ཟླ་10བའི་ཚེས་8ལ།ས་ཨུའི་ཧྲུའུ་ཅི་ཏོན་ཧའེ་ཡིས་འགོ་འཛིན་བྱས་ཏེ་2023ལོའི་ཐེངས་24བའི་ས་ཨུའི་གྲོས་ཚོགས་ཚོགས་ནས། གི་སྤྱི་ཁྱབ་ཧྲུའུ་ཅིའི་ཉེ་ལམ་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་།ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཉེ་སྐབས་ཀྱི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ།རང་རེའི་ས་ཁུལ་གྱི་བསམ་འཆར་ལག་བསྟར་དོན་འཁྱོལ་བྱེད་པར་ཞིབ་འཇུག་བྱས།
ཏོན་ཧའེ་ཡིས་ ཀྱི་སྤྱི་ཁྱབ་ཧྲུའུ་ཅིས་ཟླ་9ཚེས་27ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་དང་པོའི་སྐོར་གཟིགས་ལ་ཐོབ་པའི་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་བྱས་ཏེ་སྐོར་གཟིགས་དག་ཐེར་ལ་དམ་འཛིན་ནན་པོ་དང་།ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན།ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བཅས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་ནས་ང་ཚོས་སྐོར་གཟིགས་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད་དམིགས་ཚད་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ཅེས་གསུངས་པ་རེད། གི་སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བརྒྱད་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་ཀྲུང་གོ་འཛམ་གླིང་ཚོང་དོན་རྩ་འཛུགས་སྒྱུར་བཅོས་ནང་ཞུགས་པའི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་གསལ་སྟོན་གཏིང་ཟབ་གནང་བ་དང་།ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་བ།ང་ཚོ“རྒྱུད་གཅིག་ལམ་གཅིག”གི་འཕེལ་རྒྱས་འཐབ་ཇུས་ནང་མཉམ་འདྲེས་གཏིང་ཟབ་དང་ཕྱི་ཕྱོགས་སྒོ་དབྱེ་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ་རེད། གི་སྤྱི་ཁྱབ་ཧྲུའུ་ཅི་ཀྲེ་ཅང་དང་ཧྲན་ཏུང་ཙའོ་ཀྲོང་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང“ཞིང་གསུམ”ལས་དོན་དང་དུས་རབས་གསར་པའི་གཞུང་དོན་ཐིང་གི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་སོགས་ང་ཚོས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པ་དང་།གྲོང་གསེབ་དར་རྒྱས་གཏོང་བ།གཞུང་དོན་ཁང་ཁོངས་གཏོགས་ཀྱི“ཞབས་ཞུ་གསུམ”གྱི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ།བུད་མེད་དང་བྱིས་པའི་ལས་དོན་སྤེལ་བ།མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ།སྒྱུར་བཅོས་སྒོ་དབྱེ་རྒྱ་ཆེར་གཏོང་བ།དུས་རབས་གསར་པའི“ཟམ་སྐྲུན་གྱི་ཉམས་མྱོང་”དང་།རྣམ་པ་གསར་པའི་བཟོ་ལས་ཅས།རིག་གནས་བྱ་གཞག་བཅས་དང་དེ་བཞིན་སྔོན་གཤེགས་དཔའ་བོའི་ལས་དོན་ལ་མཛུབ་ཁྲིད་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་གལ་ཆེན་ལྡན་ཡོད།
ཏོན་ཧའེ་ཡིས་ས་ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་ ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་སློབ་སྦྱོང་གི་ནང་དོན་གལ་ཆེན་ནང་བཅུག་ནས་བསམ་བློ་གཅིག་གྱུར་དང་།འདུན་པ་གཅིག་གྱུར།བྱ་སྤྱོད་གཅིག་གྱུར་བཅས་ཀྱི་ཐོག་ནས“དོན་ཆེན་བཞིར”དམིགས་ནས“གསར་གཏོད་བཞིར”དམིགས་ནས་ས་ཨུད་ཀྱི“1214”ལས་ཀའི་བསམ་ཕྱོགས་དོན་འཁྱོལ་བྱས་ཏེ་མངའ་རིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
སྐོར་ཞིབ་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། སྐོར་ཞིབ་དང་སྐོར་ཞིབ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ཁག་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཆབ་སྲིད་ཀྱི་ལྟ་སྐུལ་ལ་དམ་འཛིན་ཡག་པོ་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་དང་།རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ།ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པ།ཐེངས་བཞི་པ་བཅས་ཀྱི་ལས་འགན་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་།སྐོར་ཞིབ་དག་ཐེར་དང་གྲུབ་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་བ།དེ་སྔའི་སྐོར་ཞིབ་དང་གནད་དོན་ཤེས་རྟོགས་དང་དག་ཐེར་གྱི་“ཕྱིར་མིག་ལྟ་བ་”བྱེད་ཤུགས་ཆེ་རུ་བཏང་བ་བཅས་བྱས་ནས་སྐོར་ཞིབ་ལྟ་སྐུལ་དང་།
ཕྱི་ཕྱོགས་སྒོ་འབྱེད་མུ་མཐུད་དུ་རྒྱ་བསྐྱེད་དགོས། བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བའི་ཁྲོད་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ཁྱོན་ཡོངས་ལ་བསྟུན་རྒྱུ་དང་།“རྒྱུད་གཅིག་ལམ་གཅིག”ནང་ཧུར་ཐག་ཞུགས་རྒྱུ།སྤུ་ཧྲེང་རྫོང་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ།སྤུ་ཧྲེང་རྫོང་འགག་སྒོའི་ནུས་པ་བཀོད་སྒྲིག་བྱེད་སྟངས་འཐུས་ཚང་དུ་གཏོང་རྒྱུ།དྲ་སྦྲེལ་སྤེལ་རེས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ།ཕྱིར་གཏོང་ཚོང་ཟོག་གི་གྲུབ་ཆ་སྣེ་མང་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ།མཐའ་མཚམས་ཚོང་དོན་ཟོག་འགྲེམས་ལས་རིགས་དང་མཐའ་མཚམས་ཁྱད་ལྡན་ཡུལ་སྐོར་ལས་རིགས་ལེགས་སུ་དང་སྟོབས་ཆེར་གཏོང་རྒྱུ་བཅས་བྱས་ནས་འགག་སྒོའི་དཔལ་འབྱོར་ཁྱད་ཆོས་ལྡན་པ་དང་ཕན་འབྲས་ཐོན་རྒྱུ་རེད།
གྲོང་གསེབ་དར་རྒྱས་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་ཐོན་ལས་དང་།ཤེས་ལྡན་མི་སྣ།རིག་གནས།སྣོད་བཅུད།རྩ་འཛུགས་བཅས“དར་རྒྱས་ལྔར”ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་།དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ།དབུལ་སྐྱོར་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་ཏན་ཏིག་གཏོང་བ།གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ།
གྲོང་གསེབ་ཀྱི་དུད་ཚང་དུ་གསང་སྤྱོད་སྤྱོད་པར་སྒྱུར་བཀོད་བྱ་རྒྱུར་སྐུལ་འདེད་བཏང་ནས་སྡོད་རྒྱུར་འཚམ་པའི་ལས་རིགས་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་ཁག་གཅིག་སྐྲུན་རྒྱུར་ཤུགས་རྒྱག་དགོས།
གཞུང་ལས་ཁང་གི་“ཞབས་ཞུ་གསུམ”གྱི་ལས་དོན་དམ་འཛིན་བྱེད་དགོས། གི་སྤྱི་ཁྱབ་ཧྲུའུ་ཅིས་དུས་རབས་གསར་པའི་གཞུང་དོན་ཐིང་གི་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ“གཏན་འཁེལ་གཉིས”བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱེད་པ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ།བསམ་བློ་དང་།ཆབ་སྲིད།བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ ལྟེ་བར་བྱེད་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་།ལག་ལེན་ལ་མཛུབ་ཁྲིད།ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བློ་དཀར་སེམས་དཀར་དང་།སྤྱོད་གཙང་།འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་རྒྱུར་ཤུགས་རྒྱག་དགོས། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་སྲུང་དང་།དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱ་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་དེ་བཞིན་ས་ཨུད་ལས་དོན་གྱི་བླང་བྱ་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་ཡོད།
ཏོན་ཧའེ་ཡིས་ས་ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཉེ་དུས་ཀྱི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་མི་སེམས་ལ་ཟུག་པ་དང་།གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་པ།སྦྱངས་པ་གོ་ཆོད་དང་སློབ་སྦྱོང་ལ་བརྟེན་ནས་བསྒྲུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་མངའ་རིས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་ཏང་གི་རྩ་འཛུགས་ལམ་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་།བསམ་བློ་འཛུགས་སྐྱོང་།རྩ་འཛུགས་འཛུགས་སྐྱོང་།སྤྱོད་ཚུལ་འཛུགས་སྐྱོང་།སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་།ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་མངའ་རིས་ཀྱི་ཏང་གི་སྲིད་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། རྒྱལ་སྲུང་དང་བཅའ་སྡོད་དམག་དཔུང་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་དཔོན་དམག་གི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་ཐག་གཅོད་བྱེད་རོགས་བྱས་ནས་རྒྱུ་རྐྱེན་གཙོ་བོ་དང་།ཁྱབ་ཁོངས་མང་བ།ཕན་འབྲས་མཐོ་བ་བཅས་ཀྱི་དམག་དམངས་མཉམ་འདྲེས་གཏིང་ཟབ་ཀྱི་འཕེལ་རྒྱས་རྣམ་པ་ཞིག་མགྱོགས་མྱུར་ཆགས་པ་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་བྱ་སྤྱོད་གཏིང་ཟབ་སྤེལ་བ།མི་རིགས་ཀྱི་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བཅས་བྱས་ནས་མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་བྱ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཏང་གིས་དྲ་སྦྲེལ་ལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་།དྲ་ཐོག་གི་བརྒྱུད་བསྒྲགས་གཡུལ་ས་སྟོབས་ཆེར་གཏོང་བ།སྐྱོན་བྲལ་གྱི་གླེང་ཕྱོགས་རྣམ་པ་དང་དྲ་རྒྱའི་སྣོད་བཅུད་ཧུར་ཐག་གཏོད་པ་བཅས་བྱེད་དགོས།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།