རི་ཐུ་རིག་ལྡན་རིག་གནས་ཡུལ་སྐོར་ཞབས་ཞུའི་སྤྲིན་སྟེགས་
གིས་བསམ་བློ་དང་རིག་གནས་དྲིལ་བསྒྲགས་ཀྱི་ལས་ཀར་མཛུབ་
དུས་ཚོད།: 2023-10-09
ཁྱབ་བསྒྲགས་བྱེད་མཁན་སྡེ་ཚན།: དྲ་འཕྲིན་ཉི་མ་

ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ ཡིས་བསམ་བློ་རིག་གནས་དྲིལ་བསྒྲགས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ལས་དོན་དེ་ཏང་གི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པ་དང་།རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པ།མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་དང་འབྲེལ་བ་ཡོད་པ་བཅས་ནི་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་ཞིག་རེད་ཅེས་གསུངས་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་ལ་བརྒྱུད་རིམ་ལྡན་པའི་ཇུས་འགོད་དང་བཀོད་སྒྲིག་བྱས་པ་དང་།དུས་རབས་གསར་པའི་དྲིལ་བསྒྲགས་བསམ་བློའི་རིག་གནས་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་བ།འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་དུས་བབ་ལ་ཁྱོན་ཡོངས་དང་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་བ།ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རིག་གནས་ཀྱི་གདེང་ཚོད་མངོན་གསལ་དོད་པོས་ཆེ་རུ་དང་བསམ་པའི་ཉམས་འགྱུར་དེ་བས་འབད་འབུངས་ཡར་བརྩོན་བཅས་བྱས་ཡོད།

 ནང་ནན་བཤད་བྱས་དོན།དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་འཛམ་གླིང་གི་ལོ་བརྒྱའི་ནང་འགྱུར་ལྡོག་བྱུང་མེད་པའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་བྱུང་བ་དང་།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འགག་རྩའི་དུས་སྐབས་སུ་སླེབས་པ།འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་དུ་གནས་པ།བསམ་བློ་རིག་གནས་དྲིལ་བསྒྲགས་ལས་དོན་ལ་དུས་བབ་གསར་པ་དང་ལས་འགན་གསར་པ་འཕྲད་པ་བཅས་ལ་ངེས་པར་དུ་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་ཡོད་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་མི་དམངས་ལ་སློབ་གསོ་གཏོང་བའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་འདིར་དམིགས། ལོ་རྒྱུས་ཀྱི་འགོ་ཚུགས་གཞི་གསར་པའི་ཐོག་རིག་གནས་དར་རྒྱས་ཡོང་བར་མུ་མཐུད་སྐུལ་འདེད་དང་།རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན།ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྤེལ་བཅས་ཀྱི་རིག་གནས་ལས་འགན་གསར་པ་འདིར་དམིགས། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་།སྒོ་དབྱེའི་ཁོང་ཡངས་མཐའ་འཁྱོངས་བྱེད་པ།གསར་གཏོད་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ།ཏང་གིས་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ།གོང་བུ་འགྲིལ་ཤུགས་དང་སྣེ་ཁྲིད་ནུས་པ་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་གཏོད་རྒྱུར་ཤུགས་རྒྱག་པ།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུར་ཤུགས་རྒྱག་པ།གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་སྤེལ་ནུས་པ་དང་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་པ།ཀྲུང་ཧྭ་རིག་གནས་རྒྱུན་འཛིན་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་ཀྱི་སྟོབས་ཤུགས་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ།

 ནང་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས་ཕྲག་ཐོག་ཏུ་ཁུར་ཏེ་རིག་གནས་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་ཡོད། རིམ་ཁག་རིག་གནས་དྲིལ་བསྒྲགས་སྡེ་ཚན་གྱིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་།སྒྱུར་བཅོས་གསར་གཏོད་བྱེད་ཕོད་པ།འཐབ་རྩོད་བྱེད་ཕོད་པ་བཅས་བྱས་ཏེ་དུས་རབས་གསར་པའི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

ཟླ་10ཚེས་7ནས་ཚེས་8ཉིན་བར་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་ གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དེ་གཟིགས་རྒྱང་རིང་ལ་གཏིང་ཟབ་པ་དང་ཆབ་སྲིད་རང་བཞིན་དང་།བསམ་བློའི་རང་བཞིན།མཛུབ་ཁྲིད་རང་བཞིན་བཅས་ཤུགས་ཆེན་ལྡན་ཡོད་པས་དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད་པས་ངེས་པར་དུ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས།

ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།བསམ་བློ་རིག་གནས་དྲིལ་བསྒྲགས་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་ཆེས་རྩ་བ་ནི་ གི་སྤྱི་ཁྱབ་ཧྲུའུ་ཅིས་ཕྱོགས་སྟོན་གནང་བ་དང་ ལྡན་པའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་ཐུག་ཡོད།

རིང་ལུགས་ཀྱི་བསམ་བློའི་ཚན་རིག་གི་མཛུབ་ཁྲིད། དུས་རབས་གསར་པའི་རིག་གནས་དར་སྤེལ་ཐད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཡི་བསམ་བློ་གསར་པ་དང་།ལྟ་བ་གསར་པ།ཆོད་གཏམ་གསར་པ་བཅས་ཀྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་དང་རྒྱས་བཤད་ཧ་ཅང་ཟབ་མོ་ཡོད་པ་དེ་ནི་དུས་རབས་གསར་པའི་ཏང་གིས་རིག་གནས་འཛུགས་སྐྱོང་ལ་འགོ་ཁྲིད་བྱེད་པའི་ལག་ལེན་གྱི་ཉམས་མྱོང་གི་རིགས་པའི་གཞུང་ལུགས་ཀྱི་ཕྱོགས་སྡོམ་ཞིག་ཡིན་པ་དང་།མར་ཁེ་སི་རིང་ལུགས་ཀྱི་རིག་གནས་རིགས་པའི་གཞུང་ལུགས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་བ་ཞིག་ཡིན་པ། ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིག་གནས་ལེའུ་ཞིག་གྲུབ་ནས་ རིག་གནས་ཀྱི་བསམ་བློ་ཞིག་ཆགས་ཡོད།

ཚོགས་འདུའི་ཐོག་བསྟན་དོན། ཀྱི་རིག་གནས་བསམ་བློར་རིག་གནས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གསར་གཏོད་དང་ཚད་བརྒལ་ཡོད་ལ་རིག་གནས་ལས་དོན་བཀོད་སྒྲིག་ཐད་ཀྱི་བཀོད་སྒྲིག་བླང་བྱ་ཡང་ཡོད་པ་དེ་ཐོག་ནས་རང་རེའི་ཏང་གི་ལོ་རྒྱུས་ཀྱི་གདེང་ཚོད་དང་རིག་གནས་ཀྱི་གདེང་ཚོད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་པ་མ་ཟད།རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་ཁྲོད་ཚན་རིག་གི་ལས་འགན་གསར་པ་དང་རིག་གནས་ཀྱི་ཕྱོགས་སྟོན་གསར་པ་ཞིག་བཏོད་ནས་དུས་རབས་གསར་པའི་རིག་གནས་དྲིལ་བསྒྲགས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་འཁུར་ཡོད་པས་རང་རེའི་ཏང་གི་ལོ་རྒྱུས་ཀྱི་གདེང་ཚོད་དང་རིག་གནས་ཀྱི་གདེང་ཚོད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།  ཀྱི་རིག་གནས་བསམ་བློ་ནི་རྒྱུན་ཆད་མེད་པར་ཁྱབ་སྤེལ་གཏོང་བ་དང་སྒོ་འབྱེད་ཅན་གྱི་བསམ་བློའི་མ་ལག་ཅིག་ཡིན་པས།ལག་ལེན་དང་བསྟུན་ནས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་འགྲོ་ངེས་རེད། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ནས་ ཀྱི་རིག་གནས་བསམ་བློར་སློབ་སྦྱོང་དང་།ཞིབ་འཇུགའཆད་འགྲེལ་བཅས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་འབྲེལ་རང་རྟོགས་ངང་དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཀྱི་རིག་གནས་བསམ་བློ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམ་པོར་དམིགས་པ་དང་།རིག་གནས་འཛུགས་སྐྱོང་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱ་རྒྱུར་དམིགས་པ།དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་དྲིལ་བསྒྲགས་དང་།བསམ་བློ།རིག་གནས་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས་ལས་དོན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་མི་སེམས་གོང་བུར་འགྲིལ་བ་དང་།སློབ་སྦྱོང་ངོ་མ་དང་།ཤེས་པ།ཡིད་ཆེས།བེད་སྤྱོད་ངོ་མ།དངོས་གནས།དངོས་སྒྱུར་བཅས་ཀྱི་ཐད་ལ་ཤུགས་རྒྱག་དགོས། འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པའི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་བ་དང་ཡིད་ཆེས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་ཆེ་རུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་རྒྱ་ཁྱབ་དང་།གསར་གཏོད་ཀྱི་བསམ་པའི་དཔལ་ཡོན་ལེགས་སྐྱོང་གི་ལས་དོན་ལེགས་བཅོས་བྱ་དགོས། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་།ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས། ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་ཀྲུང་ཧྭའི་ཤེས་རིག་ཁྱབ་སྤེལ་བྱེད་ནུས་དང་བག་ཆགས་འཇོག་ནུས་ཇེ་ཆེར་གཏོང་དགོས། འདུ་ཤེས་འཛིན་སྟངས་ཀྱི་ཉེན་ཁ་འགོག་ཟོན་ནུས་ལྡན་མཐའ་གཅིག་ཏུ་བྱས་ནས་རལ་གྲི་འཕྱར་ཕོད་པ་དང་འཐབ་རྩོད་བྱེད་ཕོད་དགོས། ཏང་གིས་བསམ་བློ་རིག་གནས་དྲིལ་བསྒྲགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་།ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ།སྒྱུར་བཅོས་གསར་གཏོད་བྱེད་ཕོད་པ།ཁྲིམས་སྐྱོང་གི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ།ལས་བྱེད་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱས་ནས་རིག་གནས་ཀྱི་ལས་འགན་གསར་པ་འཁུར་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས། གཟེར་འདེབས་པའི་སྙིང་སྟོབས་ལ་བརྟེན་ནས་ལས་འགན་དང་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བ་དང་།ལས་ཀའི་འཇོན་ཐང་དང་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ།ལས་ཀའི་སྤུས་ཚད་དང་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་།ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་སྤེལ་བའི་འབད་འཐབ་དང་ལག་ལེན་ཁྲོད་དུ་བྱས་རྗེས་གསར་པ་འཇོག་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་ཡིས་ལས་དོན་བཀོད་སྒྲིག་གནང་བ་རེད།

ཀྲུང་དབྱང་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་དང་།མི་དམངས་ཉིན་རེའི་ཚགས་པར་ཁང་།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན།པེ་ཅིང་གྲོང་ཨུད་དྲིལ་བསྒྲགས་པུའུ།སི་ཁྲོན་ཞིང་ཨུད་དྲིལ་བསྒྲགས་པུའི་འགན་འཁུར་བློ་མཐུན་བཅས་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།

ཁྲེན་དབྱི་ཆིན་ཚོགས་འདུར་ཞུགས།

ཀྲུང་དབྱང་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་།ཞིང་ཆེན་དང་།རང་སྐྱོང་ལྗོངས།གྲོང་ཁྱེར་བཅས་ཁག་དང་འཆར་གཞི་ལོགས་སུ་བཀོད་པ།

གྲོང་ཁྱེར་དང་།ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན།ཀྲུང་དབྱང་གི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱི་ཚན་པ་ཁགཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན།འབྲེལ་ཡོད་མི་དམངས་ཚོགས་པ།ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་སྒྲིག་གཞི་དང་།ཁེ་ལས་ཁག་གཅིགམཐོ་སློབ་ཁགཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་པ།


དཔྱད་ཡིག་རི་མོ་ཚོགས་
PHOTO COLLECTIONS
དཔྱད་ཡིག་ཆ་འཕྲིན་བརྙན་ལམ་
VIDEO COLLECTIONS