རི་ཐུ་རིག་ལྡན་རིག་གནས་ཡུལ་སྐོར་ཞབས་ཞུའི་སྤྲིན་སྟེགས་
ཁ་བྱང་ལ།“ཀྲུང་དབྱང་བརྙན་འཕྲིན་ཁང་གི་མགྱོགས་དཔྱད་”ཞ
དུས་ཚོད།: 2023-12-15
ཁྱབ་བསྒྲགས་བྱེད་མཁན་སྡེ་ཚན།: 网信日土

མདོར་བསྡུས་བརྗོད་པ།“ཀྲུང་ཧྭའི་ཤེས་དཔལ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་འཛམ་གླིང་གི་ཤེས་དཔལ་གཞན་དག་དང་ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་འཛིན་པའི་ཁྲོད་འཕེལ་རྒྱས་ཕུན་སུམ་ཚོགས་སུ་ཕྱིན་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད” ཟླ་11ཚེས་24ཉིན།རྒྱལ་ཁབ་ཀྱི་ཀྲུའུ་ཞིས་འཛམ་གླིང་གི་ཀྲུང་གོའི་སློབ་སྦྱོང་ཚོགས་ཆེན་ཧྲང་ཧའེ་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་པ་རེད། ཀྲུའུ་ཞི་ཞིས་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་ཀྲུང་གོའི་རིག་པའི་གཏིང་ཟབ་པའི་ནང་དོན་དང་ཀྲུང་ཧྭའི་ཤེས་དཔལ་གྱི་མངོན་གསལ་དོད་པའི་ཁྱད་ཆོས་རྒྱས་བཤད་གནང་བ་དང་།ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པའི་དོན་སྙིང་གལ་ཆེན་བསྟན་པ།ཀྲུང་གོས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་ཟོལ་མེད་ཀྱི་བསམ་འདུན་མངོན་པ་བཅས་བྱས་ནས་འཛམ་གླིང་གི་ཀྲུང་གོས་སློབ་སྦྱོང་དང་ཞིབ་འཇུག་བྱེད་པར་ཀྲུང་ཕྱིའི་ཤེས་དཔལ་མཉམ་འདྲེས་དང་།ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ།མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་རེད།

  ནང་དོན། “ཀྲུང་ཧྭའི་ཤེས་དཔལ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་འཛམ་གླིང་གི་ཤེས་དཔལ་གཞན་དག་དང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲོད་འཕེལ་རྒྱས་ཕུན་སུམ་ཚོགས་སུ་ཕྱིན་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་ལ་རྨང་གཞི་ཟབ་མོ་བཏིང་ཡོད”ཅེས་གསུངས་པ་རེད། ཟླ་11ཚེས་24ཉིན།རྒྱལ་ཁབ་ཀྱི་ཀྲུའུ་ཞིས་འཛམ་གླིང་གི་ཀྲུང་གོའི་སློབ་སྦྱོང་ཚོགས་ཆེན་ཧྲང་ཧའེ་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་པ་རེད། ཀྲུའུ་ཞི་ཞིས་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་ཀྲུང་གོའི་རིག་པའི་གཏིང་ཟབ་པའི་ནང་དོན་དང་ཀྲུང་ཧྭའི་ཤེས་དཔལ་གྱི་མངོན་གསལ་དོད་པའི་ཁྱད་ཆོས་རྒྱས་བཤད་གནང་བ་དང་།ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པའི་དོན་སྙིང་གལ་ཆེན་བསྟན་པ།ཀྲུང་གོས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་ཟོལ་མེད་ཀྱི་བསམ་འདུན་མངོན་པ་བཅས་བྱས་ནས་འཛམ་གླིང་གི་ཀྲུང་གོས་སློབ་སྦྱོང་དང་ཞིབ་འཇུག་བྱེད་པར་ཀྲུང་ཕྱིའི་ཤེས་དཔལ་མཉམ་འདྲེས་དང་།ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ།མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་རེད།

 འཛམ་གླིང་གི་ཀྲུང་གོའི་རིག་གཞུང་གླེང་སྟེགས་2004ལོར་བཙུགས་པ་དང་ལོ་གཉིས་རེར་སྐབས་རེ་གཉེར་གྱི་ཡོད།ད་བར་སྐབས་དགུ་གཉེར་བས་ཀྲུང་གོའི་ཕྱི་ཕྱོགས་རིག་གནས་སྤེལ་རེས་ཀྱི་སྐར་ཁུང་གལ་ཆེན་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཁས་དབང་གིས་ཀྲུང་གོའི་རིག་གཞུང་ཞིབ་འཇུག་བྱེད་པའི་མདུན་ཕྱོགས་ཀྱི་ལས་སྟེགས་ཤིག་ཏུ་གྱུར་ཡོད། ཀྲུང་གོ་རིག་པའི་སྐོར་གྱི་འཛམ་གླིང་རིམ་པའི་རིག་གཞུང་གླེང་སྟེགས་དེ་དར་བ་དེ་ཐོག་ནས་ཀྲུང་གོའི་རིག་པ་དེ་གྲང་སྒོ་ནས་ཀུན་གྱིས་དོ་སྣང་བྱེད་པའི་བར་འགྱུར་ལྡོག་ཆེན་པོ་བྱུང་བ་མཚོན་པ་དང་དེའི་རྒྱབ་ལྗོངས་ནི་དུས་རབས་21པའི་ཀྲུང་གོ་དར་རྒྱས་བྱུང་བ་དེ་རེད། ལྷག་པར་དུ་དུས་རབས་གསར་པ་ཤར་ཚུན་ཀྲུང་གོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་།ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་གྱུར་པའི་བར་གྱི་འཕུར་མཆོང་རླབས་པོ་ཆེ་མངོན་འགྱུར་བྱུང་བ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་ཡངས་ཤིང་རྒྱ་ཆེ་རུ་ཕྱིན་པ།འཛམ་གླིང་གི་ཤེས་དཔལ་གྱི་ཆུ་རྒྱུན་རིང་པོའི་ནང་ཀྲུང་ཧྭའི་ཤེས་དཔལ་ལ་མི་རྣམས་ཀྱི་ཡིད་དབང་འཕྲོག་པའི་འོད་སྟོང་འཕྲོ་བཞིན་ཡོད།

  ཀྲུའུ་ཞི་ཞིས་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང“ཀྲུང་གོའི་རིག་པ་ནི་ལོ་རྒྱུས་ཀྱི་ཀྲུང་གོའི་རིག་པ་ཞིག་ཡིན་ལ་དེང་རབས་ཀྲུང་གོའི་རིག་པ་ཞིག་ཀྱང་ཡིན”ཞེས་གསུངས་པ་རེད། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་རིང་ཞིང་།ཀྲུང་གོའི་རིག་གནས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་།ཀྲུང་ཧྭའི་ཤེས་རིག་ནི་འཛམ་གླིང་ཐོག་རྒྱུན་མཐུད་ཅིང་རྒྱལ་ཁབ་ཀྱི་རྣམ་པར་བརྟེན་ནས་ད་བར་འཕེལ་རྒྱས་འགྲོ་བཞིན་པའི་རླབས་ཆེན་ཤེས་རིག་གཅིག་པུ་དེ་རེད། ཀྲུང་ཧྭའི་ཤེས་དཔལ་གྱི་རྨང་གཞི་བརྟན་པོའི་ཐོག་ང་ཚོ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་ཡོད། ཕྱོགས་གཅིག་ནས་ཀྲུང་ཧྭའི་ཤེས་དཔལ་གྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་རྨང་གཞི་ཟབ་མོ་བཏིང་ཡོད། ཕྱོགས་གཞན་ཞིག་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་དེང་རབས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོས་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་བཏང་ཡོད།

  རྒྱལ་ཁབ་ཀྱིས་རིག་གནས་ལ་བརྟེན་ནས་ལུགས་སུ་གཏོད། ང་ཚོས་རིག་གནས་ཀྱི་བསམ་བློ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་གོའི་རིག་གཞུང་ཞིབ་འཇུག་དང་ཁྱབ་གདལ་ཏན་ཏིག་གཏོང་དགོས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་ནས་རྒྱུན་ཆད་མེད་པར་འཚོ་བཅུད་ཕུན་སུམ་ཚོགས་པོ་བསྡུ་ལེན་བྱ་དགོས་ལ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལག་ལེན་རླབས་པོ་ཆེའི་ཁྲོད་ནས་བཙོ་སྦྱངས་བྱས་ཏེ་འཛམ་གླིང་གི་ཤེས་རིག་གཞན་དག་དང་སྤེལ་རེས་དང་དཔྱད་གཞིར་འཛིན་པའི་ཁྲོད་ནས་བློ་སྒོ་ཕྱེ་ནས་སྔར་བས་གཏིང་ཟབ་པའི་སྒོ་ནས་གནའ་རབས་ཀྱི་ཀྲུང་གོར་ཤེས་རྟོགས་དང་།དེང་རབས་ཀྱི་ཀྲུང་གོར་ངོས་འཛིན།མ་འོངས་ཀྱི་ཀྲུང་གོ་ཁོང་དུ་ཆུད་པ་བཅས་ཀྱང་བྱ་དགོས། ཀྲུང་གོའི་ལོ་རྒྱུས་རིག་གནས་དང་དུས་རབས་གསར་པའི་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛམ་གླིང་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་དང་འཆད་འགྲེལ་དེ་བས་གཏིང་ཟབ་བྱས་ནས“ཀྲུང་གོའི་ལན་པར”བརྟེན་ནས“འཛམ་གླིང་གི་འདྲི་གཞིར”ལན་བཏབ་སྟེ་འཛམ་གླིང་གིས་ཀྲུང་གོ་ཤེས་རྟོགས་དེ་བས་ལེགས་པ་ཐུབ་པ་བྱེད་དགོས། ཟས་དང་ཁུ་བ་ཡི་མཛེས་པ་ནི་མི་འདྲ་ས་ཡིན། དེང་གི་འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་ཆེན་པོའི་ཁྲོད་འགྱུར་ལྡོག་མགྱོགས་པོ་འགྲོ་བཞིན་ཡོད་པ་དང“ཤེས་དཔལ་གྱི་བཟང་ངན་སྨྲ་བ”དང“ཤེས་དཔལ་གྱི་འགལ་རྐྱེན་སྨྲ་བ”“ལམ་ལུགས་ཀྱི་ཁ་གཏད་སྨྲ་བ”བཅས་ཀྱི་སྙིགས་རོ་ཐོན་ནས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་མིའི་རིགས་ཀྱི་ཤེས་དཔལ་གྱི་མདུན་ལམ་ལ་ཉེན་ཁ་བཟོ་བཞིན་ཡོད། ཞི་བདེ་དང་།འཕེལ་རྒྱས།དྲང་སྙོམས།དྲང་བདེན། བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བཏང་སྟེ་ཤེས་དཔལ་སྤེལ་རེས་ལ་བརྟེན་ནས་ཤེས་དཔལ་གྱི་འགལ་ཟླ་དང་།ཤེས་དཔལ་དཔྱད་གཞིར་འཛིན་པ་དེ་ཤེས་དཔལ་གྱི་ཁྱད་དུ་འཕགས་པ།ཤེས་དཔལ་གྱི་ཁོང་ཡངས་དེ་ཤེས་དཔལ་གྱི་ཁྱད་དུ་འཕགས་པར་བརྩི་བ་བཅས་བྱས་ཚེ་གཞི་ནས་ཤེས་དཔལ་མི་འདྲ་བའི་བློ་གྲོས་གང་ལེགས་ཐོན་པ་དང་དེང་སྐབས་འཛམ་གླིང་ལ་འཕྲད་པའི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་ཐུབ།

  མདོག་ལྔས་འོད་མདངས་འཕྲོ།ཕན་ཚུན་སྤེལ་རེས་བྱེད། དབྱངས་བརྒྱད་མཉམ་དཀྲོལ། རྒྱལ་ཁབ་ཁག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཤེས་དཔལ་མཉམ་འདྲེས་ཀྱི་ཕོ་ཉ་ཡག་པོ་ཞིག་བྱས་ནས་མཉམ་བསྲེས་གསོག་འཇོག་དང་སྒོ་དབྱེ་ཁོང་ཡངས་མཐའ་འཁྱོངས་ཀྱིས་འཛམ་གླིང་གི་ཀྲུང་གོའི་རིག་པ་ཞིབ་འཇུག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་བཏང་ནས་འཛམ་གླིང་གི་ཤེས་དཔལ་གྱི་མེ་ཏོག་ལྡུམ་རྭ་དར་རྒྱས་གཏོང་ཆེད་བསམ་བློ་དང་རིག་གནས་ཀྱི་སྟོབས་ཤུགས་བསྣན་ཏེ་མིའི་རིགས་ཀྱི་སྤྱི་ཚོགས་དེང་རབས་ཅན་གྱི་རྣམ་པ་གསར་པ་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།


དཔྱད་ཡིག་རི་མོ་ཚོགས་
PHOTO COLLECTIONS
དཔྱད་ཡིག་ཆ་འཕྲིན་བརྙན་ལམ་
VIDEO COLLECTIONS