རི་ཐུ་རིག་ལྡན་རིག་གནས་ཡུལ་སྐོར་ཞབས་ཞུའི་སྤྲིན་སྟེགས་
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད་ནང་དམིགས་ཚ
དུས་ཚོད།: 2024-01-01
ཁྱབ་བསྒྲགས་བྱེད་མཁན་སྡེ་ཚན།: དྲ་འཕྲིན་ཉི་མ་

དམིགས་ཡུལ་གཏན་འཁེལ་དང་ལས་འགན་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་མགྱོགས་སུ་གཏོང་དགོས།

ཟླ་12ཚེས་22ཉིན་ནས་ཚེས་23ཉིན་བར།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་།སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ།ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ་ལྗོངས་ཡོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་གྲུབ་འབྲས་ཕྱོགས་སྡོམ་དང་དུས་བབ་ལ་དབྱེ་ཞིབ་བྱས་ནས“དོན་ཆེན་བཞིར”གཅིག་འདོམས་དམ་འཛིན་དང་2024ལོའི་དཔལ་འབྱོར་དང་།

  དུས་ཚོད།འཕེལ་རྒྱས་ཀྱི་ཆེད་དུ་མིག་གིས་མངོན་པའི་འཁྱོག་ཐིག ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་འགོ་ཚུགས་པའི་ལོ་ཞིག་དང་།རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་ཡིན། ལོ་གཅིག་རིང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་མདུན་དུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“དོན་ཆེན་བཞི”དམ་པོར་འཛིན་པ་དང་།“གསར་གཏོད་བཞིར”སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་སྤྱོད་ཚུལ་རྒྱུན་མཐུད་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་བྱས་ཏེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། རིམ་ཁག་ལས་བྱེད་པའི་ཧུར་བརྩོན་རང་བཞིན་དང་།རང་འགུལ་རང་བཞིན།གསར་གཏོད་རང་བཞིན་བཅས་ལ་སྐུལ་སྤེལ་གང་ལེགས་བྱུང་བ་དང་།མི་རིགས་ཁག་གི་མང་ཚོགས་ཀྱིས་གོང་འཕེལ་ཡོང་རེ་དང་།གོང་འཕེལ་དོན་གཉེར།གོང་འཕེལ་ལ་སྐུལ་འདེད་བཅས་ཀྱི་བསམ་འདུན་སྔར་བས་ཤུགས་ཆེར་སོང་བ།སྤྱི་ཚོགས་ཡོངས་ཀྱིས་ལས་དོན་སྒྲུབ་འདོད་པ་དང་།ལས་ཀ་བྱེད་ཤེས་པ།ལས་ཀ་བྱེད་ཐུབ་པ་བཅས་ཀྱི་རྣམ་པ་སྔར་བས་ཤུགས་ཆེར་སོང་བ།ལྗོངས་ཡོངས་སུ་ཆབ་སྲིད་བརྟན་ལྷིང་དང་།སྤྱི་ཚོགས་བརྟན་ལྷིང་།དཔལ་འབྱོར་གོང་འཕེལ།མི་རིགས་མཐུན་སྒྲིལ།ཆོས་ལུགས་འཆམ་མཐུན།སྣོད་བཅུད་བཟང་བ།མཐའ་སྲུང་སྲ་བ།མི་དམངས་བདེ་འཁོད་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཐོན་ཡོདགོག གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅིའི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་སྣེ་ཁྲིད་ཀྱིས་གྲུ་གཏོང་བར་ཐུག་ཡོད་པ་དང་།རྩ་བ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་ཡོད།

   ཆུ་བོ་ཐམས་ཅད་ལ་བྲག་རྡོ་ཡོད།རི་བོ་ཐམས་ཅད་ལ་རི་རྩེ་གཙོ་བོར་བལྟས། སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ང་ཚོས་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ང་ཚོས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་གཅིག་ནང་ཐོབ་པའི་གྲུབ་འབྲས་ཆེན་པོར་གོ་བ་གཏིང་ཟབ་ལེན་པ་དང་།ཏང་གིས་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལ་གོ་བ་གཏིང་ཟབ་ལེན་པ།ཏང་ཀྲུང་དབྱང་གིས་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་ལ་བརྡར་ཤ་གལ་ཆེན་བཅད་པར་གོ་བ་གཏིང་ཟབ་ལེན་པ།ཕྱི་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་།སྲིད་ཇུས་ཀྱི་ཁ་ཕྱོགས།དམིགས་ཚད་ཀྱི་ལས་འགན་བཅས་ལ་གོ་བ་གཏིང་ཟབ་བླངས་ནས་ཏང་གིས་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པའི་རྩ་བའི་བླང་བྱ་ཤེས་རྟོགས་གཏིང་ཟབ་པ་དང་།

  སྟོབས་ལ་བརྟག་ན་ཤེས་དང་།་སྟོབས་འདུལ་ཐུབ་ན་རྒྱལ་། སང་ལོའི་ལས་དོན་ཁག་ལེགས་པོ་སྒྲུབ་པར་ང་ཚོའི་མདུན་དུ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལྷགས་ཡོད་ཅིང་།འགྲན་སློང་དང་གོ་སྐབས་མཉམ་དུ་གནས་པ་དང་།དཀའ་ངལ་དང་རེ་བ་མཉམ་དུ་གནས་ཡོད། སྤྱིའི་ཆ་ནས་བལྟས་ན།གོ་སྐབས་དེ་འགྲན་སློང་ལས་མང་བ་ཡོད། ང་ཚོར་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་།རྣམ་གྲངས་གལ་ཆེན་གྱི་འདེགས་སྐྱོར་ཤུགས་ཆེན།འཕེལ་རྒྱས་ཀྱི་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ།རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་བཅས་ཡོད་པས་ལས་དོན་ཡག་པོ་སྒྲུབ་པའི་གདིང་ཤུགས་དང་ཡིད་ཆེས་ཆེ་རུ་ཕྱིན་ཡོད། དེ་བས་གལ་འགངས་ཆེ་བ་ཞིག་ནི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་རིམ་ཁག་ཏང་ཨུད་ཀྱིས་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་།རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད།ལམ་སྲོལ་གསར་པ་འཚོལ་ཞིབ་བཅས་བྱས་ནས་ལག་ལེན་ཁྲོད་དུས་རབས་གསར་པར་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་གཏོང་དགོས།ངེས་པར་དུ“དོན་ཆེན་བཞི”དང“གསར་གཏོད་བཞིར”སྤྱི་འདོམས་ངང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་མཐའ་འཁྱོངས་བྱེད་དགོས་པ་དང་། “ངེས་པར་དུ་མཐའ་འཁྱོངས་བྱ་དགོས་པ”ལྔ་པོ་དེ་གྲུབ་པ་དང་གཏིང་ཟབ་ཏུ་བཏང་བ་ལས་ང་ཚོས་རྙོག་འཛིང་ཆེ་བའི་དུས་བབ་ལ་ཁ་གཏད་གཅོག་པ་དང་།དཀའ་ངལ་དང་འགྲན་སློང་ལས་རྣམ་པར་རྒྱལ་བ།ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད།

   སྤྱི་སྡེ་ན་སྡེ་འབུམ།་ལག་ཏུ་འཛིན་ན་མཇུག་འབྲས། 2024ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་དང“གསར་གཏོད་བཞིའི”འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་ལོ་ཞིག་ཀྱང་ཡིན། ད་ཐེངས་ཀྱི་ཚོགས་འདུའི་ཐོག་རང་ལྗོངས་ཀྱིས་ཕྱི་ལོའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྤྱིའི་བླང་བྱ་དང་།སྔོན་དཔག་གི་དམིགས་ཚད་གཙོ་བོ།གཙོ་གནད་ལས་དོན་གྱི་ལས་འགན་བཅས་ཁ་གསལ་བཏོན་ཡོད། ལས་ཀའི་བླང་བྱ་དོན་འཁྱོལ་དང་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པར་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུ་ནི་འགྱུར་མེད་ཀྱི་གནས་ལུགས་ཤིག་ཡིན་པ་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་དང་གནད་འཁེལ་ངང་ལག་བསྟར་བྱས་ཏེ་བརྟན་ཐོག་ཡར་འཕེལ་དང་།བརྟན་པོའི་ངང་མདུན་དུ་བསྐྱོད་རྒྱུར་སྐུལ་འདེད།སྔོན་ལ་བཙུགས་པ་དང་རྗེས་སུ་ཐག་གཅོད་བཅས་ཀྱི་བརྟག་ཐབས་སྨྲ་བར་བརྟེན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དང་འབྲེལ་བ་ཡོད་པའི་མི་འབོར་དང་།མི་སེམས།ཤེས་ལྡན་མི་སྣ་བཅས་ཀྱི་གནད་དོན་རང་འགུལ་ངང་ཐག་གཅོད་ཧུར་ཐག་བྱེད་དགོས། གཙོ་གནད་འབུར་ཐོན་དང་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ནས་ནུས་ལྡན་གྱི་མ་འཇོག་རྒྱ་ཆེར་གཏོང་རྒྱུ་དང་།རྣམ་གྲངས་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ།ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ།དེང་རབས་ཀྱི་ཐོན་ལས་མ་ལག་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་རྒྱུ།ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུར་ཤུགས་རྒྱག་རྒྱུ།ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བ་བྱེད་རྒྱུ།དངུལ་རྩའི་ཞབས་ཞུ་ལེགས་སུ་གཏོང་རྒྱུ་དང་།དངུལ་རྩའི་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ནུས་ལྡན་བྱེད་རྒྱུ།དམངས་འཚོའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཤུགས་སྣོན་རྒྱག་རྒྱུ།

   ཏང་གི་འགོ་ཁྲིད་ནི་ལས་དོན་ཁག་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་བསམ་གཞིགས་དང་སྐུལ་འདེད་བཏང་སྟེ་ཏང་གི་འགོ་ཁྲིད་དེ་ལས་དོན་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་ལས་འགན་ཁག་དོན་འཁྱོལ་ཐུབ་པ་བྱེད་དགོས། ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ་དང་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཀྲུང་དབྱང་ལ་འབོད་སྐུལ་དང་བོད་དུ་བྱ་སྤྱོད་སྤེལ་ཐུབ་པ་བྱེད་དགོས་པ་དང་། འགན་འཁྲི་ནན་དུ་གཏོང་བ་དང་རིམ་པ་བཞིན་གནོན་ཤུགས་སྤྲད་ནས་ལས་ཀའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། ནོར་འཁྲུལ་ཤོར་རུང་ཡོ་བསྲང་བྱས་ནས་ལྕག་སྐུལ་དང་གཅུན་འདོམས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁྲིད་ཕྱོགས་ཡང་དག་པ་བཙུགས་ཏེ་འཇོན་ནུས་ལ་བརྟེན་ནས་ལས་བྱེད་པ་བཀོལ་སྤྱོད་དང་།བྱས་འབྲས་དངོས་ལ་བརྟེན་ནས་དཔའ་བོར་བརྩི་རྒྱུ་མཐའ་འཁྱོངས་བྱ་དགོས། ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་།གནད་དོན་ཐག་གཅོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཆེ་རུ་གཏོང་བ།མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་ནུས་པ་དང་།ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པའི་ནུས་པ།སྤྱི་ཡོངས་ཁྲོད་བསམ་གཞིག་བྱེད་པའི་ནུས་པ་བཅས་ཆེ་རུ་གཏོང་དགོས་པ། ཁྱོན་ཡོངས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་ནས་ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་།ཐབས་ཇུས་འགོད་པ།བྱ་བ་སྒྲུབ་པ་བཅས་བྱེད་དགོས། གཞུང་དྲང་གསར་གཏོད་མཐའ་འཁྱོངས་དང་།ཏང་ཀྲུང་དབྱང་གི་དགོངས་དོན་དང་རང་ངོས་ཀྱི་དོན་དངོས་ཟུང་འབྲེལ་དམ་ཟབ་བྱེད་མཁས་པོ་བྱས་ཏེ་ལས་ཀའི་མཐའ་མའི་ཕན་འབྲས་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་དགོངས་པར་དེ་བས་འཚམ་པ་བྱེད་དགོས། སྤྱོད་ཚུལ་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་།དམིགས་ཚད་ཀྱི་སྟོན་ཕྱོགས་དང་།གནད་དོན་གྱི་ཁྲིད་སྟོན།མཇུག་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་ཀྱིས་ཇི་མ་ཇི་བཞིན་དོན་འཁྱོལ་ལ་དམ་འཛིན་དང་།ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན།དངོས་ཐོག་བདེན་འཚོལ་གྱིས་དོན་འཁྱོལ་ལ་དམ་འཛིན།ལས་དོན་སྒྲུབ་པ་དང་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་ཁྱབ་ཁོངས་ཁག་དང་ཕྱོགས་ཁག་ཕྱོགས་ལ་འཁྱོག་ནས་མི་འགྲོ་བ་དང་།སྐབས་བསྟུན་མི་བྱེད་པ།རྣམ་པ་ཙམ་མི་འགྱུར་བ་བཅས་བྱེད་དགོས། “གཞི་རིམ་བཞི་”ཡི་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་།བརྟག་དཔྱད་ཞིབ་འཇུག་ཆེས་ཆེར་བྱས་ཏེ།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བའི་བརྗོད་བྱ་གཙོ་བོའི་སློབ་གསོའི་གྲུབ་འབྲས་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་ཆེན་པོར་བསྒྱུར་དགོས།

  འཆར་འགོད་གསར་པ་བརྗིད་ཉམས་ཆེ་ཞིང་ཕུན་སུམ་ཚོགས་པ་དང་།རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་འདེད་ སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་དོན་ཁག་གི་དམིགས་ཚད་དང་ལས་འགན་གཏན་འཁེལ་བྱས་ཟིན་ཞིང་།འགག་རྩ་ནི་དོན་འཁྱོལ་དམ་འཛིན་བྱ་རྒྱུར་ཐུག་ཡོད། ང་ཚོས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ་ཡིད་ཆེས་བརྟན་པོ་དང་།འགག་སྒྲོལ་དཀའ་སེལ།བདེན་འཚོལ་དངོས་གཉེར།ལས་དོན་སྒྲུབ་ཕོད་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པ་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བར་བསུ་བ་ཞུ་དགོས།

དཔྱད་ཡིག་རི་མོ་ཚོགས་
PHOTO COLLECTIONS
དཔྱད་ཡིག་ཆ་འཕྲིན་བརྙན་ལམ་
VIDEO COLLECTIONS