རི་ཐུ་རིག་ལྡན་རིག་གནས་ཡུལ་སྐོར་ཞབས་ཞུའི་སྤྲིན་སྟེགས་
རུ་ཐོག་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལས་ཁ
དུས་ཚོད།: 2023-12-15
ཁྱབ་བསྒྲགས་བྱེད་མཁན་སྡེ་ཚན།: 网信日土

དམ་བཅའ་འཇོག་པའི་མཛད་སྒོ་མ་འཚོག་གོང་མི་སྣ་ཡོངས་ཀྱིས་གཟབ་ནན་ངང་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་མཉམ་དུ་བླངས་པ་རེད། དེ་རྗེས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་དངོས་སུ་འགོ་ཚུགས་པ་དང་དམ་བཅའ་འཇོག་པའི་མཛད་སྒོ་དེ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་མཐུན་དབྱང་ཅ་ལུང་གིས་གཙོ་སྐྱོང་གནང་བ་དང་འབྲེལ་དམ་བཅའ་འཇོག་པའི་མཛད་སྒོ་ཡང་གནང་བ་རེད། རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྲིད་གཞུང་གི་རྫོང་དཔོན་ཟླ་བ་ཚེ་རིང་དང་།རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་དབྱང་ཅ་ལུང་།རྫོང་ཨུད་ཀྱི་རྒྱུན་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་བསྟན་འཛིན།རྫོང་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲང་ཝུའེ་བཅས་ཀྱིས་ལག་གཡོན་མས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ལག་གཡས་པས་ཁུ་ཚུར་གཞུས་ནས་སོ་སོ་བཞིན་དུ་དམ་བཅའ་བཞག་སྟེ་མི་དམངས་འཐུས་ཚོགས་ལས་ཁུངས་དང་དེ་བཞིན“སྲིད་གཞུང་གཅིག་དང་ཨུ་ལྷན་གཉིས”ཡི་ཁྱིམ་དུ་སྡོད་པའི་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣ་ཁག་གཅིག་གིས་རེ་རེ་བཞིན་དང་མཉམ་དུ་དམ་ཚིག་གྱེར་འདོན་བྱས་པས་ཚོགས་ར་ཧྲིལ་པོའི་རྣམ་པ་སྒམ་བརླིང་ལྡན་ལ་སྒམ་བརླིང་ལྡན་པ་ཞིག་ཡོད།

བློ་མཐུན་དབྱང་ཅ་ལུང་གིས་མཛད་སྒོ་གཙོ་སྐྱོང་གནང་སྐབས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་ནི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣའི་རྩ་ཁྲིམས་འདུ་ཤེས་ཟབ་ཏུ་གཏོང་བའི་ཁྲིམས་གཏན་འཁེལ་བའི་གོ་རིམ་དང་བྱ་ཐབས་གལ་ཆེན་ཞིག་རེད།རྫོང་མི་དམངས་འཐུས་ཚོགས་ལས་ཁུངས་དང“སྲིད་གཞུང་གཅིག་དང་ཨུ་ཡོན་ལྷན་ཁང་གཉིས”ཀྱི་རྒྱལ་ཁབ་ལས་དོན་མི་སྣས་ད་རེས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་གོ་སྐབས་སུ་བྱས་ནས་རྩ་ཁྲིམས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་།རྩ་ཁྲིམས་ལ་བརྩི་སྲུང་དང་སྲུང་སྐྱོང་བྱེད་པའི་དཔེ་བཟང་བྱས་ཏེ་ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ་བཏང་ནས་ཁྲིམས་ལྟར་སྲིད་འཛིན་དང་གཞུང་དྲང་ཁྲིམས་འཛིན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་རྩ་ཁྲིམས་དེ་བྱ་སྤྱོད་མཐའ་དག་གི་རྩ་བའི་ཚད་གཞིར་འཛིན་པ་དང་རང་རྟོགས་ངང་རྩ་ཁྲིམས་དང་།

   ཚང་མས་ཐོག་མཐའ་བར་གསུམ་དུ་དམ་བཅའ་བློ་ལ་བརྟན་པོར་ངེས་པ་དང་།ཁྲིམས་སྐྱོང་གི་བསམ་བློའི་ནུས་པ་ཆེ་རུ་གཏོང་བ།ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ།ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ་གཏོང་བ།རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་འབེབས་དབང་ཚད་དང་གོ་རིམ་གཞིར་བཟུང་འགན་དབང་ལག་བསྟར་དང་འགན་འཁྲི་ལག་བསྟར་ནན་པོ་བྱེད་པ།“གཏན་འཁེལ་གཉིས”ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ།“སྲུང་སྐྱོང་གཉིས”རྫོང་དེ་ཡོངས་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་གཏོང་བའི“དོན་ཆེན་བཞི”དང“གསར་གཏོད་བཞིའི”ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་མཐའ་གཅིག་ཏུ་དོན་འཁྱོལ་བཅས་བྱས་ནས་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་འབད་འབུངས་ཡར་བརྩོན་གྱི་ལས་དོན་ཁག་གི་རྣམ་པ་གསར་པ་གཏོད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

རྫོང་མི་དམངས་འཐུས་ཚོགས་ལས་ཁུངས་དང་དེ་བཞིན“སྲིད་གཞུང་གཅིག་དང་ཨུ་ཡོན་ལྷན་ཁང་གཅིགཁང་གཉིས”ཀྱི་ལས་ཐོག་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་མི་སྣ་དམ་བཅའ་འཇོག་པའི་མཛད་སྒོར་ཞུགས་པ།


དཔྱད་ཡིག་རི་མོ་ཚོགས་
PHOTO COLLECTIONS
དཔྱད་ཡིག་ཆ་འཕྲིན་བརྙན་ལམ་
VIDEO COLLECTIONS