ཕྱི་ལོའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་གནས་ལུགས་འགྱུར་མེད་མཐའ་འཁྱོངས་ཀྱིས་དཔལ་འབྱོར་གཞི་ཁྱོན་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་བ་དང་།འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ།ཐོན་སྐྱེད་ནུས་ཤུགས་བཀོད་སྒྲིག་བྱེད་སྟངས་ལེགས་སུ་གཏོང་བ་བཅས་བྱས་ནས་བོད་འདི་ཉིད་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལམ་བུ་གསར་པར་བརྟན་པོའི་ངང་སྐྱོད་ཐུབ་པ་བྱེད་དགོས། ཕྱོགས་ཡོངས་ནས་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་ཡང་དག་བྱས་ཏེ་ཆ་ཤས་དང་ཁྱོན་ཡོངས་དབར་དང་།གཙོ་གནད་དང་སྤྱིར་བཏང་བ།དུས་ཐུང་གི་དམིགས་ཚད་དང་ཡུན་རིང་གི་དམིགས་ཚད་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དེ་སྔ་ཕྱི་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས”ཞེས་མཇུག་བསྒྲིལ་མ་ཐག་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གྲུབ་འབྲས་ཁྱོན་ཡོངས་ནས་ཕྱོགས་སྡོམ་དང་དུས་བབ་ལ་དབྱེ་ཞིབ་བྱས་ཏེ་“དོན་ཆེན་བཞི”གཅིག་འདོམས་དམ་འཛིན་ཡག་པོ་བྱས་ནས་སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་བཀོད་སྒྲིག་བྱས་ཏེ་ཡིད་ཆེས་བརྟན་དུ་སོང་བ་དང་།
ཚང་མས་ད་རེས་ཀྱི་ཚོགས་འདུའི་དགོངས་དོན་གྱི་ནང་དོན་ལ་གོ་བ་གཏིང་ཟབ་བླངས་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཐད་གཅིག་གྱུར་ཡོང་བ་བྱས་ཏེ་སེམས་ནུས་གཅིག་སྒྲིལ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བར་བསུ་བ་ཞུ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
ཚང་མས་ད་རེས་ཀྱི་ཚོགས་འདུའི་དགོངས་དོན་གྱི་ནང་དོན་ལ་གོ་བ་གཏིང་ཟབ་བླངས་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཐད་གཅིག་གྱུར་ཡོང་བ་བྱས་ཏེ་སེམས་ནུས་གཅིག་སྒྲིལ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བར་བསུ་བ་ཞུ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་བསྡོམས་རྩིས་ཞིབ་འཇུག་ཁྲུའི་ཁྲུའུ་ཀྲང་ཤང་ཞུའེ་ལིང་གིས་གསར་འགོད་པར“རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཁག་ཁྱོན་ཡོངས་ནས་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་རང་རྒྱལ་གྱིས་ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ནས་དངུལ་རྩའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་བོད་ཀྱི་དམིགས་བསལ་གཟིགས་སྐྱོང་དངུལ་རྩའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་ནོར་སྲིད་དང་ལྟ་སྐུལ་དོ་དམ་སོགས་ཀྱི་སྲིད་ཇུས་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་ཆ་ཤས་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ཚོང་གཉེར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་ནས་ཁྲོམ་རའི་གཙོ་གཟུགས་ཀྱི་གསོན་ཤུགས་འཕེལ་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད། གཉེར་ཚོང་ཁོར་ཡུག་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་རྒྱ་ཆེར་གཏོང་བྱ་རྒྱུ་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་རྣམ་གྲངས་ལ་དམིགས་ནས་ཚོང་འགུགས་ལ་དམ་འཛིན་དང་།ཐོན་ལས་ལ་དམིགས་ཏེ་ཚོང་འགུགས་ལ་དམ་འཛིན།གླིང་ཁུལ་ལ་དམིགས་ཏེ་ཚོང་འགུགས་ལ་དམ་འཛིན།བོད་སྐྱོར་ལ་དམིགས་ཏེ་ཚོང་འགུགས་ལ་དམ་འཛིན་གྱིས་རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བཅས་བྱས་ཏེ་གསོན་ཤུགས་ལྡན་པ་དང་།ཕན་འབྲས་བཟང་བ།སྣེ་ཁྲིད་ཀྱི་ནུས་པ་ཆེ་བ་བཅས་ཀྱི་སྤུས་ལེགས་ཁེ་ལས་དང་རྣམ་གྲངས་ཁག་གཅིག་དངོས་འབྲེལ་དོན་འཁྱོལ་ཐུབ་པ་བྱེད་དགོས།
དེར་བརྟེན་མངའ་རིས་ས་ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་རིམ་བཞིའི་བརྟག་ཞིབ་པ་ཀྲང་ཧའེ་ཕུང་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། ཀྲང་ཧའེ་ཕུང་གིས་ངོ་སྤྲོད་བྱས་པར་གཞིགས་ན།འདི་ལོ་ནས་བཟུང་མངའ་རིས་ས་ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཚོང་གཉེར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་སྟེ་ཁེ་ལས་ཀྱིས་གཉེར་བ་དང་ཐོ་ཁོངས་ནས་སུབ་རྒྱུར་དམིགས་ནས“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་དོ་དམ་ལས་དོན་དང་དྲང་གཞག་རང་བཞིན་གྱི་འགྲན་རྩོད་ཞིབ་བཤེར་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གཅིག་གྱུར་ཁྲོམ་ར་དང་དྲང་གཞག་འགྲན་རྩོད་ཀྱི་སྲིད་ཇུས་བྱ་ཐབས་ལ་འགོག་རྐྱེན་བཟོ་བའི་བཀག་རྒྱ་སེལ་བ་དང་གཉེར་སྐྱོང་གཙོ་གཟུགས་ཀྱི་ཆོག་འཐུས་ཚད་གཞི་སྔར་བས་དམའ་རུ་བཏང་ནས་དམངས་ཕན་ཞབས་ཞུའི་ཚོམས་ཆེན་དང་།འཕྲིན་གཏོང་དྲ་ཚིགས་ཐོ་འགོད་རིག་ནུས་ཅན།ལག་ཁྱེར་གཤམ་སྤྲོད་སོགས་དམངས་ཕན་གྱི་བྱེད་ཐབས་རབ་དང་རིམ་པ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་ཁེ་ལས་ཀྱི་ལས་དུས་ཚོཌ་པའི་ལས་ཞག་གཅིག་ནང་ཚུན་གྱི་ཁྲོམ་རའི་གསོན་ཤུགས་ཆེན་པོ་ཐོན་པ་བྱས་ཡོད། ཟླ་11པའི་ཟླ་མཇུག་བར་མངའ་རིས་ས་ཁུལ་གྱི་རིགས་ཁག་གི་གཉེར་སྐྱོང་གཙོ་གཟུགས་དུད་ཚང་ཁྲི་1.84ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་14.54%འཕར་ཡོད། གོམ་སྟབས་རྗེས་མར་ང་ཚོས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་བཏང་སྟེ་རིགས་ཁག་གི་གཉེར་སྐྱོང་གཙོ་གཟུགས་ཀྱིས་ཡོངས་ཁྱབ་ངང་གླེང་མང་བའི་གནད་དོན་དང་།དཀའ་གནད་ཆེ་བ།ན་ཟུག་ཆེ་བ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག“རྣམ་གྲངས་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་དམ་འཛིན་བྱེད་པ་དང་འཕེལ་རྒྱས་དམ་འཛིན་བྱེད་པར་ངེས་པར་དུ་རྣམ་གྲངས་དམ་འཛིན་བྱེད་དགོས”པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་འབྱུང་འགྱུར་ལ་ཁ་ཕྱོགས་ནས་འཆར་འགོད་དམ་འཛིན་དང་།གཙོ་གནད་ལ་དམིགས་ཏེ་མྱུར་ཚད་དམ་འཛིན།ལམ་ལུགས་འཐུས་ཚང་དུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་མིག་སྔར་དཔལ་འབྱོར་ལ་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་ལ་མི་མངོན་པའི་སྟོབས་ཤུགས་ཡོད་པ་བྱེད་དགོས།
“2023ལོར་ནག་ཆུ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་མངོན་ཡོད།དུས་ཚིགས་དང་པོ་ནས་གསུམ་པའི་བར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་158.99ཟིན་པ་དེ་དུས་མཚུངས་ལས་10%འཕར་བ་དང་།གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་86.15ཟིན་པ་དེ་དུས་མཚུངས་ལས་45.55%འཕར་ཡོད།‘མ་འཇོག་དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་ལོ་’གོ་སྐབས་སུ་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཟམ་མི་ཆད་པར་མགྱོགས་སུ་བཏང་བ་དང་།གྲོང་ཁྱེར་ཡོངས་ཀྱི་ཐོན་ལས་གྲུབ་ཆ་རིམ་སྤོར་ལ་སྐུལ་འདེད་བཏང་བ།གྲོང་ཁྱེར་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་ཤུགས་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་7.68ཟིན་ཡོད” འདི་ལོ་ནས་བཟུང་གི་ལས་ཀའི་གྲུབ་འབྲས་སྐོར་གླེང་སྐབས་ནག་ཆུ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲུའུ་རེན་གཞོན་པ་ཝུའེ་ཅའོ་ཡིས་དགའ་སྤྲོའི་ངང་བརྗོད་ཅིང་།“2024ལོར་ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་དུས་རབས་གསར་པར་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི‘ངེས་པར་དུ་སྒྲུབ་དགོས’ཞེས་པའི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་ནས་གནད་དོན་གྱི་སྟོན་ཕྱོགས་དང་།དམིགས་ཚད་ཀྱི་ཁྲིད་སྟོན།གྲུབ་འབྲས་བཅས་མཐའ་འཁྱོངས་ཀྱིས་དཔེ་སྟོན་གྲོང་ཁྱེར་བཞིའི་འཛུགས་སྐྲུན་ལ་དམིགས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་།
དཔེར་ན་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་མིག་དམར་ཚེ་རིང་གིས“ཚོགས་འདུའི་ཐོག‘ས་ཁོངས་འཐབ་ཇུས་ཀྱི་བསམ་གཞིག་ལ་བརྟེན་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་ཇུས་འགོད་བྱས་ཏེ་དོན་དངོས་ལ་གཞི་ཚུགས་པ་དང་གནད་གཅིག་གིས་ཁྱོན་ཡོངས་ལ་སྣེ་ཁྲིད་བྱས་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་དགོས’ཞེས་བཤད་པ་དང་།ང་ཚོས་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་།བརྩི་སྲུང་ཞུ་བ།བྱ་ཐབས་ཁ་གསལ་བཟོ་བ།ང་ཚོས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ནས་ཚོགས་འདུག རྒྱལ་རྩེ་རྫོང་ཙེ་ཅིན་ཤང་ནུའུ་སྟོད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྒྱལ་མཚན་གྱིས་ད་ཐེངས་ཀྱི་ཚོགས་འདུའི་ཐོག་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་བཀོད་སྒྲིག་བྱས་པ་དང་ང་ཚོས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་རྒྱུར་གཞི་ཚུགས་ཏེ་རྒྱ་ཁྱོན་བརྟན་པོ་ཡོང་བ་དང་མུའུ་རེའི་ཐོན་འབབ་མང་དུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་དང་ཞིང་པའི་ཐོན་སྐྱེད་ཀྱི་ཧུར་བརྩོན་རང་བཞིན་ཆེ་རུ་བཏང་སྟེ་གནས་སྡོད་དང་བྱ་གཞག་ལ་འཚམ་པ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཤུགས་ཆེན་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།