ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ་ལས་འགན་ཁག་དོན་འཁྱོལ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། --རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་གླེང་བ།
ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུ་ནི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཞིག་དང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ལས་དོན་ལ་བསམ་གཞིག་བྱེད་མཁས་པོ་བྱས་ཏེ་ཇི་མ་ཇི་བཞིན་དོན་འཁྱོལ་དམ་འཛིན་དང་།ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བ་དང་དོན་འཁྱོལ་དམ་འཛིན།དངོས་ཐོག་བདེན་འཚོལ་གྱིས་དོན་འཁྱོལ་དམ་འཛིན།ལས་དོན་སྒྲུབ་ཕོད་པ་དང་དོན་འཁྱོལ་དམ་འཛིན་བཅས་བྱས་ནས་ཏང་ཀྲུང་དབྱང་གིས་དཔལ་འབྱོར་ལས་དོན་ལ་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་དང་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།
དཔལ་འབྱོར་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ཡིན་པ་དང་།དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་རང་རེའི་ཏང་གིས་རྒྱལ་སྐྱོང་སྲིད་གཉེར་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན། འདི་ལོ་ནས་བཟུང་བློ་མཐུན་གྱིས་སྲོག་ཤིང་བྱས་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོགརང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་གདངས་མཐའ་འཁྱོངས་དང་།ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་གནད་འཁེལ་ངང་ལག་བསྟར་བྱེད་པ།འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཧུར་ཐག་ཞུ་བ་དང་མཉམ་འདྲེས་བྱེད་པ།“དོན་ཆེན་བཞིར”རྩེ་གཅིག་ཏུ་དམིགས་ཏེ་ལྗོངས་ཡོངས་སུ་ཆབ་སྲིད་བརྟན་ལྷིང་དང་།སྤྱི་ཚོགས་བརྟན་ལྷིང་།དཔལ་འབྱོར་གོང་འཕེལ།མི་རིགས་མཐུན་སྒྲིལ།ཆོས་ལུགས་འཆམ་མཐུན།སྣོད་བཅུད་བཟང་བ།མཐའ་མཚམས་སྲ་བ།མི་དམངས་བདེ་སྡོད་བདེ་འཁོད་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཡོང་བ་བྱེད་དངས།མི་དམངས་བདེ་འཁོད་ལས་བརྩོན་བདེ་འཁོད་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཡོང་བ་བྱེད་དགོད། ལག་ལེན་གྱི་ཐོག་ནས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ཚེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐུབ་ངེས་ཡིན་པ་དང་།དཔལ་འབྱོར་ལས་དོན་གྱི་ཡང་དག་པའི་ཁ་ཕྱོགས་དང་དམིགས་ཚད་ལས་འགན་བདེ་བླག་ངང་མངོན་འགྱུར་ཡོང་རྒྱུ་འགན་ལེན་བྱེད་ཐུབ་ངེས་ཡིན་པ་ར་འཕྲོད་བྱུང་ཡོད། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དམིགས་ཚད་དང་ལས་འགན་གཏན་འཁེལ་བྱས་ཟིན་པས།ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ“འདུ་ཤེས་བཞི”དང་།“གདེང་ཚོད་བཞི”“སྲུང་སྐྱོང་གཉིས”བཅས་སྔར་བས་ཤུགས་ཆེར་བཏང་སྟེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་།ཆབ་སྲིད་ཀྱི་གོ་བ་ལེན་ནུས།ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ལས་དོན་གྱི་བླང་བྱ་དང་ལས་ཀའི་བླང་བྱ་དང་ཏང་གི་ལས་ཀའི་དོན་དངོས་ཀྱི་ལས་ཀའི་གྲུབ་འབྲས་ལ་ཡིད་ཚིམ་པོ་ཞིག་ཡོང་བ་བྱེད་དགོས།
ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བར་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་དགོས། ཆབ་སྲིད་ཀྱི་ལམ་ཕྱོགས་གཏན་ཁེལ་བའི་རྗེས་སུ་ལས་བྱེད་པ་ནི་རག་ལས་སའི་རྒྱུ་རྐྱེན་རེད། རྒྱུན་སྲིང་ལྷོད་མེད་ངང་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་།ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ།ཆབ་སྲིད་ཀྱི་མཐོ་ཚད་ནས་གནད་དོན་ལ་བསམ་གཞིག་དང་གནད་དོན་ཐག་གཅོད་བྱེད་མཁས་པོ་བྱེད་པ།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱེད་པ།ཏང་ཀྲུང་དབྱང་ལ་འབོད་སྐུལ་དང་བོད་དུ་བྱ་སྤྱོད་སྤེལ་བ།ཆབ་སྲིད་ཀྱི་ལངས་ཕྱོགས་དང་།ཆབ་སྲིད་ཀྱི་ཁ་ཕྱོགས།ཆབ་སྲིད་ཀྱི་རྩ་དོན།ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ། ནོར་འཁྲུལ་ཤོར་རུང་ཡོ་བསྲང་བྱེད་པ་དང་།སྐུལ་སློང་དང་གཅུན་སྡོམ་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།རིམ་པ་ཁག་གི་ལས་བྱེད་པས་རང་འགུལ་ངང་གོམ་པ་དང་པོ་སྤོས་པ་དང་།ཧུར་བརྩོན་ཆེན་པོས་འགན་འཁྲི་འཁུར་བར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱ་དགོས། ཡང་དག་པའི་སྟོན་ཕྱོགས་བཙུགས་ནས་འཇོན་ཐང་ལ་བརྟེན་ནས་ལས་བྱེད་པ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་དཔའ་བོར་བརྩི་བ་མཐའ་འཁྱོངས་བྱས་ཏེ་བློ་དཀར་སེམས་དཀར་དང་།སྤྱོད་པ་གཙང་བ།འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པ་བེད་སྤྱོད་ཏན་ཏིག་བྱས་ནས་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་ལས་ཀ་ལེགས་པོ་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་དགོས། ལས་བྱེད་པའི་དཔུང་སྡེའི་ཆུ་ཚད་ཀྱི་མཐོ་དམན་གྱིས་བོད་ཀྱི་བྱ་གཞག་ཁག་གོང་འཕེལ་འགྲོ་བའི་ཕན་འབྲས་ཐག་གཅོད་ཀྱི་ཡོད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱིས་ཏང་ཡོན་ལ་དྲག་ཆས་སྤྲོས་པ་དང་མང་ཚོགས་ལ་སློབ་གསོ་གཏོང་བ་དང་།སྤྱི་ཚོགས་ཡོངས་ཀྱིས་འདུ་ཤེས་གསར་བརྗེས་བྱ་རྒྱུར་ཁྲིད་སྟོན་ཟམ་མི་ཆད་པར་བྱེད་པ།བསམ་བློའི་ཐད་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ།འདུ་ཤེས་ཐད་ཀྱི་འཆིང་རྒྱ་སེལ་བ་བཅས་བྱས་ཏེ་བསམ་བློ་གསར་པ་དང་འདུ་ཤེས་གསར་པར་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་ཁྲིད་སྟོན་བྱེད་དགོས། ལས་ཀའི་འཇོན་ཐང་ཆེ་རུ་བཏང་ནས་གང་བྱེད་དེ་སྦྱོང་བ་དང་གང་ཆད་ན་དེ་གསབ་རྒྱུ་མཐའ་འཁྱོངས་བྱས་ཏེ་གནད་དོན་ཐག་གཅོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གཞུང་དྲང་གསར་གཏོད་མཐའ་འཁྱོངས་དང་།ཏང་ཀྲུང་དབྱང་གི་དགོངས་དོན་དང་རང་ངོས་ཀྱི་དོན་དངོས་ཟུང་འབྲེལ་དམ་ཟབ་བྱེད་མཁས་པོ།བསམ་ཕྱོགས་གཏན་འཁེལ་དང་ཐབས་ལམ་ལ་བརྟེན་རིགས་མེད་པ་བཟོ་བ།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ལས་ཀའི་དམ་འཛིན་བྱེད་གཞི་ཇུས་འགོད་ཡག་པོ་བཅས་བྱས་ནས་ལས་ཀའི་མཐའ་མའི་ཕན་འབྲས་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་དགོངས་པར་དེ་བས་འཚམ་པ་བྱེད་དགོས།
ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་སྤྱོད་ཚུལ་ལེགས་འགྱུར་དང་དོན་འཁྱོལ་དམ་འཛིན་ནན་པོ་བྱ་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱེད་རྒྱུའི་འགག་རྩ་ནི་དོན་འཁྱོལ་བྱེད་རྒྱུར་ཐུག་ཡོད་ཅིང་།འགག་རྩ་ནི་དོན་འཁྱོལ་བྱེད་རྒྱུར་ཐུག་ཡོད། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་།འདུ་ཤེས་ཀྱི་བསམ་ཕྱོགས་བསྒྱུར་བ་དང་།འགན་འཁུར་མཁས་པོ་བྱེད་པ།དམིགས་ཡུལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ།འཇོན་ཐང་ཆེན་པོ་ལྡན་པ་བཅས་ཀྱི་ཐད་མུ་མཐུད་ཤུགས་རྒྱག་པ།ལས་དོན་རེ་རེ་བཞིན་དང་དམིགས་ཚད་རེ་རེ་བཞིན་ཚང་མ་གནད་དོན་ལ་དམིགས་པ་དང་།བྱ་སྤྱོད་ཐོག་དོན་འཁྱོལ་བྱེད་པ།ཕན་འབྲས་ཐོག་མཚོན་པ་བཅས་བྱས་ནས་ཁྱབ་ཁོངས་ཁག་དང་ཕྱོགས་ཁག་གིས་ཕྱོགས་ལྷུང་མི་བྱེད་པ་དང་།སྐབས་བསྟུན་མི་བྱེད་པ།ཕྱི་ཚུལ་དུ་མི་འགྱུར་བ་བཅས་བྱེད་དགོས། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་གཙོ་གནད་ལས་འགན་གྱི་འགག་སྒྲོལ་ལ་བརྟེན་ནས་ཁྱོན་ཡོངས་ཀྱི་ལས་དོན་ནུས་ལྡན་ངང་ལེགས་སྒྲུབ་བྱ་རྒྱུར་སྐུལ་ཁྲིད་བྱེད་དགོས་པ་དང་། སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་ཡང་དག་པ་བཙུགས་ཏེ་ཕན་འབྲས་དངོས་གཉེར་བ་དང་རྨང་གཞི་འདིང་བ་དང་།ཕན་འབྲས་དངོས་ལ་བརྟེན་ནས་ལས་ཀའི་བྱེད་ཐབས་དང་།ལས་ཀའི་ནུས་པ།ལས་ཀའི་ཆུ་ཚད་བཅས་ལ་ཞིབ་བཤེར་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། བརྗོད་བྱ་གཙོ་བོའི་སློབ་གསོའི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱེད་པ་དང་།ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།བརྟག་དཔྱད་ཞིབ་འཇུག་ཤུགས་ཆེ་བྱེད་པ་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་དེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་ཆེན་པོར་ཏན་ཏིག་འགྱུར་བ་བྱེད་དགོས། ཏང་གི་འགོ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྩ་བའི་ཁ་ཕྱོགས་དང་མཐའ་མའི་རྒྱལ་ཕམ་ལ་ཐད་ཀར་འབྲེལ་བ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་འགོ་ཁྲིད་དེ་ལས་དོན་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་དོན་འཁྱོལ་དམ་འཛིན་བྱེད་པའི་ཁྲོད་འགག་སྒྲོལ་དཀའ་སེལ་དང་ཡར་བརྩོན་ཟམ་མི་ཆད་པ་བྱས་ཏེ་ལས་འགན་ཁག་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བོད་ཀྱི་ལེའུ་ཞིག་ཧུར་ཐག་གཏོད་དགོས།