རི་ཐུ་རིག་ལྡན་རིག་གནས་ཡུལ་སྐོར་ཞབས་ཞུའི་སྤྲིན་སྟེགས་
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས།ཆོས་ཉིད་
དུས་ཚོད།: 2024-01-01
ཁྱབ་བསྒྲགས་བྱེད་མཁན་སྡེ་ཚན།: དྲ་འཕྲིན་ཉི་མ་

ཆོས་ཉིད་ཀྱི་རང་བཞིན་ལྡན་པའི་ངོས་འཛིན་ཟབ་ཏུ་བཏང་ནས་ཡིད་ཆེས་དང་ཆོད་སེམས་སྔར་བས་ཆེ་རུ་གཏོང་དགོས་པ། --རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་གླེང་བ།

ཁོར་ཡུག་ཇི་ཙམ་ཛ་དྲག་ཆེ་བ་དང་རྙོག་འཛིང་ཆེ་ན།དེ་ཙམ་གྱིས་གནས་བབ་གསལ་རྟོགས་དང་།ཆོས་ཉིད་ཁོང་དུ་ཆུད་པ།ཡིད་ཆེས་བརྟན་དུ་གཏོང་བ་བཅས་བྱ་དགོས། གྲུ་ཁྲོན་དུ་བསྐྱོད་ན་མྱུར་ཚད་འགྲོ།མིས་འགྲོ་ན་ལམ་ལ་མི་དགའ། སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་།དཔལ་འབྱོར་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་རྒྱས་བཤད་གཏིང་ཟབ་གནང་བ་དང་།དུས་རབས་གསར་པར་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་“ངེས་པར་དུ་ལྔ་”ཡི་ཆོས་ཉིད་ཀྱི་རང་བཞིན་ལྡན་པའི་ངོས་འཛིན་གཏིང་ཟབ་ཏུ་བཏང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མིག་སྔའི་རང་ལྗོངས་ཀྱི་དུས་བབ་དང་།འགྲན་སློང་།དཀའ་ངལ་དང་གོ་སྐབས་བཅས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ“གང་འདྲ་བྱས་ནས་ལྟ་དགོས”ཞེས་གསལ་སྟོན་བྱས་པ་དང“གང་འདྲ་བྱས་ནས་སྒྲུབ་དགོས”ཞེས་བཏོན་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་ལྟར་དུས་བབ་དང་བསྟུན་ནས་དོན་གཉེར་དང་དུས་བབ་དང་བསྟུན་ནས་བྱ་བ་སྒྲུབ་པ་དང་།བདེན་འཚོལ་དངོས་སྒྲུབ།དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

   དཔལ་འབྱོར་གྱི་གནས་བབ་ལ་བལྟས་ན་ལོ་རྒྱུས་དང་བསྡུར་ཙམ་གྱི་སྒོ་ནས་བལྟ་མཁས་པོ་བྱ་དགོས། གཞུང་ཕྱོགས་ནས་བལྟས་ན་རང་ལྗོངས་ཀྱི་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཕན་འབྲས་བཟང་པོ་ཐོབ་པ་དང་དཔལ་འབྱོར་དམིགས་ཚད་གཙོ་བོ་དེ་ན་ནིང་ལས་ཆེས་ཆེར་འཕར་བ་དེ་ནི་ཕྱོགས་གཅིག་ནས་ན་ནིང་ནད་ཡམས་ཀྱི་ཤུགས་རྐྱེན་ཐེབས་ནས་དཔལ་འབྱོར་དམིགས་ཚད་ཁག་གི་གཞི་གྲངས་ཅུང་དམའ་པོ་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཏོན་པའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་པའང་གསལ་བཤད་བྱས་ཡོད། འཕྲེད་ཕྱོགས་ནས་བལྟས་ན།ང་ཚོའི་དཔལ་འབྱོར་གཞི་ཁྱོན་དེ་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་དང་བསྡུར་ན་ད་དུང་ཧེ་བག་ཡོད་མོད།འོན་ཀྱང་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་དང་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སོགས་འཕར་ཚད་ཞིང་ཆེན་དང་གྲོང་ཁྱེར་མང་པོ་ཞིག་ལས་མགྱོགས་པ་ཡོད་པ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དབར་གྱི་ཧེ་བག་རིམ་བཞིན་ཆུང་དུ་ཕྱིན་ནས་རྗེས་སྙེག་བྱེད་ཤུགས་ཆེ་རུ་ཕྱིན་ཡོད།

   ཁྱོན་ཡོངས་ནས་ཆ་ཤས་ལ་བལྟས་ཚེ་མིག་སྔའི་བར་ང་ཚོར་སྔར་བཞིན་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་འཕྲད་ཡོད་པས་འགྲན་སློང་དང་གོ་སྐབས་མཉམ་དུ་གནས་ཡོད་ཅེས་བརྗོད་ཆོག་མོད།འོན་ཀྱང་སྤྱིའི་ཆ་ནས་བལྟས་ཚེ་གོ་སྐབས་དེ་འགྲན་སློང་ལས་ཆེ་བ་ཡོད། གོ་སྐབས་ནི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ལས་བྱུང་བ་ཞིག་ཡིན་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་བོད་ལ་བཟོས་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པར་མུ་མཐུད་ཤུགས་སྣོན་ཐེབས་པ་དང་བོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་། གོ་སྐབས་ནི་རྣམ་གྲངས་གལ་ཆེན་གྱི་འདེགས་སྐྱོར་ཤུགས་ཆེན་ལས་བྱུང་བ་ཞིག་ཡིན་ཞིང་།2024ལོར་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་ཁག་གཅིག་སྔ་རྗེས་སུ་དོན་འཁྱོལ་བྱ་རྒྱུ་དང་།རྣམ་གྲངས་གལ་ཆེན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ།ནུས་རྒྱུ་གཙང་མ་དང་།སྤུས་ལེགས་གཏེར་ཁ།གྲངས་འཛིན་དཔལ་འབྱོར་སོགས་ལེགས་ལྡན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུ་དང་། གོ་སྐབས་ནི་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བ་ལས་བྱུང་བ་ཞིག་ཡིན་ཞིང་།ང་ཚོས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ་དང་།ནང་ཕྱོགས་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་ཤུགས་ཆེ་རུ་བཏང་བ།ས་ཁོངས་མཉམ་ལས་གཏིང་ཟབ་ཏུ་བཏང་བ།མཐའ་མཚམས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ་བཅས་དང་། གོ་སྐབས་དེ་ལས་བྱེད་པ་དང་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་ལས་བྱུང་བ་ཞིག་ཡིན་པ་དང་།བརྟན་ལྷིང་འགན་ལེན་དང་འཕེལ་རྒྱས་ལ་དམ་འཛིན་བྱ་རྒྱུ་དེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད།ཏང་ཡོན་ལས་བྱེད་པས“དོན་ཆེན་བཞི”དང“གསར་གཏོད་བཞིའི”ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ནས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་བསམ་བློ་གཅིག་ཏུ་གཏོང་བ་དང་།ནུས་ཤུགས་གཅིག་ཏུ་སྒྲིལ་བ།སེམས་ནུས་ཡོད་རྒུ་འདོན་ཐུབ་པ་བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་ཡོད།

   རང་ལྗོངས་ཀྱི་རང་ངོས་འཕེལ་རྒྱས་ལ་བལྟས་ན།བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་ད་དུང་དཀའ་ངལ་དང་འགྲན་སློང་ཁག་གཅིག་འཕྲད་ཡོད། རང་ལྗོངས་འདི་ཉིད་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་ས་མདུན་མར་གནས་ཡོད་པ་དང་།ད་དུང་རྣོ་ངར་ལྡན་ཞིང་རྙོག་འཛིང་ཆེ་བའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་གནས་ཡོད། དཔལ་འབྱོར་འཕེལ་རྒྱས་དོ་མི་སྙོམས་པ་དང་།འཐུས་སྒོ་མི་ཚང་བ།རྨང་གཞི་ཅུང་ཞན་པ།སྲོལ་རྒྱུན་གྱི་ཐོན་ལས་ལེགས་འགྱུར་རིམ་སྤར་བྱེད་པར་དཀའ་ངལ་མི་ཉུང་བ་ཡོད་པ།འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བར་ད་དུང་ཚོད་འཛིན་གྱི་རྒྱུ་རྐྱེན་ལྷགས་ཡོད། ལས་བྱེད་པ་ཉུང་ཤས་ཤིག་ལ་འགན་འཁུར་བའི་འདུ་ཤེས་དེ་ཙམ་ཆེན་པོ་མེད་པ་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པའི་ནུས་པ་ད་དུང་ཆེ་རུ་གཏོང་དགོས་ཀྱི་ཡོད། གནད་དོན་དེ་དག་ལས་ལ་ལ་ནི་ལོ་རྒྱུས་ལས་ཤུལ་དུ་ལུས་པ་དང་།ལ་ལ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྐྱེན་གྱིས་བྱུང་བ་ཡིན་པས་ང་ཚོས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་།ལས་ཀའི་ཁྲོད་གནས་པའི་ཞན་ཆ་དང་ཞན་ཆར་ངོས་འཛིན་གང་ལེགས།འགལ་བ་གཙོ་བོར་དམ་འཛིན་བཅས་བྱས་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཐག་གཅོད་བྱ་དགོས། འགྲོ་ལམ་དེད་ནས་འགྲོ་དགོས།་ལས་དོན་བསྒྲུབས་ནས་འགྲུབ་དགོས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན།བློ་མཐུན་ལྟེ་བར་བྱས་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རིམ་ཁག་ཏང་ཨུད་ཀྱིས་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་།རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད།ལམ་སྲོལ་གསར་པ་འཚོལ་ཞིབ་བཅས་བྱས་ནས་ལག་ལེན་ཁྲོད་དུས་རབས་གསར་པར་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་ཀྱི་རང་བཞིན་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་བཏང་སྟེ“དོན་ཆེན་བཞི”དང“གསར་གཏོད་བཞིར”སྤྱི་འདོམས་ངང་སྐུལ་འདེད་གཏོང་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་མཉམ་འགུལ་མཐའ་འཁྱོངས་བྱེད་དགོས་པ་དང་།ངེས་པར་དུ་འདུ་ཤེས་འགྱུར་ལྡོག་ལ་བརྟེན་ནས་དཔལ་འབྱོར་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས་ན།“ངེས་པར་དུ་མཐའ་འཁྱོངས་བྱེད་དགོས”པ་ལྔ་པོ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ལས་དོན་ཁག་ནང་མཚོན་པར་བྱེད་དགོས་པ་དང་།ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ལས་འགན་ཁག་ནང་མཚོན་པར་བྱེད་དགོས།

   མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོས་ཚད་གཞི་དང་རེའུ་མིགཆད་ལུས་མེད་པའི་སྒོ་ནས་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པ་དང་།ཚོགས་འདུའི་དགོངས་དོན་དེ་རང་འགུལ་གྱི་བྱ་སྤྱོད་དུ་ཏན་ཏིག་སྒྱུར་བ།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ཡག་པོ་བཅས་བྱས་ཚེ་2024ལོའི་དམིགས་ཚད་ལས་འགན་ཁག་ཐུགས་གྲ་ལེགས་འགྲིག་ངང་ལེགས་སྒྲུབ་ཐུབ་ངེས་རེད།

དཔྱད་ཡིག་རི་མོ་ཚོགས་
PHOTO COLLECTIONS
དཔྱད་ཡིག་ཆ་འཕྲིན་བརྙན་ལམ་
VIDEO COLLECTIONS