རི་ཐུ་རིག་ལྡན་རིག་གནས་ཡུལ་སྐོར་ཞབས་ཞུའི་སྤྲིན་སྟེགས་
དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་ཀྱི་འོས་འགན་མ་བསྒྲུབས
དུས་ཚོད།: 2024-08-06
ཁྱབ་བསྒྲགས་བྱེད་མཁན་སྡེ་ཚན།: དྲ་འཕྲིན་རི་ཐོག

ཞིབ་བཤེར་བྱས་པ་བརྒྱུད་ནས་ཤེས་རྟོགས་བྱུང་བར།ཀུང་སི་དེའི་དྲ་རྒྱའི་ལས་སྒོའི་ལས་སྟེགས་ལ་SQLསྐྱོན་ཆ་བྱུང་བ་དང་ཆབས་ཅིག་ཀུང་སི་དེས་དུས་བཀག་ལྟར་དྲ་རྒྱའི་སྐྱོན་ཆ་བཤར་འབེབས་ལས་དོན་མ་སྤེལ་བ་དང་།རྩིས་འཁོར་གྱི་ནད་དུག་དང་དྲ་རྒྱའི་རྒོལ་རྡུང་།དྲ་རྒྱའི་ནང་འཛུལ་སོགས་དྲ་རྒྱའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་སྔོན་འགོག་བྱེད་པའི་ལག་རྩལ་གྱི་བྱེད་ཐབས་ཁྲིམས་ལྟར་མ་སྤྱད་པར་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་གི་འོས་འགན་མ་བསྒྲུབས་པའི་ཁྲིམས་འགལ་བྱེད་སྤྱོད་ཡོད་པ་རེད།

ངས་བལྟས་ན།

ངས་བལྟས་ན།

མིག་སྔར།ཁྲེན་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར།ཀུང་སི་དེར་འཕྲལ་མར་དག་ཐེར་ཡོ་བསྲང་བྱེད་དགོས་པའི་འགན་དཀྲི་བ་མ་ཟད།ཀུང་སི་དེར་དངུལ་ཆད་སྒོར་15000བཅད་པ་དང་།དེའི་དྲ་རྒྱའི་བདེ་འཇགས་ཀྱི་ཐད་ཀའི་འགན་འཁུར་མི་སྣར་དངུལ་ཆད་སྒོར་5000བཅད་པ་རེད།

ངས་བལྟས་ན།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་གཅིག་པའི་ནང་རྒྱལ་ཁབ་ཀྱིས་དྲ་རྒྱའི་བདེ་འཇགས་ཀྱི་རིམ་པ་སྲུང་སྐྱོང་ལམ་ལུགས་ལག་ལེན་བསྟར་རྒྱུ་དང་།དྲ་རྒྱའི་གཉེར་སྐྱོང་བྱེད་མཁན་གྱིས་དྲ་རྒྱའི་བདེ་འཇགས་ཀྱི་རིམ་པ་སྲུང་སྐྱོང་ལམ་ལུགས་ཀྱི་བླང་བྱ་གཞིར་བཟུང་གཤམ་གསལ་བདེ་འཇགས་སྲུང་སྐྱོང་གི་འོས་འགན་བསྒྲུབས་ནས་དྲ་རྒྱར་འགོག་རྐྱེན་དང་གཏོར་བཤིག་མི་ཕོག་པའམ་ཡང་ན་དབང་སྤྲོད་མ་ཐོབ་པར་འཚམས་འདྲི་བྱ་རྒྱུར་འགན་ལེན་བྱས་ཏེ་དྲ་རྒྱའི་གྲངས་གཞི་ཕྱིར་གྱར་བའམ་ཡང་ན་རྐུ་ཁྱེར་དང་གཡོ་བཅོས་བྱེད་དགོས།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་ལྔ་པའི་དྲ་རྒྱའི་གཉེར་སྐྱོང་བྱེད་མཁན་གྱིས་དྲ་རྒྱའི་བདེ་འཇགས་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་བཟོས་ནས་མ་ལག་གི་ཞན་ཆ་དང་།རྩིས་འཁོར་གྱི་ནད་དུགདྲ་རྒྱའི་ཕར་རྒོལ།དྲ་རྒྱ་འཛུལ་བ་སོགས་ཀྱི་བདེ་འཇགས་ཉེན་ཁ་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་པ་དང་།དྲ་རྒྱའི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་དོན་རྐྱེན་ཐོན་སྐབས་འཕྲལ་སྡོམ་སྔོན་ཇུས་འཕྲལ་མར་ལག་བསྟར་བྱས་ཏེ་བབ་བསྟུན་གྱི་གསབ་བཅོས་བྱ་ཐབས་སྤྱོད་དགོས་པ་མ་ཟད།གཏན་འབེབས་གཞིར་བཟུང་འབྲེལ་ཡོད་གཙོ་གཉེར་སྡེ་ཚན་ལ་སྙན་སེང་ཡང་ཞུ་དགོས།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་ང་དགུ་པའི་དྲ་རྒྱའི་གཉེར་སྐྱོང་བྱེད་མཁན་གྱིས་བཅའ་ཁྲིམས་འདིའི་དོན་ཚན་ཉེར་གཅིག་པ་དང་དོན་ཚན་ཉེར་ལྔ་པའི་ནང་གཏན་འབེབས་བྱས་པའི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་གི་འོས་འགན་མ་བསྒྲུབས་ན།འབྲེལ་ཡོད་གཙོ་གཉེར་སྡེ་ཚན་གྱིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་ཐ་ཚིག་བསྒྲག་རྒྱུ།ཡོ་བསྲང་མ་བྱས་པའམ་ཡང་ན་དྲ་རྒྱའི་བདེ་འཇགས་ལ་གནོད་འཚེ་བཏང་བ་སོགས་ཀྱི་མཇུག་འབྲས་བཟོས་ན།དངུལ་ཆད་སྒོར་ཁྲི་གཅིག་ཡན་ནས་སྒོར་ཁྲི་བཅུ་མན་གཅོད་རྒྱུ་དང་།འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣར་སྒོར་ལྔ་སྟོང་ཡན་ནས་སྒོར་ཁྲི་ལྔ་མན་བར་གྱི་དངུལ་ཆད་གཅོད་རྒྱུ།


དཔྱད་ཡིག་རི་མོ་ཚོགས་
PHOTO COLLECTIONS
དཔྱད་ཡིག་ཆ་འཕྲིན་བརྙན་ལམ་
VIDEO COLLECTIONS