རི་ཐུ་རིག་ལྡན་རིག་གནས་ཡུལ་སྐོར་ཞབས་ཞུའི་སྤྲིན་སྟེགས་
མཐའ་བརྟན་མཐའ་བརྟན་དང་མཛེས་སྡུག་ལྡན་པའི་རི་ཀླུང་འགོ
དུས་ཚོད།: 2023-12-15
ཁྱབ་བསྒྲགས་བྱེད་མཁན་སྡེ་ཚན།: 网信日土

རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་བྱ་རྒྱུ་ནི་ཁྲུའུ་ལུའུ་སུང་ཅེ་ཤང་གི་རྒྱ་ཆེའི་མང་ཚོགས་ཚོའི་བླ་ན་མེད་པའི་འགན་འཁྲི་ཞིག་ཡིན་པ་དང་།ས་ཆ་གལ་ཆེན་ཁག་གཅིག་ཏུ་སྐོར་ཞིབ་བྱེད་པའི་ལམ་བུའི་ས་དབྱིབས་རྙོག་འཛིང་ཆེ་བའི་ཆར་དུས་སམ་ཡང་ན་དགུན་དུས་ཁ་བ་བབས་ནས་རི་བར་བཀག་སྐབས་གནས་གལ་ཆེན་མང་པོ་ཞིག་ཏུ་སླེབས་ཀྱི་མེད། མཱ་ཉི་ཐང་གའི་གནས་སྐབས་ཏང་ཀྲི་པུའུ་ཡི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོགཏང་ཡོན་གྱི་སྣེ་ཁྲིད་དང་།ལས་མི་ཡོངས་ཞུགས་པ།དཀའ་སྡུག་ཚད་མེད་མྱོང་བ་དང་།དམག་འཐབ་ལ་མཁས་པ།མཐུན་སྒྲིལ་ཧ་ཅང་ཐུབ་པ།ལེགས་སྐྱེས་འབུལ་ཐུབ་པ་བཅས་ཀྱི་བོད་སྐྱོད་རྒན་གྲས་ཀྱི་སྙིང་སྟོབས་འདོན་སྤེལ་བྱས་ནས་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་།གཉིས་ནས་འཆི་རྒྱུར་མི་སྐྲག་པ།བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱེད་པ།ལམ་རྡོ་ཞིག་བྱེད་པ་བཅས་ཀྱི“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་མཐའ་སྐྱོང་བོད་བརྟན་དུ་གཏོང་བའི་དུས་རབས་ཀྱི་འགན་འཁྲི་ལྷག་བསམ་རྣམ་དག་ངང་ལག་བསྟར་བྱས་པ་རེད།2023ལོའི་ཟླ་4ཚེས་21ཉིན།ཉི་མ་ཚེ་རིང་གིས་དར་མ་དང་དར་མ་ལྔ་སྣེ་ཁྲིད་དེ་གཙོ་གནད་ཁུལ་དུ་སྐོར་གཡེང་ལས་དོན་སྤེལ་བ་དང་།ལམ་བར་དུ་རི་བོ་མཐོན་པོ་ཞིག་གི་རི་རྐེད་དུ་སླེབས་སྐབས་ཁ་བ་ཆེན་པོ་བབས།སྐབས་དེར་སྐོར་གཡེང་རུ་ཁག་ཆུང་བས་རྐང་ཐང་མར་ཆུ་ཚོད་གཉིས་བསྐྱོད་ཡོད།ལུས་སྟོབས་དང་སྙིང་སྟོབས་གཉིས་ཀ་ཉམས་མེད་ངང་རི་ཉིལ་བའི་གནས་སུ་གྱར་ཡོད།མི་རྣམས་ཀྱིས“རྒྱུན་འཁྱོངས་ལྷོད་མེད་ངང་མཐའ་མཚམས་སྲུང་བའི་བླ་ན་མེད་པའི་འགན་འཁྲིའི”སྲུང་བའི་སྙིང་སྟོབས་བཅངས་ནས་སྙིང་རུས་ཆེན་པོས་བྱ་སྤྱོད་སྤེལ་བ་དང་།

སྤྱི་པའི་ཞབས་ཞུའི་ཞན་ཆ་གསབ་ནས་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བརྟན་པོ་འཛུགས་དགོས།

ས་བབ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོའི་ལས་དོན་ནི་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། ཁྲུའུ་ལུའུ་སུང་ཅེ་ཤང་གིས་2012ལོའི་ཟླ་བདུན་པར་གྲོང་ཚོ་བསྐྲུན་ནས་ཤང་བསྐྲུན་པར་སྲིད་འཛིན་ས་ཁོངས་ཀྱི་དུས་ཚོད་ཐུང་བ་དང་ས་མཐོའི་རི་ཁུལ་གྱི་ཞིང་ལས་སྐྱེ་དངོས་འདེབས་འཛུགས་དང་སྐྱེ་འཚར་གྱི་དུས་འཁོར་ཐུང་བས་རྩ་མདའ་རྫོང་གྲོང་ཁུལ་གྱི་འཕེལ་རྒྱས་ཀྱི་འགོག་རྐྱེན་དང་ཐག་རིང་དུ་ཕྱིན་ཡོད། ལྷ་རྩེའི་ཐང་ག་དང་།ལིང་ཐང་གམ་ཉི་ཐང་ག“གནས་སྤོ་ཐུབ་པ་དང་།གཞིས་ཆགས་ཐུབ་པ།མཉམ་འདྲེས་ཐུབ་པ།ཕྱུག་པོ་ཆགས་ཐུབ་པ”བཅས་འགན་ལེན་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་དོན་ཆེན་ཨང་དང་པོར་གྱུར་ཡོད།

ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆིས“གང་དུ་གནས་སྤོས་མང་ཚོགས་ཡོད་ཚེ་ཏང་རྩ་འཛུགས་དེ་གར་བཙུགས་ནས་གང་དུ་ཏང་ཡོན་མང་ཚོགས་ཡོད་ཚེ་ཏང་གི་འོད་སྟོང་འཕྲོ་བའི་འོད་ཟེར་གང་དུ་འཕྲོ་ཐུབ”ཅེས་ནན་བཤད་གནང་བ་རེད། མང་ཚོགས་ཀྱི་རྗེས་མཐུད་འགན་སྲུང་ལས་དོན་ལ་དམིགས་ཏེ་གནས་སྤོའི་ལས་དོན་སྤེལ་ཚུན་ཁྲུའུ་ལུའུ་སུང་ཅེ་ཤང་གིས་ཤང་འཕྲོད་བསྟེན་ཁང་དང་།བདེ་འཇགས་ཐོན་སྐྱེད་ལས་དོན་མི་སྣ།ལས་བྱེད་ལས་བཟོ་བཅས་སྒྲིག་འཛུགས་བྱས་ཏེ་ལྷ་རྩེ་ར་དང་།ལིང་ཐང་གམ་ཉི་ཐང་ག་བཅས་བཀོད་སྒྲིག་བྱ་ཡུལ་3ལ་སྡོད་ཁང་དང་།ཆུ།གློག་སོགས་ཐད་ཀྱི་བདེ་འཇགས་མངོན་མེད་རྐྱེན་ངན་ཐེངས་32གྲལ་བཤེར་བྱས་པ་དང་།ཤང་འཕྲོད་བསྟེན་ཁང་དུ་སྨན་བཅོས་སྐོར་བརྟག་བྱེད་པར་ཐེངས་7བཏང་བ།མཁོ་གལ་ཆེ་བའི་སྨན་རྫས་རིགས་6སྤྲད་ནས་མང་ཚོགས་ཚང་མ་གོ་རིམ་ལྡན་པའི་སྒོ་ནས་སྡོད་ཁང་གསར་པར་སྡོད་རྒྱུའི་འགན་ལེན་བྱས་པ་རེད།གནས་སྤོས་ཞིང་འབྲོག་མང་ཚོགས་ཀྱིས་འཚོ་བ་གསར་པ་དང་འཚམ་པ་བྱ་ཆེད།ཁྲུའུ་ལུའུ་སུང་ཅེ་ཤང་ཏང་ཨུད་ཀྱིས་ཚན་ཁག་གི་ཁོངས་མི་3བཀོད་སྒྲིག་བྱ་ཡུལ་དུ་གནས་སྐབས་ཏང་ཀྲི་པུའུ་3བཙུགས་ནས་གཞི་རིམ་ཏང་རྩ་འཛུགས་ཡོངས་སུ་ཁྱབ་པར་བྱས་པ་རེད། “ངོ་ཐུག་གདོང་འཕྲད་དང་གཅིག་སེམས་གཅིག་སྦྲེལ”གྱི་དྲོ་སྐྱིད་ཞབས་ཞུ་སྤེལ་ནས་ཤང་སྲིད་གཞུང་གིས་སྒོར་6000བཏང་ནས་སྒྲ་སྒམ་གསུམ་ཉོས་ཏེ་མང་ཚོགས་ཀྱི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་74འཁོར་བར་རྟེན་འབྲེལ་ཞུ་རྒྱུ་གོ་སྐབས་སུ་བྱས་ཏེ་རྩ་མདའ་རྫོང་ཨུད་དྲིལ་བསྒྲགས་པུའུ་དང་།རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན།རྫོང་སྤྱི་བདེ་ཅུས།རྫོང་རིག་གནས་ཡུལ་སྐོར་དང་ལུས་རྩལ་ཅུས་བཅས་ལས་གྲུབ་པའི་རིག་གནས་རིག་རྩལ་དང་བླངས་ཞབས་ཞུ་རུ་ཁག་གདན་དྲངས་ནས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་དང་།དམངས་ཀྱི་གནས་ཚུལ་དང་གོམས་སྲོལ་གསལ་བཤད།རིག་རྩལ་མཉམ་འཁྲབ་བཅས་ཀྱི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་དེ“རིགས་པའི་གཞུང་ལུགས་དང་རིག་རྩལ་ཟུང་དུ་འབྲེལ་བའི”རྣམ་པའི་ཐོག་ནས་མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་།མང་ཚོགས་དང་འབྲེལ་གཏུག་བྱེད་པའི་དཔེ་གཞི།ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པ་བཅས་ཀྱི་ཐོག་ནས་ལྷ་རྩེ་རྭ་དང་།ལིང་ཐང་གམ་ཉི་ཐང་གའི་མང་ཚོགས་བཅས་ཁོར་ཡུག་གསར་པའི་ནང་སྔར་བས་ཞུགས་ཐུབ་པ་དང་འཚོ་བ་གསར་པ་དང་འཚམ་ཐུབ་པ་བྱས་པ་རེད། ལྷ་རྩེ་རགས་བསོད་ནམས་ཚེ་རིང་གིས“ད་ཆ་ཁྱིམ་ཚང་གསར་པ་དེ་སྔ་ལས་མང་དུ་ཕྱིན་ཡོད།དེ་སྔ་ཐོག་དཔངས་དམའ་བའི་གུར་དང་ཡང་ན་གྱང་གི་ཁང་པ་ཡིན་པ་དང་ད་ཆ་གྲལ་འགྲིག་པའི་སོ་ཕག་གི་ཁང་པ་ཡིན་པས་དཀར་ཆ་དོད་ལ་གཙང་སྦྲ་དོད་པའི་ཐབ་ཚང་དང་གཙང་སྦྲ་དོད་པའི་གསང་སྤྱོད་ཆེ་མོ་ཡོད་པས་རྨང་གཞིའི་འཚོ་བའི་ཁྱིམ་ཆས་ཀྱང་ཉོ་ཐུབ་ཀྱི་ཡོད།ཆེས་གཙོ་བོ་ནི་རྒྱལ་ཁབ་ཀྱི་ཕན་བདེའི་སྲིད་ཇུས་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་དེ་རེད”ཅེས་བཤད།

དགེ་མཚན་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་མཐའ་དར་དམངས་ཕྱུག་གི་ཀ་རྟེན་བརྟན་པོ་བསྐྲུན་དགོས།

མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་སྤེལ་ནས་ལེགས་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་།མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ།མེས་རྒྱལ་གྱི་མཐའ་སྲུང་སྲ་བརྟན་དུ་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཁྲུའུ་ལུའུ་སུང་ཅེ་ཤང་ཏང་ཨུད་དང་སྲིད་གཞུང་གིས“ཏང་རྩ་འཛུགས+མཉམ་ལས་ཁང+ཁྲོམ་རའི་གཉེར་སྐྱོང་གཙོ་གནད+རྟེན་གཞི+གྲོང་མི”བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་སྤྱད་དེ་པ་ཁ་གྲོང་ཚོའི་ཞིང་དུད་ལ་རླངས་འཁོར་མང་པོ་ཡོད་པ་དང་ཁྲུའུ་སུང་གྲོང་ཚོ་དེ་ཉིད་གཙང་པོའི་རྒྱུད་ཀྱི་ས་བབ་གནས་བབ་ཀྱི་ལེགས་ཆར་བརྟེན་ནས་གྲོང་ཚོའི(གྲོང་ལྷན)ཨུ་ལྷན་གཉིས་རྨང་གཞིར་བྱས་ཏེ་པ་ཁ་གྲོང་ཚོའི་སྐྱེལ་འདྲེན་རླངས་འཁོར་མཉམ་ལས་ཁང་བཙུགས་པ་དང་།མཉམ་ལས་ཁང་གིས་དབུལ་སྐྱོར་ཐོན་ལས་འཛུགས་སྐྲུན་དང་ཞིང་འབྲོག་པའི་མ་དངུལ་བཏང་ནས་མ་རྐང་འཇོག་པའི་ངལ་ལས་དང་དེ་བཞིན་འཕྲུལ་ཆས་ཕྱིར་གཡར་སྟངས་སྤྱད་ནས་ལས་གཉེར་བྱས་པར་མིག་སྔའི་ཡོང་འབབ་སྒོར་ཁྲི་30རག་ཡོད་པ་རེད།

ཁྲོ་གསུམ་གྲོང་ཚོའི་བྱེ་རྡོའི་རྒྱུ་ཆ་བཟོ་གྲྭའི་མཉམ་ལས་ཁང་གིས་ཞིང་འབྲོག་པའི་མ་དངུལ་མ་རྐང་ནང་ཞུགས་པ་དང་ཞིང་འབྲོག་པའི་ངལ་ནུས་དང་གན་རྒྱ་བཞག་པའི་པ་ཁ་གྲོང་ཚོའི་སྐྱེལ་འདྲེན་རླངས་འཁོར་མཉམ་ལས་ཁང་གི་རྣམ་པའི་ཐོག་ནས་གཉེར་སྐྱོང་བྱས་པ་དང་།2023ལོར་སྒོར་ཁྲི་73ལྷག་ཙམ་གྱི་གཉེར་སྐྱོང་ཡོང་འབབ་བྱུང་ནས་ས་གནས་དེ་གའི་མང་ཚོགས་ཁ་ཐོར་དུད་ཚང་དང་།མཉམ་ལས་ཁང་།ཁེ་ལས་བཅས་སུ་ཁྲིད་སྟོན་བྱས་ཏེ་རིམ་གྱིས་མེད་པ་ནས་ཡོད་པ་དང་ཐར་ཐོར་ནས་གཞི་ཁྱོན་བར་དེང་རབས་ཐོན་ལས་མ་ལག་བཙུགས་ནས་ཞིང་འབྲོག་མང་ཚོགས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། ཁྲོ་གསུམ་གྲོང་ཚོའི་ཐོན་ལས་མགྲོན་ཁང་གིས་ཞིང་འབྲོག་པའི་མ་དངུལ་མ་རྐང་ནང་ཞུགས་པ་དང་ཞིང་འབྲོག་པའི་ངལ་ནུས་ནང་ཞུགས་པའི་བྱ་ཐབས་སྤྱད་དེ་གཉེར་སྐྱོང་བྱས་པ་དང་2023ལོར་སྒོར་ཁྲི་40ལྷག་ཙམ་གྱི་གཉེར་སྐྱོང་ཡོང་འབབ་བྱུང་ཡོད།ཤང་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་ཐོན་ལས་འབྲེལ་ཐག་འགན་ལེན་དང་ཐོན་ལས་འཕེལ་རྒྱས་དང་བརྟན་ལྷིང་འགན་ལེན་བྱས་ཏེ་གྲོང་ཚོ་མཉམ་སྡེབ་ཐོན་ལས་ཀྱི་འགན་ནུས་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཞིང་འབྲོག་མང་ཚོགས་ལ་ཕན་པ་དེ་བས་ལེགས་པ་ཐོབ་ཡོད། ཏང་ཨུད་དང་སྲིད་གཞུང་གིས་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ“གྲོང་གསེབ་དར་རྒྱས་གཏོང་དགོས་ན་ཐོན་ལས་སྔོན་ལ་སྤེལ་དགོས་པའི”ལས་ཀའི་འདུ་ཤེས་དེ་ཞིང་འབྲོག་མང་ཚོགས་ཀྱི་ཁྲོད་དུ་ཁྱབ་པ་བྱས་ནས་མང་ཚོགས་ཐོན་ལས་ཀྱི་ཁེ་སྤོགས་རིམ་བཞིན་མང་དུ་བཏང་བ་དང་ཕྱུག་འགྱུར་གྱི་ལམ་བུ་རིམ་བཞིན་རྒྱ་ཆེར་བཏང་ཡོད།


དཔྱད་ཡིག་རི་མོ་ཚོགས་
PHOTO COLLECTIONS
དཔྱད་ཡིག་ཆ་འཕྲིན་བརྙན་ལམ་
VIDEO COLLECTIONS