རི་ཐུ་རིག་ལྡན་རིག་གནས་ཡུལ་སྐོར་ཞབས་ཞུའི་སྤྲིན་སྟེགས་
གཏམ་བཟང་། ཆབ་མདོ་དང་མངའ་རིས་ཀྱི་བཅོས་སྣུམ་བྲིན་ཚོང
དུས་ཚོད།: 2024-01-02
ཁྱབ་བསྒྲགས་བྱེད་མཁན་སྡེ་ཚན།: དྲ་འཕྲིན་ཉི་མ་

རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་ཆབ་མདོ་དང་མངའ་རིས་ཀྱི་དུས་མཚམས་གཉིས་པའི་བཅོས་སྣུམ་ས་ཁུལ་དབར་གྱི་རིན་གོང་ཧེ་བག་ལེགས་སྒྲིག་ལས་དོན་སྤེལ་འགོ་ཚུགས་པ་དང་2023ལོའི་ཟླ་12ཚེས་29ཉིན་གྱི་ཆུ་ཚོད་24ཐོག་རང་ལྗོངས་ཀྱི་ཆབ་མདོ་དང་མངའ་རིས་ཀྱི་བཅོས་སྣུམ་བྲིན་ཚོང་རིན་གོང་སླར་ཡང་བཅག་ཡོད་པ་རེད། ཆབ་མདོའི་རིན་གོང་ཁུལ་གྱི་རླངས་འཁོར་དང་ཁྲའེ་ཡིའུ་སྣུམ་གྱི་ཚད་ལྡན་དངོས་ཟོག་དང་ལྷ་སའི་རིན་གོང་ཁུལ་གྱི་རིན་གོང་ཧེ་བག་དེ་ད་ལྟ་ཏུན་རེར་སྒོར་400ནས་སྒོར་250བར་བཅག་ཡོད་པ་སྟེ།ཏུན་རེར་སྒོར་150(རླངས་སྣུམ་ལ་ཕབ་ན་སྒོར་0.12དང་།ཁྲའེ་ཡིའུ་སྣུམ་ལ་ཕབ་ན་སྒོར་0.13/ཧྲིན་དང་།ཁྲའེ་ཡིའུ་སྣུམ་ལ་ཕབ་ན་སྒོར་0.13/ཧྲིན་)བཅག་ནས་ཆག་ཚད་དེ་རེད།

ལེགས་སྒྲིག་བྱས་རྗེས་རླངས་སྣུམ་ཨང་92པ་དཔེར་དྲངས་ནས་བཤད་ན།ཆབ་མདོ་དང་ལྷ་སའི་རིན་གོང་ཧེ་བག་དེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྒོར་0.31ནས་སྒོར་0.19བར་ཆུང་དུ་ཕྱིན་ཡོད་པ་རེད། མངའ་རིས་དང་ལྷ་སའི་རིན་གོང་ཧེ་བག་དེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྒོར་0.55ནས་སྒོར་0.39བར་ཆུང་དུ་འགྲོ་རྒྱུ་རེད།

ད་ཐེངས་ཆབ་མདོ་དང་མངའ་རིས་ཀྱི་སྣུམ་གྲུབ་མའི་བྲིན་ཚོང་རིན་གོང་ལེགས་སྒྲིག་བྱས་པ་དེ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དམངས་ལ་བྱ་བ་དངོས་སྒྲུབ་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་དང་།མང་ཚོགས་ཀྱི་དཀའ་བྲེལ་དང་རེ་སྒུག་ཐག་གཅོད་བྱེད་པའི་གནད་དོན་ཐག་གཅོད་བྱེད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིགརང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི“སྣུམ་གྲུབ་མའི་བྲིན་ཚོང་རིན་གོང་གི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་ས་ཁུལ་གྱི་ཧེ་བག་ཆེ་དྲགས་པའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བའི”བྱ་སྤྱོད་དངོས་ཤིག་བཅས་ཡིན་པས་དུས་མཚམས་དང་པོའི་རིན་གོང་ལེགས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག་རང་ལྗོངས་ཀྱི་སྣུམ་གྲུབ་མའི་ས་ཁུལ་གྱི་རིན་གོང་ཧེ་བག་སྔར་བས་ཆུང་དུ་བཏང་བ་དང་།

དཔྱད་ཡིག་རི་མོ་ཚོགས་
PHOTO COLLECTIONS
དཔྱད་ཡིག་ཆ་འཕྲིན་བརྙན་ལམ་
VIDEO COLLECTIONS