རི་ཐུ་རིག་ལྡན་རིག་གནས་ཡུལ་སྐོར་ཞབས་ཞུའི་སྤྲིན་སྟེགས་
༄༅།།“སེམས་པ་མི་དམངས་དང་ཉེ་བཅར་བྱེད་དགོས།”ཨང་འགྲོལ་
དུས་ཚོད།: 2023-12-15
ཁྱབ་བསྒྲགས་བྱེད་མཁན་སྡེ་ཚན།: 网信日土

“ཏང་གི་ལམ་ཕྱོགས་དང་།བྱེད་ཕྱོགས།སྲིད་ཇུས་བཅས་དྲིལ་བསྒྲགས་བྱས་ནས་གཞི་རིམ་དུ་སྐྱོད་པ་དང་།བརྟག་དཔྱད་ཞིབ་འཇུག་བྱས་ནས་གཞི་རིམ་དུ་སྐྱོད་པ།ཡིག་བསྐུར་ངོ་བཅར་སྣེ་ལེན་བྱས་ནས་གཞི་རིམ་དུ་སྐྱོད་པ།ལས་ཡུལ་དངོས་སུ་གཞུང་དོན་བསྒྲུབས་ནས་གཞི་རིམ་དུ་ “སེམས་པ་མི་དམངས་དང་ཉེ་བཅར་ཐུབ་པ་བྱེད་དགོས།” བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་དེ་ལྟར་གསུངས་ནའང་དེ་ལྟར་གནང་གི་ཡོད།

ལོ་35ཡི་རིང་ཧྥུའུ་ཅན་གྱི་རྒྱ་ཆེའི་འགོ་ཁྲིད་ལས་བྱེད་པས“གཞི་རིམ་བཞིར”ཡུན་རིང་མཐའ་འཁྱོངས་དང་རྒྱུན་ཆད་མེད་པར་དར་རྒྱས་བཏང་སྟེ་འཐབ་ཕྱོགས་དང་པོར་བསྐྱོད་ནས་གནས་ཚུལ་དངོས་རྟོག་ཞིབ་དང་།གནད་དོན་འཚོལ་བ།ཐབས་ཇུས་འདོན་པ།འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས་བྱ་གཞག་ཁག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་ཡོད། སེམས་འབྲེལ་ཟམ་པ་བཙུགས་ནས་སྙིང་ཉེ་བའི་མི་ཡག་པོ་ཞིག་བྱེད་དགོས། “གཞི་རིམ་བཞིར”བསྐྱོད་རྒྱུ་དེ་ནི་ཉིང་ཏེ་ནས་བྱུང་བའི་གལ་ཆེའི་ལམ་ལུགས་ཤིག་ཡིན་པ་དང་དུས་རབས་ཀྱི་རིན་ཐང་དང་གསོན་ཤུགས་ཆེན་པོ་མངོན་ནས་ཧྥུའུ་ཅན་གྱི་ས་གཞི་ཆེ་མོར་འོད་སྟོང་གསར་པ་འཕྲོ་བཞིན་ཡོད།

རྒྱུན་འཛིན་དང་དར་སྤེལ་གཏོང་བ།“གཞི་རིམ་བཞིས”ཧྥུ་ཅན་ཤར་རྒྱུད་ཀྱི་ས་གཞི་ཆེ་མོར་ཁྱོན་ཡོངས་དང་གཏིང་ཟབ་པའི་འགྱུར་ལྡོག་ཡོང་རྒྱུར་སྐུལ་འདེད་གཏོང་བ།

ད་ཆ་ཧྥུའུ་ཅན་ཀུའུ་ཐེན་རྫོང་ཧྲན་ཡང་གྲོང་ཚོར་སྔོ་ཞིང་སྔོ་ལ།ཆུ་ཕྲན་ལང་ལོང་དུ་འབབ་པ་དང་གཙང་ཞིང་གཙང་བའི་འོད་ཤུགས་ཤ་མོ་དྲོད་ཁང་རེ་རེ་བཞིན་ཉི་འོད་འོག་དེ་བས་མངོན་གསལ་དོད་པོ་ཡོད། དྲོད་ཁང་ཐོག་ནས་གློག་གཏོང་བ་དང་དྲོད་ཁང་འོག་ཏུ་ཤ་མོ་བཏབ་པ་དང་ཀུའུ་ཐན་གྱི་བཟའ་བྱའི་ཤ་མོ་ཐོན་ལས་ལ་སླར་ཡང་རིམ་སྤོར་ཐུབ་པ།1988ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅིས་ཉིང་ཏེ་ས་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་ནས་ཡུན་རིང་མ་སོང་བར་མིན་ཏུང་གི་རྫོང་དགུའི་བརྟག་ཞིབ་བྱེད་འགོ་བཙུགས་པ་དང་ས་ཚིགས་དང་པོ་ཀུའུ་ཐེན་རྫོང་དུ་ཡོང་ཡོད། བརྟག་ཞིབ་གཏིང་ཟབ་བྱས་པ་བརྒྱུད་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་བཟའ་བྱའི་ཤ་མོ་ཐོན་ལས་དེ་གནའ་བོའི་ཞིང་ཁའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཙོ་བོར་བརྩིས་ནས་ས་གནས་དེ་གའི་ཞིང་པས་ཤ་མོ་བཏབ་ནས་དབུལ་པོའི་གནས་ལས་སྒྲོལ་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་རྒྱུའི་ལྕག་སྐུལ་གནང་བ་རེད།བརྟག་དཔྱད་ཞིབ་འཇུག་གི་འགག་གནད་སྒྲོལ་བ་ནས་འགོ་བརྩམས་ཏེ“གཞི་རིམ་བཞིར་སྐྱོད་པ”དེ་ནས་བཟུང་སྤེལ་འགོ་ཚུགས། 1988ལོའི་ཟླ་12པར་སྤྱི་ཁྱབ་ཧྲུའུ་ཅིས་ཞ་ཕུའུ་རུ“ས་ཁུལ་དང་རྫོང་གི་འགོ་ཁྲིད་ཀྱིས་ངོ་བཅར་ཡོང་བའི་མང་ཚོགས་ལ་སྣེ་ལེན་ཞུ་བའི་ཉིན་མོའི”བྱེད་སྒོ་ཐེངས་དང་པོ་གཙོ་སྐྱོང་གནང་ནས“ངོ་བཅར་གྱི་ལམ་ལུགས་དང་གཞི་རིམ་དུ་བསྐྱོད་དེ་ཡིག་བསྐུར་ངོ་བཅར་གྱི་སྣེ་ལེན་ཉིན་མོའི་བྱེད་སྒོ་སྤེལ་བའི་ལམ་ལུགས་མཐའ་འཁྱོངས་བྱེད་དགོས་པའི”བླང་བྱ་བཏོན་གནང་ཡོད།ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་སྔར་ལས་དམ་དུ་གཏོང་བ་དང་ལས་ཀའི་བཀོད་སྒྲིག་ཁག་ཕན་ནུས་ལྡན་པར་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་ཆེད།1989ལོའི་ཟླ་1པོར་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཉིང་ཏེ་ས་ཁུལ་གྱིས་ད་ལོར་བྱེད་སྒོ་ཁག་གསུམ་སྤེལ་དགོས་པ་སྟེ།གཅིག་ནི་ས་གནས་དང་རྫོང་གི་འགོ་ཁྲིད་གཞི་རིམ་དུ་ཕྱིན་ནས་ལས་ཡུལ་དངོས་སུ་གཞུང་དོན་བསྒྲུབ་དགོས་པ་དང་། གཉིས་ནི་རིམ་པ་སོ་སོའི་འགོ་ཁྲིད་ཀྱིས་མང་ཚོགས་ཀྱི་སྣེ་ལེན་ཉིན་མོའི་ལམ་ལུགས་འཛུགས་དགོས། གསུམ་ནི་འགོ་ཁྲིད་ལས་བྱེད་པས་གཞི་རིམ་སྡེ་ཚན་དང་འབྲེལ་གཏུག་བྱེད་པ།དེའི་རྗེས་སུ།བྱེད་སྟངས་དེ་དག་ཆ་ཚང་བའི་སྒོ་ནས་“ཏང་གི་ལམ་ཕྱོགས་དང་།བྱེད་ཕྱོགས།སྲིད་ཇུས་བཅས་དྲིལ་བསྒྲགས་བྱས་ནས་གཞི་རིམ་དུ་སྐྱོད་པ་དང་།བརྟག་དཔྱད་ཞིབ་འཇུག་བྱས་ནས་གཞི་རིམ་དུ་སྐྱོད་པ།ཡིག་སྐུར་ངོ་བཅར་སྣེ་ལེན་བྱས་ནས་གཞི་རིམ་དུ་སྐྱོད་པ།ལས་ཡུལ་དངོས་སུ་ལས་སྒྲུབ་བྱས་ནས་གཞི་རིམ་དུ་སྐྱོད་པ་”བཅས་རྒྱས་བཤད་བྱས་ཡོད སྐབས་དེ་དུས་ཀྱི་ཉིང་ཏེ་ནི་ད་དུང“རྒན་གཞོན།མཐའ་མཚམས།གླིང་ཕྲན།དབུལ་ཕོངས”བཅས་ཀྱི་ས་ཁུལ་ཡིན་ཞིང་།རྫོང་9ཡི་ཁྲོད་ཀྱི་རྫོང་དབུལ་པོ་6ནི་རྫོང་དབུལ་པོ་རེད། “གཞི་རིམ་བཞིར”བསྐྱོད་དེ་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་ཧྥུ་ཅན་ཤར་རྒྱུད་ཀྱི་ས་གཞི་ཆེ་མོར་བསྐྱོད་དེ་ཉིང་ཏེའི་ལྗོངས་ཀྱི་གནས་ཚུལ་དང་།སྤྱི་ཚོགས་ཀྱི་གནས་ཚུལ།དམངས་ཀྱི་གནས་ཚུལ་བཅས་འཇལ་ནས་ཧྥུའུ་ཅན་ཤར་རྒྱུད་ཀྱི་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་ལས་ཀའི་འདུ་ཤེས་རབ་དང་རིམ་པ་བཏོན་ནས་ཉིང་ཏེ་དབུལ་སྒྲོལ་དང་འཕེལ་རྒྱས་མགྱོགས་སུ་གཏོང་ཆེད་བསམ་ཕྱོགས་གསལ་བཟོ་དང་ཁ་ཕྱོགས་གསལ་སྟོན་གནང་ཡོད།ཐོག་མའི་བསམ་འདུན་མ་བརྗེད་པར་མདུན་དུ་བསྐྱོད་པ། ལོ་35ཡི་རིང་ཉིང་ཏེས“གཞི་རིམ་དུ་བཞིར”བསྐྱོད་རྒྱུ་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་བཏང་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཚོགས་ར་དངོས་ལ་འགྱུར་བ་དང་དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་སྟོབས་ཤུགས་གཞི་རིམ་དུ་གཅིག་སྡུད་དང་།གནད་དོན་གཞི་རིམ་དུ་ཐག་གཅོད།གཞི་རིམ་དུ་འཕེལ་རྒྱས་གཏོང་བ་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཧྥུ་ཅན་ཤར་རྒྱུད་ཀྱི་ས་གཞི་ཆེ་མོར་ཁྱོན་ཡོངས་དང་གཏིང་ཟབ་པའི་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་།དེ་སྔའི་ཤར་ལྷོའི་མཚོ་རྒྱུད་ཀྱི“གསེར་ཆད་ཁུལ་རྩེ་གྲ”དེ“གསེར་གྱི་འཕེལ་རྒྱས་མཐོ་ས”སུ་འགྱུར་བཞིན་ཡོད་པ་རེད།འཐབ་ཕྱོགས་དང་པོར་གཞི་ཚུགས་ནས་འཕེལ་རྒྱས་དོན་གཉེར་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་གསར་པ་གཏོད་དགོས--GDPདུས་མཚུངས་ལས་10%འཕར་ནས་ཕུའུ་ཅན་གྱི་ཨང་དང་པོར་སླེབས་ཡོད། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཉིང་ཏེ་གྲོང་ཁྱེར་གྱིས་བཀྲག་མདངས་འཚེར་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུགས་ཤོག་ཅིག་ཕུལ་ཡོད། གྲུབ་འབྲས་ཀྱི་རྒྱབ་ཏུ་ནི་ཉིང་ཏེ་གྲོང་ཁྱེར་གྱིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད་ཚན་རིག་དང་མཐུན་པའི་ཐབས་ཇུས་བཏོན་ནས་གཙོ་ཁྲིད་ཐོན་ལས་ཆེན་པོ་བཞི་བསྐྲུན་རྒྱུར་གཞོལ་རྒྱུ་དང་ཆབས་ཅིག་འཐབ་ཕྱོགས་དང་པོར་བསྐྱོད་དེ་ཁེ་ལས་ཀྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་དེ་རེད།ལོ་མང་རིང་ཉིང་ཏེ་གྲོང་ཁྱེར་གྱིས“གསེར་གྱི་ཕྲུ་གུ”ཁག་གཅིག་ནང་འདྲེན་བྱས་ནས་ལི་གློག་ནུས་རྒྱུ་གསར་པ་དང་།ནུས་རྒྱུ་གསར་པའི་རླངས་འཁོར།བཙའ་མི་རྒྱག་པའི་ངར་ལྕགས་རྒྱུ་ཆ་གསར་པ།ཟངས་ཀྱི་རྒྱུ་ཆ་སོགས་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་ཐོན་ལས་4ཡི་ས་རྒྱུའི་མཚོན་རྟགས་ཆགས་ནས་འཛམ་གླིང་ཐོག་ལི་གྱེས་རྡུལ་གློག་རྫས་དང་བཙའ་མི་རྒྱག་པའི་ངར་ལྕགས་རྒྱུ་ཆ་གསར་པའི་ཐོན་སྐྱེད་རྟེན་གཞིར་གྱུར་ཡོད།མིག་སྔར་ཉིང་ཏེ་ཡི་དཔལ་འབྱོར་བསྡོམས་འབོར་དེ་སྔའི་ཞིང་ཆེན་དེ་ཡོངས་ཀྱི་ཨང་དགུ་པ་ནས་ཞིང་ཆེན་དེ་ཡོངས་ཀྱི་ཨང་ལྔ་པར་གྱུར་པ་དང་།2022ལོར་རྒྱལ་ཡོངས་ཀྱི་སྟོབས་ཆེའི་གྲོང་ཁྱེར་བརྒྱར་གྱུར་པ།GDPའཕར་ཚད་ལོ་4བསྟུད་མར་ཧྥུའུ་ཅན་ཞིང་ཆེན་གྱི་ཨང་དང་པོར་སླེབས་པ།མཆོང་ཐེངས་གཅིག་ལ་ཞིང་ཆེན་དེ་ཡོངས་ཀྱི་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་ཞིག་ཏུ་གྱུར་ཡོད།གཞི་རིམ་གྱིས་བྱ་བ་དངོས་སྒྲུབ་པའི་ནང་ཞུགས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་རྣམ་པ་གསར་པ་སྟེ་ཧྲོའུ་ཉིང་རྫོང་ཞ་ཏང་ཤང་གི་ཕྱོགས་ཁག་གི་སྐུ་མགྲོན་རྒྱུན་ཆད་རྒྱུ་མེད། “དེ་སྔ་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་པོ་མེད་པས་གྲོང་མི་ཚོར‘སེམས་ཁྲལ་གསུམ’ཡོད་པ་སྟེ།གཅིག་ནས་ནད་གཞི་ཕོག་དོགས་དང་།གཉིས་ནས་ཕག་པ་གསོ་དོགས་བྱེད་པ།གསུམ་ནས་རྫས་ལུད་འདྲེན་དོགས་བཅས་བྱེད་ཀྱི་འདུག”ཅེས་བཤད། ས་གནས་དེ་གར་ཇ་ཁང་ཞིག་བཙུགས་ཡོད་པའི་ཝང་ཀོང་ཁྲའོ་ཡིས་ཕྱིར་དྲན་བྱེད་བཞིན་དུ་བཤད། ལོ་30ལྷག་ཙམ་རིང་རིམ་ཁག་འགོ་ཁྲིད་ལས་བྱེད་པས་དབུལ་པོར་འཚམས་འདྲི་དང་།ས་གནས་ས་ཐོག་ཏུ་གཞུང་དོན་སྒྲུབ་པ།ཏང་གི་གཞུང་ལམ་དང་ཆུ་གློག་འཛུགས་སྐྲུན་སོགས་ཀྱི་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱས་ཏེ་དབུལ་སྒྲོལ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་བྱས་ཡོད།མི་རིང་བའི་གོང་ཞིང་ཆེན་ལམ་S207གྱི་གཤམ་དུ་ཏང་ནས་ཧྥུ་ཅན་དང་ཀྲེ་ཅང་བར་གྱི་གཞུང་ལམ་ཐོག་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པ་དེས་ཧྥུ་ཅན་ནས་ཐོན་པའི་གཞུང་ལམ་དང་ཧྲོའུ་ཉིང་ནས་ཀྲེ་ཅང་ཞིང་ཆེན་བར་གྱི་འགྲིམ་འགྲུལ་བར་ཐག་ཐུང་དུ་ཆེས་ཆེར་ཕྱིན་ཡོད། ཐག་རིང་ལུང་ཁུག་གི་ཞ་ཏང་ཤང་དེ་ཀྲེ་ཅང་དང་འབྲེལ་མཐུད་བྱེད་པའི“ཟམ་སྣེའི་མཁར་རྫོང་”ཞིག་ཏུ་གྱུར་ནས་འཕེལ་རྒྱས་ཀྱི་གོ་སྐབས་གསར་རྐྱང་ཞིག་བསུས་ཡོད།

2023ལོའི་ཟླ་8ཚེས་4ཉིན་ཞིང་ཆེན་ལམ་S207རྒྱུད་ཀྱི་ཏང་ནས་མིང་ཀྲེ་བར་གྱི་གཞུང་ལམ་དངོས་སུ་ཤར་གཏོང་ཐུབ་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།ལིན་ཧྲན་ཁྲོན་གྱིས།

མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་ཀྱིས་དམངས་ཀྱི་སེམས་ཁྲལ་བསལ་ནས་མི་དང་མིའི་དབར་གྱི་ཞི་མཐུན་གྱི་རི་མོ་གསར་པ་སྟེ།ཧྥུའུ་ཨན་གྲོང་ཁྱེར་གཤམ་གྱི་པེ་ཧྲི་ཀྲེན་ཉིང་ཧའེ་གྲོང་ཚོར་བསྐྱོད་སྐབས་གཙང་ལ་གོ་རིམ་ལྡན་པའི་དེང་རབས་ཉ་ལས་གྲལ་མི་ཆད་པར་མཐོང་རྒྱུ་ཡོད་པ་དང“མཚོ་ཐོག་ཞིང་རའི”མཛེས་ལྗོངས་ཤིག་མཐོང་རྒྱུ་ཡོད་པ་རེད།

པར་སྒྲིག་འདྲ་པར།ཧྲང་ཐུའུ་ནི་2007ལོའི་ཟླ་7པར་པར་བླངས་པའི་ཧྥུའུ་ཅན་ཉིང་ཏེ་སན་ཏུའུ་ཨའོ་མཚོ་ཁོངས་ཀྱི་སྲོལ་རྒྱུན་ཉ་འཛིན་སྟར་པ་(དཔྱད་ཡིག་འདྲ་པར)དང་། དེ་ནི་2023ལོའི་ཟླ་11ཚེས་18ཉིན་པར་བླངས་པའི་ཧྥུའུ་ཅན་ཉིང་ཏེ་སྲུང་སྐར་བདུན་གྱི་མཚོ་ཁོངས་རིམ་སྤོར་སྒྱུར་བཀོད་བྱས་རྗེས་ཀྱི་ཉ་ལས་གསོ་ཚགས་ཁུལ(མི་མེད་གནམ་གྲུའི་པར་རིས།ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅང་ཁེ་ཧུང་ལེན)ཡིན་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གིས་བཀྲམས་པ།

ཉིང་ཏེ་སན་ཏུའུ་ཨའོ་མཚོ་ཁོངས་ནི་རང་རྒྱལ་གྱི་མཚོ་ཆུའི་གསོ་སྤེལ་རྟེན་གཞི་གལ་ཆེན་ཞིག་ཡིན། འོན་ཀྱང་གསོ་ཚགས་ཚད་བརྒལ་བྱས་པའི་རྐྱེན་གྱིས་སྒེར་གྱིས་མཚོ་ཁོངས་ཀྱི་ཐོན་ཁུངས་བཟུང་བ་དང་གྲུ་ལམ་གྱི་གྲུ་གཟིངས་འཇོག་ས་བཟུང་བ་སོགས་ཀྱི་གནད་དོན་ཡང་ཡང་ཐོན་ནས་གསོ་ཚགས་དུད་ཚང་དབར་རྩོད་གཞི་ཟམ་མི་ཆད་པར་ཐོན་གྱི་ཡོད་པ་རེད། ཉ་པའི་གླེང་མང་བའི་གནད་དོན་ལ་དམིགས་ནས་ཉིང་ཏེ་ཡིས་གཞི་ཁྱོན་ཆེ་བའི་མཚོ་ཐོག་གསོ་ཚགས་ཕྱོགས་བསྡུས་བཅོས་སྒྲིག་བྱས་ཏེ“འཇོན་ཐང་ལྡན་པའི་དམག་དཔོན”2400ལྷག་ཙམ་གཅིག་སྡུད་བྱས་ནས་རྒྱ་མཚོའི་ངོགས་ཀྱི་ཤང་གྲོང་དུ་བསྐྱོད་དེ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་45.48བཏང་བ་དང་གཙང་བཤེར་ཕྱིར་སློག་དང་གཞན་སྒྱུར་བྱས་པའི་ཉ་ལས་སྟར་པ་ཁྲི་142.7གཙང་བཤེར་ཕྱིར་སློག་བྱས་པ་རེད། ད་ཆ་གསོ་ཚགས་ཚད་ལྡན་དུ་སོང་བ་དང་།མཚོ་གླིང་གཙང་དུ་ཕྱིན་པ།གྲུ་ལམ་ཤར་གཏོང་ཐུབ་པ་བཅས་བྱུང་ནས་སན་ཏུའུ་ཨའོ་མཚོ་ཁོངས་སུ་མཚོ་སྔོ་ཞིང་དྭངས་ཤིང་གཙང་བའི་རྣམ་པ་སླར་ཡང་མངོན་ནས་གསོ་ཚགས་དུད་ཚང་གི་ཡོང་འབབ་ཀྱང་ཆེས་ཆེར་འཕར་ཡོད་པ་རེད།

དེ་ནི་2023ལོའི་ཟླ་11ཚེས་19ཉིན་པར་རྒྱག་བྱས་པའི་ཕུའུ་ཨན་གྲོང་ཁྱེར་ཤ་ཆི་གྲོང་ཚོའི་ཉ་པའི་ཐང་ཆེན་དང་ཉེ་འཁོར་གྱི་ཐོག་ཁང་(མི་མེད་གནམ་གྲུའི་འདྲ་པར)རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།ལིན་ཧྲན་ཁྲོན་གྱིས།

ལོ་རྒྱུས་ཡུན་རིང་ལྡན་པ།“གཞི་རིམ་བཞིའི”ནང་དོན་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་པ།

མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་གསར་གཏོད་ཅིག་ཡིན་པའི་ངོས་ནས“གཞི་རིམ་བཞིས”ལས་བྱེད་པ་དང་མང་ཚོགས་དབར་གྱི“སེམས་འབྲེལ་ཟམ”བཙུགས་ནས་ཏང་གི་སྲིད་ཇུས་འདོད་ཚུལ་དོན་ཐོག་ཏུ་འཁྱོལ་བ་དང་།ཐབས་ཇུས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ།དམངས་འདུན་གྱི་འདུན་ཞུའི་ལམ་བུ་ཤར་བགྲོད་ཡོང་བ།ལས་བྱེད་པའི་སྤྱོད་ཚུལ་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། ལོ་35ཡི་རིང་ཧྥུའུ་ཅན་གྱིས“གཞི་རིམ་བཞིའི”སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་བཏང་ནས“གཞི་རིམ་བཞིར་སྐྱོད་པའི”ནང་དོན་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་།གཞི་རྟེན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་བ།ལམ་ལུགས་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོའི་རྒྱུན་མཐུད་འབད་འཐབ་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་ཡོད།--བྱ་ཐབས་དང་ལམ་ལུགས་བར“གཞི་རིམ་བཞིར་སྐྱོད་པའི”ནང་དོན་ཉིན་བཞིན་གཏིང་ཟབ་ཏུ་འགྲོ་བཞིན་ཡོད། ཅོག་ཙེ་ཆུང་ཆུང་བཞི་ལ་སྒྲོག་ཙེ་ཆེན་པོ་ཞིག་བསྒྲིགས་ཡོད་པ་དང་།གཞོགས་གཉིས་སུ་རྐུབ་སྟེགས་འགའ་བསྒྲིགས་ཡོད་པ་རེད། ཞ་ཕུའུ་རྫོང་ཨུའི་ཏང་གི་སློབ་གྲྭའི་ངོ་བཅར་ཡོང་མཁན་སྣེ་ལེན་ཁང་དང་པོ་དེ་ད་ལྟའང་དེ་སྔའི་སྒྲིག་ཆས་སོར་འཇོག་བྱས་ཡོད། 1988ལོའི་ཟླ་12པར།སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་གྱིས་འདིར་འཚམས་འདྲིར་ཕེབས་པའི་མང་ཚོགས་ལ་སྣེ་ལེན་ཞུས་ཤིང་།ཡིག་སྐུར་ངོ་བཅར་སྣེ་ལེན་གཞི་རིམ་དུ་སྐྱོད་པའི་འགོ་བརྩམས་པ་རེད། ལོ་མང་པོའི་རིང་འགོ་ཁྲིད་ལས་བྱེད་པས་ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཞུ་རྒྱུ་དེ་ཞ་ཕུའུ་རྫོང་གི་ལེ་ཆི་མི་འགུལ་བའི་ལས་ཀའི་བཀོད་སྒྲིག་ཏུ་གྱུར་ཡོད། ཞ་ཕུའུ་རྫོང་གི་རྫོང་དཔོན་ལུའོ་དབྱི་ཁྲུན་གྱིས“ང་ཚོས་འགོ་ཁྲིད་ཀྱིས་འཚམས་འདྲིའི་ཉིན་མོ་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཉིན་མོ་ཞིག་ཏུ་གཉེར་ནས་ངོ་ཐུག་གདོང་འཕྲད་ངང་དཀའ་གནད་སེལ་བ་དང་འགལ་ཟླ་ཐག་གཅོད་བྱེད་ཀྱི་ཡོད།

2023ལོའི་ཟླ་11ཚེས་18ཉིན་ཉིང་ཏེ་གྲོང་ཁྱེར་ཞ་ཕུའུ་རྫོང་སྒྲིག་ཨུད་ཀྱི་ལས་དོན་མི་སྣས་ཤིས་ནན་གྲོང་རྡལ་ཆི་ཤིང་མཚོ་ཐོག་སྡེ་ཁུལ་དུ་ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཞུས་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།ཅང་ཁེ་ཧུང་མེ་ཡིས།

“གཞི་རིམ་བཞིའི”སྲོལ་རྒྱུན་བཟང་པོ་མཐའ་འཁྱོངས་བྱས་ནས་ལམ་ལུགས་དང་ཚད་གཞི་རབ་དང་རིམ་པ་སྔ་རྗེས་སུ་བཏོན་པ་སྟེ།ཧྥུའུ་ཅན་ཞིང་ཆེན་གྱིས་ལོ་ལྟར་ཞིང་ཆེན་རིམ་པའི་འགོ་ཁྲིད་གཞི་རིམ་དུ་བརྟག་ཞིབ་བྱེད་པར་ཉིན་30ལས་མི་ཉུང་བ་སྐྱོད་རྒྱུ་དང་།གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འགོ་ཁྲིད་ཀྱིས་ཉིན་60ལས་མི་ཉུང་བ།ཞིང་ཆེན་ཡོངས་སུ་སྒོ་ཕྱེ་ནས་ངོ་བཅར་ཡོང་མཁན་ལ་སྣེ་ལེན་དང་།སྒོ་རྩར་བསྐྱོད་ནས་ཐུག་འཕྲད་བྱེད་པ།སྒོ་ཁར་བསྐྱོད་ནས་འཚམས་འདྲིར་སྐྱོད་པ།སྒོ་རྩར་འཚམས་འདྲིར་སྐྱོད་པ་བཅས་ཀྱི“བཞི་དང་བཅར་འདྲི་བཞིའི”བྱེད་སྒོ་མུ་མཐུད་སྤེལ་བ་དང་། ཉིང་ཏེ་ཡིས“ཁེ་ལས་རེར་ཐབས་ཇུས་རེ་དང་ཆེད་ལས་རེ་བྱེད་པའི”ལས་ཀའི་ལམ་སྲོལ་བཙུགས་ནས་ཏང་ཡོན་ལས་བྱེད་པ་རྣམ་གྲངས་ཀྱི་འཐབ་ཕྱོགས་དང་པོར་མངགས་ནས་ཁེ་ལས་ལ་ཞབས་འདེགས་ཞུ་རུ་འཇུག་པ། ཕུའུ་ཀྲོའུ་ཡིས“ལས་བྱེད་པ་ཁྲི་གཞི་རིམ་དུ་སྐྱོད་པའི”བྱ་སྤྱོད་སྤེལ་ནས་ཏང་ཡོན་ལས་བྱེད་པ་ཁྲི་9.75སྒྲིག་འཛུགས་བྱས་ཏེ་འཐབ་ཕྱོགས་དང་པོར་གཤམ་དུ་བསྐྱོད་ཡོད།--མི་ཉུང་ཤས་ནས་མི་ཡོངས་ལ་ཁྱབ་པ་དང“གཞི་རིམ་བཞིར་སྐྱོད་པའི”ནང་ཞུགས་མཁན་གཙོ་གཟུགས་རྒྱུན་མཐུད་ངང་མང་དུ་བཏང་བ། ཧྥུའུ་ཨན་གྲོང་ཁྱེར་ཐན་དབྱང་གྲོང་ཚོ་ནི་ཐན་དབྱང་བཟོ་ལས་པ་ཇ་ཐོན་སྐྱེད་བྱ་ཡུལ་ཞིག་ཡིན་པ་དང་ཕྱོགས་བཞི་ཡི་རི་ཚོགས་ཀྱིས་བསྐོར་ཡོད་པ་དང་གྲོང་ཚོའི་མདུན་གྱི་ཆུ་ཞིག་ཡིན། “ལོ་མ་སོས་པ་རྙེད་པ་དང་།ཉབ་པ།ཕུར་ཕུར་བྱེད་པ།བསྙལ་བ།སྐམ་པོ་ཆགས་པ།མཛེས་བཟོ་བྱེད་པ་སོགས་བྱེད་ཀྱི་འདུག”ཅེས་ཐན་དབྱང་གྲོང་ཚོའི་གྲོང་གསེབ་དར་རྒྱས་གཏོང་བའི་སློབ་སྟོན་པ་ཧྥེང་ཅན་གྱིས་རང་ཁྱིམ་གྱི་ནོར་བུ་འཚོལ་བཞིན་དུ་བཤད།གྲོང་ཚོར་བཅའ་སྡོད་ལོ་གསུམ་རིང་ཕུང་ཅན་གྱིས་གྲོང་མིའི་སྣེ་ཁྲིད་དེ་མ་དངུལ་གྲབས་གསོག་དང་།ཇ་ལོའི་ལག་རྩལ་ཕྱོགས་བསྡུས་གསོ་སྦྱོང་ལྟེ་གནས་སྒྱུར་བཀོད་བྱས་ནས་གྲོང་ཚོའི་མཉམ་སྡེབ་ཇའི་བཟོ་གྲྭ་བསྐྲུན་པ།དྲ་ཐོག་ཚོང་པའི་ཐད་གཏོང་འཕེལ་རྒྱས་གཏོང་བ།ཇ་ལོའི་ཚོང་ལམ་རྒྱ་ཆེར་གཏོང་བ།ཕུང་ཅན་དང་འདྲ་བའི་གྲོང་གསེབ་དར་རྒྱས་ཀྱི་སློབ་སྟོན་པ་ད་དུང་ཧ་ཅང་མང་པོ་ཡོད། སྟོབས་ཤུགས་གྲོང་གསེབ་ཏུ་གཏོང་བ་དང་ཐོན་ཁུངས་གྲོང་གསེབ་ཏུ་གཏོང་ཆེད།ཉིང་ཏེ་ཡིས་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་དང་།གྲོང་གསེབ་དར་རྒྱས་གཏོང་བའི་མཛུབ་ཁྲིད་པ།ཚན་རྩལ་ཆེད་མངགས་པ།དངུལ་རྩའི་ལས་རོགས་པ།གྲོང་ཚོར་ལས་གནས་འཁུར་དུ་བཅུག་ནས་གཞི་རིམ་གྱི་སྟོབས་ཤུགས་ཆེ་རུ་བཏང་སྟེ་གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།

ཧྲོའུ་ཉིང་རྫོང་ཞ་ཏང་ཤང་གྲོང་གསེབ་གྲོང་ཚོའི་བཟའ་བྱའི་ཤ་མོ་ཐོན་ལས་གླིང་2023ལོའི་ཟླ་8ཚེས་5ཉིན་ནས་བཟུང་མི་མེད་གནམ་གྲུའི་པར་བརྒྱབ་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།ལིན་ཧྲན་ཁྲོན་གྱིས།ད་ལྟ།“གཞི་རིམ་བཞི་”ནི་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་སོགས་“འགག་རྩའི་གྲངས་ཉུང་”གི་མཚམས་ལས་མི་འདས་ལ།ཏང་ཡོན་དཀྱུས་མ་དང་ན་གཞོན་ལས་བྱེད་པ་སྔར་ལས་མང་པོ་དེའི་ཁྲོད་དུ་ཞུགས་བཞིན་ཡོད། ལས་བྱེད་པ་གཞི་རིམ་དུ་ཟབ་འཇུག་བྱས་ནས་དམངས་སེམས་གཅིག་ཏུ་འཛོམས། ཉིང་ཏེ་གྲོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཧུའེ་ཡིས་ཉེ་བའི་ལོ་ཤས་རིང་ཉིང་ཏེ་ཡིས་ན་གཞོན་ལས་བྱེད་པ་ཁག་བགོས་ནས་སྒྲིག་འཛུགས་བྱས་ཏེ་གྲོང་གསེབ་ཏུ་ལག་ལེན་ནང་སྦྱོང་བརྡར་བྱེད་པར་བཏང་ཡོད། མིག་སྔའི་བར་ན་གཞོན་ལས་བྱེད་པས་རིམ་རྩིས་བྱས་ན་དུད་ཚང་དུ་མི་ཐེངས་ཁྲི་1.5ལྷག་ཙམ་ལ་བཅར་འདྲི་བྱས་པ་དང་།གནད་དོན་དང་བསམ་འཆར་དང་གྲོས་འགོ་1600ལྷག་ཙམ་བསྡུ་ལེན་བྱས་པ།དམངས་ལ་བྱ་བ་དངོས་དང་བྱ་བཟང་1200ལྷག་ཙམ་བསྒྲུབས་ཡོད་པ་རེད། --དྲ་ཐོག་ནས་དྲ་ཐོག་བར“གཞི་རིམ་བཞིར་སྐྱོད་པའི”བྱེད་སྟངས་དང་བྱ་ཐབས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ཞིང་།ཧོང་ཕུའུ་རྫོང་ཤིས་ནན་གྲོང་རྡལ་གྱི་སྐར་བདུན་མཚོ་ཁོངས་དང་།ཡུག་སྦྲེལ་གྱི་ཉ་གྲལ་དང་དྲ་སྒམ་པོ་ཀོང་གི་མཚོ་ངོས་སུ་བཏིང་ཡོད་པ་དང་།ཧའེ་ཚན་གྱི་མྱུ་གུ་བླུགས་པའི་ཉ་འཛིན་གྲུ་གཟིངས་ནང་མཚོ་ཐོན་འབབ་མང་དུ་ཕྱིན་ནས་མཚོ་ཐོག་ལོ་ལེགས་ཀྱི་རྣམ་པ་ཞིག་མངོན་ཡོད་པ་རེད།(བསྟན་འཛིན་བཟང་མོས་བསྒྱུར།བདེ་སྐྱིད་དང་བསྟན་འཛིན་བཟང་མོས་ཞུས) “སྐར་མ་བདུན་གྱི་མཚོ་ཁོངས་ནི་མིན་ཏུང་གི་ཆུའི་ཐོན་རྫས་གསོ་ཚགས་ཁུལ་གཙོ་བོའི་གྲས་ཤིག་ཡིན་པ་དང་གསོ་ཚགས་བྱེད་མང་བའི་དུས་སུ་ས་ཆ་གཞན་གྱི་ལས་མི་ཁྲི་གཉིས་ལྷག་ཙམ་ཟིན་གྱི་ཡོད” ཤིས་ནན་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཀོང་ཡུས་ཀྱིས“མཚོ་ཐོག་སྡེ་ཁུལ”ཐོག་མ་དེ་བཙུགས་ནས“མཚོ་ཐོག་སྡེ་ཁུལ་གྱི་རིག་ལྡན་ལས་སྟེགས”ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད།སྡེ་ཁུལ་བཅོས་སྐྱོང་གི་ཉམས་མྱོང་སྐམ་ས་ནས་མཚོ་ཐོག་བར་འབྲེལ་མཐུད་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སྒྲོལ་ཐུབ་པ་བྱས་ཡོད་ཅེས་བཤད་པ་རེད།ཕུའུ་ཀྲོའུ་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་སུ་ཚན་པ་69དེའི་ནང་ཞུགས་ནས“ཐོག་བརྩེགས་གཅིག”གི་གཞུང་ལས་དང“འབྲུག་གཟུགས་གཅིག”གི་ཞབས་ཞུ་མངོན་འགྱུར་ཐུབ་ནས་ཞབས་ཞུ“འཕྲལ་མར་འབྱོར་བའི”སྟབས་བདེ་བསྐྲུན་ཡོད་པ་རེད། གྲངས་གཞི་ཅན་དང་རིག་ནུས་ཅན་གྱི་དུས་རབས་ཀྱི་འགྱུར་ལྡོག་གསར་པ་དང་འཚམ་པ་བྱས་ནས་ཕུའུ་ཅན་གྱིས་ཞབས་ཞུ་ལེགས་གཏོང་དང་བརྒྱུད་རིམ་བསྐྱར་སྐྲུན་བྱས་པ་བརྒྱུད།

2023ལོའི་ཟླ་11ཚེས་16ཉིན་གྲོང་མིས་ཕུའུ་ཀྲོའུ་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི“བྱ་བ་གཅིག”གི་ལས་སྒྲུབ་སྐར་ཁུང་དུ་ལས་དོན་བསྒྲུབས་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།ལིན་ཧྲན་ཁྲོན་གྱིས།

བེད་སྤྱོད་གཏིང་ཟབ་བྱས་ཏེ་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ལ་ཡག་པོ་བསྐྱོད་དགོས།

“ཏང་གི་ལམ་ཕྱོགས་དང་།བྱེད་ཕྱོགས།སྲིད་ཇུས་བཅས་གཞི་རིམ་དུ་དྲིལ་བསྒྲགས་བྱེད་པ”དེ་“གནམ་མཐའ་”ནས་“ཉེ་འགྲམ་”དང་།“བརྟག་དཔྱད་ཞིབ་འཇུག་གཞི་རིམ་དུ་སྐྱོད་པ”དེ་“གནད་དོན་”ནས་“གནད་དོན་གཏོར་བ།”“ཡིག་སྐུར་ངོ་བཅར་སྣེ་ལེན་གཞི་རིམ་དུ་སྐྱོད་པ”དེ་“ནད་ལྟ་བར”བསྒྱུར་བ།“ལས་ཡུལ་དངོས་ཀྱི་གཞུང་དོན་གཞི་རིམ་དུ་སྐྱོད་པ”དེ་“ཚོགས་རར་སྐྱོད་པ”སོགས་“གཞི་རིམ་དུ་སྐྱོད་བཞིས”དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་རྩ་བའི་བརྟག་ཐབས་སྨྲ་བར་མང་ཚོགས་ཀྱི་ལྟ་བ་གསར་པའང་ཚུད་ཡོད།ལོ་ངོ་35ཡི་རིང་རྒྱུན་འཛིན་དང་དར་སྤེལ་བཏང་བ་བརྒྱུད“གཞི་རིམ་བཞིར”ཁྱབ་པའི་བསམ་པའི་ནང་དོན་དང་དེས་མཚོན་པའི་རིན་ཐང་དོན་གཉེར་བྱ་རྒྱུ་དེ་ཡུལ་དུས་སྒྲོལ་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་འབད་འབུངས་མདུན་སྐྱོད་བྱེད་པའི་ཉམས་མེད་སྒུལ་ཤུགས་སྦྱིན་ཡོད།“ཉིང་ཏེ་ནི་‘གཞི་རིམ་བཞིའི’ལས་ཀའི་ལམ་ལུགས་ཀྱི་འབྱུང་གནས་ཡིན།ལོ་35རིང་གི་རྒྱུན་འཛིན་ལག་ལེན་ཁྲོད་ནས་ང་ཚོས‘གཞི་རིམ་བཞི’ནི་བསམ་བློ་ཡིན་ལ་སྤྱོད་ཚུལ་ཡང་ཡིན་པ་དང་།ལམ་ལུགས་ཡིན་ལ་བྱ་ཐབས་ཀྱང་ཡིན་པས་ང་ཚོས་འཛམ་གླིང་སྒྱུར་བཀོད་ཀྱི་གོ་མཚོན་རྣོན་པོ་ཞིག་དང་།‘སེམས་པ་མི་དམངས་དང་ཉེ་བཅར་བྱེད་པའི’ལག་ལེན་གྱི་གཞི་རྟེན་ཞིགཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བའི་མཆོག་ནོར་གལ་ཆེན་ཞིགལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་གཏོང་བའི་ཐབས་ལམ་ནུས་ལྡན་བཅས་ལ་གྱུར་ཡོད”

མིག་སྔར་ཁག་གཉིས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་ངང་སྤེལ་བཞིན་ཡོད།ཧྥུའུ་ཅན་ཞིང་ཨུད་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)དགེ་རྒན་ཆེ་མོ་བ་ལིའུ་མིང་གིས“གཞི་རིམ་བཞིས”ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་བྱ་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་།བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ནས་གནད་དོན་ཐག་གཅོད་བྱ་རྒྱུ་དེ་འགག་རྩའི་སྟོན་ཕྱོགས་སུ་བརྩིས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་གཞི་ཚུགས་སར་བྱེད་པ་དང་དེའི་ལྟེ་བའི་བླང་བྱ་དེ་སློབ་གསོའི་གཙོ་གནད་བྱ་ཐབས་དང་ཚད་མཐོའི་མཐུན་སྦྱོར་ཡོང་བ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པའི་ངོས་ནས“གཞི་རིམ་དུ་སྐྱོད་བཞིའི”ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་བཏང་ནས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། “གཞི་རིམ་དུ་བཞི”བསྐྱོད་རྒྱུ་དེ་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་ཚན་རིག་དང་མཐུན་པའི་ཐབས་ཇུས་ཀྱི་འགག་རྩའི་ལྷུ་ཚིགས་སུ་བརྩི་དགོས།ཉིན་དགུང་མཚམས་སུ་ཕུའུ་ཀྲོའུ་གྲོང་ཁྱེར་ཀུའུ་ལོའུ་ཆུས་ཆིང་ཁྲེང་སྡེ་ཁུལ་གྱི་རྒན་རབས་ཚོའི་ཟ་ཁང་དུ་འཁྲུག་ཆ་དོད་ཅིང་།འཚོ་བཅུད་དང་འཚམ་པའི་གུང་ཟས་ཚ་སོབ་སོབ་དང་དྲི་ཞིམ་གང་སར་འཐུལ་ཡོད།རྒན་རྒོན་ཚོས་སྒོར་9.9ལས་གཏོང་མི་དགོས་སྟབས་བདེ་ཐང་དང་བྲོ་བ་ཞིམ་པའི་ལྟོ་ཆས་ལོངས་སྤྱོད་བྱེད་ཆོག་གི་ཡོད། ན་ནིང་ཟླ་9པར་ཆིང་ཁྲེང་སྡེ་ཁུལ་གྱི་རྒན་རབས་ཟ་ཁང་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་དང་།མིག་སྔར་ཕུའུ་ཀྲོའུ་གྲོང་ཁྱེར་ཡོངས་སུ་རྒན་རྒོན་གྱི་ཟ་ཁང་528བསྐྲུན་ནས་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་ཁྲི་61ལ་ཕན་པ་ཐོབ་ཡོད་པ་རེད།

2023ལོའི་ཟླ་11ཚེས་16ཉིན་སྡེ་ཁུལ་གྱི་ལས་དོན་མི་སྣས་ཕུའུ་ཀྲོའུ་གྲོང་ཁྱེར་ཀུའུ་ལོའུ་ཆུས་ཆིང་ཁྲེང་སྡེ་ཁུལ་གྱི་རྒན་རབས་

དཔྱད་ཡིག་རི་མོ་ཚོགས་
PHOTO COLLECTIONS
དཔྱད་ཡིག་ཆ་འཕྲིན་བརྙན་ལམ་
VIDEO COLLECTIONS