རི་ཐུ་རིག་ལྡན་རིག་གནས་ཡུལ་སྐོར་ཞབས་ཞུའི་སྤྲིན་སྟེགས་

འཛམ་གླིང་དཔེ་ཀློག་ཉིན་མོའི་ས་རུ་ཆེས་ཡིད་དབང་འཕྲོག་པའི་དཔེ་ཆ་དྲི་ཞིམ་ཞིག་འཕྱུར་བཞིན་ཡོད་།

རྩོམ་པ་པོ།: ལིའུ་སན་ཞི།
དཔེ་སྐྲུན་ཁང་: རི་ཐུའུ་ཝུན་ལུའི་
ངོ་སྤྲོད་མདོར་བསྡུས་: འཛམ་གླིང་གི་དཔེ་ཀློག་ཉིན་མོ་27ནང་།རུ་ཐོག་རྫོང་གི་ཤང(གྲོང་རྡལ)ཁག་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སུའོ་དང་།གྲོང་ཚོ་ཁག(གྲོང་ལྷན)ཁག་གི་ཤེས་དཔལ་ལག་ལེན་ས་ཚིགས་དང་།རྫོང(དབུས་དང་ཆུས)ཐད་གཏོགས་ཚན་པ་ཁག་གཅིག་དང་དེ་བཞིན་རིམ་ཁག་རིགས་ཁག་གི་སློབ་གྲྭས་རྫོང་གི་དུས་རབས་གས


ཤེས་རྟོགས་བྱུང་བར་གཞིགས་ན།དཔེ་དེབ་ལྟ་ཡུལ་དུ་ཞུགས་མཁན་ཁག་གིས་ལག་ཐོགས་ཁ་པར་བཞག་ནས་དཔེ་དེབ་འཁྱེར་ཏེ་རྩོམ་རིག་དང་།ལས་སྒོ།བཅའ་ཁྲིམས་རྒྱུན་ཤེས།བརྩམས་སྒྲུང་།ལུས་གསོའི་དང་ལུས་ཁམས་བདེ་སྲུང་སོགས་དཔེ་དེབ་རིགས་མི་འདྲ་བའི་དཔྱད་ཡིག་ལྟ་ཀློག་བྱས་པ་དང་།ལས་བྱེད་པ་དང་མང་ཚོགས་ཀྱིས་ཐུན་མོང་ཐོག་རྒྱུན་གཏན་གྱི་དཔེ་དེབ་ཀློག་པའི་ཉམས་མྱོང་གྲོས་བསྡུར་བྱས་པ།རང་ཉིད་ཀྱི་དཔེ་དེབ་ཀློག་པའི་གཏམ་རྒྱུད་མཉམ་སྤྱོད་བྱས་པ།དཔེ་དེབ་ཀློག་པའི་མྱོང་ཚོར་ལྷུག་པོར་གླེང་བ།མྱོང་ཚོར་མཉམ་སྤྱོད་བཅས་བྱས་པ་རེད།

དཔེ་ཀློག་བྱས་པ་བརྒྱུད་ཚང་མས་ཤེས་བྱ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་།བསམ་བློར་ཤུགས་རྐྱེན་བཟང་པོ་ཐེབས་པ།བློ་གྲོས་ཀྱི་བློ་སྒོ་ཕྱེ་ནས་དཔེ་དེབ་ཁྲོད་ནས་འབད་འབུངས་མདུན་སྐྱོད་ཀྱི་བསམ་པའི་སྟོབས་ཤུགས་བསྡུ་ལེན་བྱས་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

དཔེ་ཀློག་བྱེད་སྒོ་བརྒྱུད་དཔེ་ཀློག་བྱ་རྒྱུ་དེ་དམངས་ཡོངས་ཀྱི་དར་སྲོལ་ཞིག་ཏུ་གྱུར་ནས་རི་པས་དཔེ་ཀློག་ལ་དགའ་བ་དང་།དཔེ་དེབ་ཡག་པོ་ཀློག་པ།དཔེ་དེབ་ཀློག་མཁས་པ་བཅས་ཀྱི་སྤྱི་ཚོགས་དང་རིག་གནས་ཀྱི་དར་སྲོལ་ཞིག་སྔར་བས་ཆགས་པར་བྱས་ཏེ་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཤེས་དཔལ་བྱང་ཚད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།