ཤ་སྐམ་པ་ནི་བོད་དང་ནང་སོག་གི་ནུབ་བྱང་ས་ཁུལ་དུ་རྒྱུན་དུ་མཐོང་རྒྱུ་ཡོད་པའི་ཁྱད་ཆོས་ལྡན་པའི་བཟའ་བཅའ་ཞིག་རེད། ལོ་ལྟར་གྱི་ལོ་མཇུག་ཏུ་དྲོད་ཚད་ཀླད་ཀོར་འོག་ཏུ་སླེབས་སྐབས་བོད་རིགས་མང་ཚོགས་དང་རྩྭ་ཐང་ཐོག་གི་འབྲོག་པ་ཚོས་ནོར་ལུག་གི་ཤ་རྣམས་བཅད་དེ་བསིལ་སར་བཞག་ནས་རང་བྱུང་རླུང་སྐམ་བྱེད་དུ་འཇུག་པ་དང་སང་ལོའི་ཟླ་གཉིས་པ་དང་གསུམ་པར་ལྟོ་ཆས་བྱེད་དུ་འཇུག་གི་ཡོད། རླུང་སྐམ་བྱས་རྗེས།ཤ་སོབ་ལ་བྲོ་བ་དམིགས་བསལ་ཡིན།