རི་ཐུ་རིག་ལྡན་རིག་གནས་ཡུལ་སྐོར་ཞབས་ཞུའི་སྤྲིན་སྟེགས་
ཞིས་ཅིན་ཕིང་གིས་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐ
དུས་ཚོད།: 2024-08-06
ཁྱབ་བསྒྲགས་བྱེད་མཁན་སྡེ་ཚན།: དྲ་འཕྲིན་རི་ཐོག

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་དང་།རྒྱུན་འཛིན།བེད་སྤྱོད་བཅས་ཀྱི་ལས་ཀར་ཤུགས་སྣོན་རྒྱག་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས།“པེ་ཅིན་གྱི་དཀྱིལ་ཐིག་སྟེ་ཀྲུང་གོའི་ཕུགས་བསམ་གྲོང་ཁྱེར་གྱི་སྒྲིག་ལམ་གྱི་ཕུལ་བྱུང་བརྩམས་ཆོས”དང་།“པ་ཏན་ཅི་ལིན་བྱེ་ཐང་།ཧྲ་ཧྲན་མཚེའུ་ཚོགས་པ།”“ཀྲུང་གོའི་ཧོང་(པོ་)མཚོ་བྱ་འཚོ་སྡོད་བྱེད་ས།(དུས་ཐེངས་གཉིས་པ།)”《འཛམ་གླིང་ཤུལ་བཞག་མིང་ཐོའི་》ནང་བདེ་བླག་ངང་བཀོད་ཡོད་པས།དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་དང་།མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཀྲུང་གོའི་རང་བཞིན་གྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་དགེ་མཚན་ལྡན་པའི་དོན་སྙིང་གལ་ཆེན་ལྡན་པ་དང་།འཛམ་གླིང་དཔལ་ཡོན་གྱི་མེ་ཏོག་ལྡུམ་ར་བརྒྱ་ཐམ་པ་གསར་སྣོན་བྱས་ཡོད།

ངས་བལྟས་ན།

ཞི་ཅིན་ཕིང་གིས།ད་ཐེངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རེ་ཞུ་ལེགས་གྲུབ་བྱུང་བ་གོ་སྐབས་སུ་བཟུང་ནས།རིག་གནས་དང་རང་བྱུང་ཤུལ་བཞག་གི་སྤྱི་ཡོངས་རང་བཞིན་དང་རྒྱུད་རིམ་ལྡན་པའི་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་།ཤུལ་བཞག་སྲུང་སྐྱོང་ནུས་པ་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ།ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གཅེས་ནོར་དང་རང་བྱུང་གཅེས་ནོར་སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས།རིག་གནས་དང་རང་བྱུང་ཤུལ་བཞག་རྒྱུན་འཛིན་དང་བེད་སྤྱོད་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ།དུས་རབས་གསར་པའི་ནང་དེར་གསོན་ཤུགས་གསར་པ་འཕེལ་བ་དང་འོད་ཟེར་གསར་པ་འཕྲོ་བར་བྱེད་པ་དང་།མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དེ་བས་ལེགས་པ་སྐོང་དགོས།རིག་གནས་དང་རང་བྱུང་ཤུལ་བཞག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ།བྱ་སྤྱོད་དངོས་ཀྱི་ཐོག་ནས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་བསྟར་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

ངས་བལྟས་ན།

ཉེ་ཆར་རྒྱ་གར་གྱི་རྡི་ལི་གསར་པར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས་46པའི་ཐོག་གྲོས་འཆམ་བྱུང་བ་དང་།རང་རྒྱལ་གྱི་འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་འདོན་རྣམ་གྲངས“པེ་ཅིང་གི་དཀྱིལ་མདའ་དང་ཀྲུང་གོའི་ཕུགས་བསམ་གྲོང་ཁྱེར་གྱི་སྒྲིག་ལམ་གྱི་ཕུལ་བྱུང་བརྩམས་ཆོས”དང་འཛམ་གླིང་རང་བྱུང་ཤུལ་བཞག་མིང་འདོན་རྣམ་གྲངས“པ་ཏན་ཅི་ལིན་བྱེ་ཐང་དང་ཧྲ་ཧྲན་མཚེའུ་ཚོགས་པ”དང་།“ཀྲུང་གོའི་ཧོང་པོ་རྒྱ་མཚོའི་དུས་བྱ་འཚོ་སྡོད(དུས་ཐེངས་གཉིས་པ)”《འཛམ་གླིང་ཤུལ་བཞག་མིང་ཐོའི》ནང་བཀོད་ཡོད།དུས་དེ་ནས་བཟུང་རང་རྒྱལ་གྱི་འཛམ་གླིང་ཤུལ་བཞག་བསྡོམས་འབོར་59ཟིན་ནས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད།

ངས་བལྟས་ན།

ངས་བལྟས་ན།


དཔྱད་ཡིག་རི་མོ་ཚོགས་
PHOTO COLLECTIONS
དཔྱད་ཡིག་ཆ་འཕྲིན་བརྙན་ལམ་
VIDEO COLLECTIONS