དེ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པས་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་གོ་སྐབས་སུ་བྱེད་པ་དང་།གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་དེ་དམ་འཛིན་བྱ་གཞིར་བྱེད་པ།བདེ་འཇགས་དང་བརྟན་ལྷིང་གི་ཆུ་འགོ་འཛུགས་སྐྲུན་བྱ་རྒྱུ་དེ་རྨང་གཞིར་བྱེད་པ།གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭར་སྐུལ་འདེད་མགྱོགས་པོ་གཏོང་བ།གྲོང་གསེབ་ཀྱི་འཐུང་ཆུའི་སྒྲིག་ཆས་ཉམས་གསོ་དང་བདག་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་ཚོས་ཡུན་རིང་བརྟན་ལྷིང་ངང་འཐུང་རྒྱུ་ཡོང་བ་བྱེད་དགོས། སྲིད་ཇུས་ཁག་བེད་སྤྱོད་གང་ལེགས་བྱས་ནས་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གལ་ཆེན་གང་མགྱོགས་ཞིབ་མཆན་འགོད་པ་དང་འཛུགས་སྐྲུན་བྱེད་འགོ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། ས་ཆུ་ཤོར་བ་འགོག་བཅོས་དང་སེང་གེ་ཁ་འབབ།གླང་ཆེན་ཆུ་ཕྲན།མཱ་ཅང་གཙང་པོ།རྨ་བྱ་གཙང་པོ་སོགས་ཆུ་བོ་རྒྱུག་ཁུལ་གཙོ་བོ་བཅོས་སྐྱོང་ཏན་ཏིག་བྱེད་པ་དང་།ས་ཆུ་སྲུང་འཛིན་དང་ཆུའི་སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ།ནུས་ཤུགས་ཡོད་རྒུས་སེང་གེ་བོའི་བྱང་རིའི་སྔོ་འགྱུར་ལས་གྲྭར་རྒྱབ་སྐྱོར་དང་གཞོགས་འདེགས་བཅས་བྱས་ནས་མཛེས་སྡུག་ལྡན་པའི་མངའ་རིས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས།。
བརྟག་ཞིབ་བྱེད་རིང་།ཏོན་ཧའེ་ཡིས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ནས་དག་ཐེར་བཅོས་སྒྲིག་བྱ་རྒྱུ་དེ་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་རང་ངོས་ཀྱི་གནད་དོན་ཐག་གཅོད་བྱེད་ནུས་ལ་ཞིབ་དཔྱད་བྱེད་པའི་“རྡོ་ཀ་”ལྟ་བུར་བརྩིས་ནས་དག་ཐེར་བཅོས་སྒྲིག་དང་བཅོས་སྒྲིག་གི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་དགོས་གཏུགས་བསམ་པ་སྔར་བས་ཆེ་རུ་གཏོང་བ་དང་།སློབ་སྦྱོང་བྱེད་ཀྱིན་དང་།ཞིབ་བསྡུར་བྱེད་བཞིན་དུ་ལྟ་བཞིན་དུ་དག་ཐེར་བྱེད་པ།ཞིབ་བཤེར་བྱེད་ཀྱིན་དུ་དག་ཐེར་བཅོས་སྒྲིག་བྱེད་པ་དང་ཆེད་དོན་བཅོས་སྒྲིག་བྱེད་པ་བཅས་མཐའ་འཁྱོངས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་དང་ཕན་འབྲས་ཐོན་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ནན་པོ་ངོ་མ་བྱེད་པ་དང་བཙན་པོ་དང་འཐབ་ན་བཅོས་སྐྱོང་དམ་འཛིན་རྒྱུན་འཁྱོངས་བྱེད་དགོས།
བྱ་བ་ཐམས་ཅད་དོན་དངོས་དང་བསྟུན་རྒྱུ་མཐའ་འཁྱོངས་དང་།ནན་པོ་ངོ་མ་དང་བཙན་པོ་དང་འཐབ་ཕོད་པ།གནད་དོན་གྱི་འགག་རྩ་གནད་འཁེལ་འཚོལ་བ།འགལ་བ་གཙོ་བོ་དབྱེ་འབྱེད་གསལ་པོ་བྱེད་པ།གནད་དོན་གང་ཞིག་ཡོད་ན་གནད་དོན་དེ་རང་ཐག་གཅོད་དང་།གནད་དོན་གང་ཞིག་མངོན་གསལ་ཡིན་ན་གནད་དོན་དེ་རང་གཙོ་གནད་དུ་བཟུང་ནས་ཐག་གཅོད་མཐའ་འཁྱོངས།ཟུར་བསྟན་ལེབ་མཐོང་དང་།རྒྱུན་སྲིང་རྒྱ་སྐྱེད།འབེན་ལ་ཕོག་ནས་བཅོས་སྐྱོང་།རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་བཅས་མཐའ་འཁྱོངས་བྱས་ཏེ་“གནད་དོན་གྱི་ཞིབ་ཐོ་”དེ་“གྲུབ་འབྲས་ཀྱི་གསལ་ཐོ་”རུ་འགྱུར་བར་བྱ་དགོས།。
རྗེས་འདེད་འདྲི་རྩད་དང་ཕན་འབྲས་བཅོས་སྐྱོང་དམ་འཛིན་རྒྱུན་འཁྱོངས་བྱ་དགོས་།
སྒོ་ཕྱེ་ནས་སློབ་གསོ་སྤེལ་བ་རྒྱུན་འཁྱོངས་དང་།དག་ཐེར་ཡོ་བསྲང་དང་བཅོས་སྐྱོང་བྱས་འབྲས་ལ་ལྟ་སྐུལ་སློབ་སྟོན་ཞིབ་བཤེར་དང་“ཕྱིར་མིག་ལྟ་བ་”ལ་ཤུགས་སྣོན།“བཞི་དང་ཐད་བལྟ་གཉིས་”ཀྱི་བྱེད་ཐབས་མང་ཙམ་སྤྱོད་པ།གཞི་རིམ་གྱི་མདུན་ཕྱོགས་སུ་མང་ཙམ་ཟབ་འཇུགཐབས་ཇུས་དམངས་ལ་འདྲི་བ་དང་།ཕན་འབྲས་དམངས་ལ་འདྲི་བ།མང་ཚོགས་ཐེ་ཞུགས་བྱེད་དུ་འཇུག་པ།མང་ཚོགས་ལ་ཤན་འབྱེད་བྱེད་དུ་འཇུག་པ་བཅས་བྱས་ཏེ།དག་ཐེར་ཡོ་བསྲང་དང་བཅོས་སྐྱོང་བྱས་འབྲས་ཕུལ་བྱུང་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སེམས་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
རྩ་ལག་མཉམ་བཅོས་དང་བཅོས་སྐྱོང་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས།
“མིག་སྔར་བཅོས་སྒྲིག”དང“ཡུན་རིང་འཛུགས་པ”ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་གཅིག་ནས་ལག་ལེན་དང་།ཕྱོགས་གཅིག་ནས་ཕྱོགས་སྡོམ།ཕྱོགས་གཞན་ཞིག་ནས་ཡར་རྒྱས་གཏོང་རྒྱུ་བཅས་མཐའ་འཁྱོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་ཐོན་པའི་བྱ་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ།དུས་ཐོག་ཏུ་ལམ་ལུགས་ཀྱི་རྣམ་པའི་ཐོག་ནས་གཏན་འཁེལ་བྱས་ཏེ་ཕུགས་ལ་ཕན་པ་དང་རྩ་བ་བརྟན་དུ་གཏོང་བའི་ཕུགས་ཕན་ལམ་སྲོལ་ཁག་གཅིག་འཐུས་ཚང་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་དེ་མངའ་རིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་ཏན་ཏིག་འགྱུར་བ་བྱེད་དགོས། ས་ཁུལ་གྱི་འགོ་ཁྲིད་ཧོ་ཅེ་དང་ཏོན་ཞའོ་ཡུང་མཛད་སྒོར་ཞུགས།。