2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བའི་ལོ་ཞིག་ཡིན་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས》ཁྱབ་བསྒྲགས་ལག་བསྟར་བྱས་ནས་ལོ་10འཁོར་བའི་ལོ་ཞིག་ཀྱང་ཡིན། འདི་ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”མངོན་མིན་རིག་གནས་ཤུལ་བཞག་དྲིལ་བསྒྲགས་འགྲེམས་སྟོན་བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི“མི་དམངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མི་དམངས་མཉམ་སྤྱོད”ཅེས་པ་དེ་ཡིན་པ་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི“མི་དམངས་ཀྱི་རང་བཞིན”མངོན་གསལ་དོད་པོ་ཡོང་བ་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་ཕན་པ་ཐོབ་པ་བྱ་རྒྱུ་རེད། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་མངོན་མིན་རིག་གནས་ཤུལ་བཞག་ནང་ཞུགས་པ་དང་།སྲུང་སྐྱོབ།རྒྱུན་འཛིན་བཅས་བྱེད་པའི་རྣམ་པ་ཟབ་མོ་ཞིག་བཏོད་ནས་ཉེ་བའི་ལོ་ཤས་རིང་རུ་ཐོག་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་གྱི་ད་ལྟའི་གནས་ཚུལ་མངོན་ཆེད།ཟླ་6ཚེས་12ཉིན་རུ་ཐོག་རྫོང་པན་ཀུང་ཧུའུ་རུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱིས“མཛེས་ལྗོངས་ཁུལ”དང“མི་དམངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མི་དམངས་ཐུན་མོང་ཐོག་ལོངས་སུ་སྤྱོད”ཅེས་པའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་གཏིང་ཟབ་སྤེལ་བ་རེད།
རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག“འཆམ་པའི་གཞས”འཁྲབ་སྟོན་བྱས་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད།རུ་ཐོག་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་མཛེས་ལྗོངས་ཁུལ་དུ་འགྲེམས་སྟོན་བྱེད་པའི་རྣམ་པའི་ཐོག་ནས་ཕྱོགས་གཅིག་ནས་རི་སའི་མངོན་མིན་རིག་གནས་ཤུལ་བཞག་གང་ལེགས་མངོན་པ་དང་།ཕྱོགས་གཞན་ཞིག་ནས་མཛེས་ལྗོངས་ཁུལ་གྱི་ཞོར་གཏོགས་མཛེས་ལྗོངས་ཁུལ་གྱི་ཡིད་དབང་འཕྲོག་ནུས་གང་ལེགས་མངོན་པ་བྱས་ཡོད།
མངོན་མིན་རིག་གནས་ཤུལ་བཞག་གི་དྲིལ་བསྒྲགས་དེ་བས་མི་སེམས་ལ་ཟུག་པ། བྱེད་སྒོ་སྤེལ་ཉིན་དེར《མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》དང་དེ་བཞིན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོང་བཅའ་ཁྲིམས》སོགས་འབྲེལ་ཡོད་བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་སྤྲད་པ་བརྒྱུད།མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱ་རྒྱུ་དེ་སྤྱི་ཚོགས་སྤྱི་དམངས་ཁྲོད་ཀྱི་ཤུགས་རྐྱེན་སྔར་བས་ཆེ་རུ་གཏོང་རྒྱུ་དང་།སྤྱི་ཚོགས་ཡོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་དོ་ཁུར་བྱེད་པའི་རྣམ་པ་བཟང་པོ་གཏོད་རྒྱུ།
ཤུལ་བཞག་ཡི་གེ་མ་ཡིན་པར་ཡུལ་སྐོར་གྱི་ཟུར་སྣོན་ནུས་པ་གཏོད་པ། བྱེད་སྒོ་སྤེལ་བའི་ཉིན་དེར་ངེད་ཅུས་ཀྱིས་ས་གནས་ས་ཐོག་ཏུ་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་གཏོད་པའི་འགྲེམས་སྟེགས་བཙུགས་ནས་རང་རེའི་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་གི་རི་ཐུ་ལག་ཤེས་འཁེལ་འཐག་དང་།རྒན་རྒོན་གྱི་རྣ་ཚགས།རི་ས་ཡི་གཏམ་དཔེ།གཞས་པ་གཞས་གདངས།སྲོལ་རྒྱུན་རྟ་རྒྱུག་སོགས་གཞི་རྒྱུ་ལྡན་པའི་རིག་གནས་གསར་གཏོད་ཐོན་རྫས་འགྲེམས་སྟོན་བྱ་རྒྱུ་མ་ཟད།རྒྱ་ཆེའི་མང་ཚོགས་ཀྱིས་དགའ་པོ་བྱེད་པ་དང་དགའ་བསུ་ཡང་ཐོབ་རྒྱུ་རེད། མཛེས་ལྗོངས་ཁུལ་ལ་རིག་གནས་ཀྱི་གཞི་རྒྱུ་དེ་བས་མང་བ་བཏོད་དེ་མཛེས་ལྗོངས་ཁུལ་གྱི་ཡིད་དབང་འཕྲོག་ནུས་ཆེ་རུ་བཏང་ཡོད།
སྲོལ་རྒྱུན་གྱི་ཞིམ་ཟས་ཀྱི“རྒན་རྒོན་གྱི་རྣ་བའི”དཔྱད་གཞིར་འཛིན་པ། བྱེད་སྒོ་སྤེལ་ཡུལ་དུ་རི་ཐུའུ་ཡི་མངོན་མིན་རིག་གནས་ཤུལ་བཞག་གི་ཞིམ་ཟས་ཟ་མའི“རྒན་རྒོན་གྱི་རྣ་བ”སྒྲོག་ཙེ་གཅིག་བསྒྲིགས་ཡོད་པ་དང་བྲོ་བ་མྱོང་མྱོང་བའི་ཡུལ་སྐོར་བས་བསྔགས་བརྗོད་བྱེད་ཀྱི་ཡོད་པ་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གྱི་ཞིམ་ཟས་ཟ་ཐུབ་ཀྱི་ཡོད་པས་དམངས་སྲོལ་གྱི་ཁྱད་ཆོས་དང་སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད་པ་རེད། “རྒན་རྒོན་གྱི་རྣ་བ”ལས་བྲོ་བ་ཞིམ་ལ་རིག་གནས་ཀྱང་ཟ་ཐུབ་པ་དང་།
ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་སྤྱི་དམངས་དང་འབྲེལ་གཏུག་སྤེལ་རེས་ཀྱི་སྟེགས་བུ་ནུས་ལྡན་ངང་བཏོད་ནས་སྤྱི་དམངས་ཀྱིས་རིག་གནས་དང་།ཡུལ་སྐོར།རིག་དངོས་བཅས་ཤེས་རྟོགས་དང་ངོས་འཛིན་གཅིག་མཐུན་གཏིང་ཟབ་ཏུ་བཏང་བ་དང་།རྒྱ་ཆེའི་མང་ཚོགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་དང་རིག་དངོས་ཤེས་བྱ་སྔར་བས་ཕུན་སུམ་ཚོགས་སུ་བཏང་བ།སྤྱི་དམངས་ཀྱིས་རིག་གནས་ཡུལ་སྐོར་བྱ་གཞག་ལ་དོ་ཁུར་བྱེད་པའི་ཡིད་དབང་བཀུག་པ།སྤྱི་ཚོགས་ཡོངས་ཀྱིས་ཡུལ་སྐོར་ལ་དོ་ཁུར་དང་།ཡུལ་སྐོར་ནང་ཞུགས་པ།ཡུལ་སྐོར་ལ་རྒྱབ་སྐྱོར།རིག་དངོས་སྲུང་སྐྱོང་།འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད་པ་རེད།
སྤུས་ཚད་མཐོ་བའི་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ་དང་།གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་འཇུག་གཞིར་བྱེད་པ།ལོ་རྒྱུས་དང་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ།རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ།རིག་གནས་དང་ཡུལ་སྐོར་ཐོན་ལས་མང་པོ་མཉམ་འདྲེས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ།རྫོང་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་གསོན་ཤུགས་དང་སྒུལ་ཤུགས་གསར་པ་བསྣན་ཡོད་པ་རེད། ད་ཐེངས་ཀྱི་བྱེད་སྒོ་གཉེར་བའི་དམིགས་ཡུལ་ནི་རང་རེའི་རྫོང་གི་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་ཤུགས་ཆེན་དང་།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར།ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན།རིག་དངོས་སྲུང་སྐྱོང་གི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ཏུ་གོང་བུར་འགྲིལ་བ།ཡ་རབས་ཡུལ་སྐོར་དར་སྤེལ་ཧུར་ཐག་བཅས་བྱས་ནས་དེ་བས་ལེགས་པའི་སྒོ་ནས་
མི་མང་པོ་ཞིག་གིས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལས་བྱུང་བའི་དཔྱིད་དཔལ་རབ་ཏུ་བཞད།