ཇ་བསྲུབས་མ་ནི་བོད་ལ་མེད་དུ་མི་རུང་བའི་བཏུང་བྱ་ཞིག་ཡིན་ཞིང་།ཇ་བསྲུབས་མ་བཟོས་ནས་མར་དང་།ཚྭ།ཇ་བཅས་དང་བྲལ་ཐབས་མེད།མར་ནི་ནོར་ལུག་གི་འོ་མའི་ནང་ནས་བཏང་བའི་མར་ཞིག་རེད།དབྱར་དུས་ནོར་གནག་གི་འོ་མའི་ནང་ནས་བཙོ་སྦྱངས་བྱས་པའི་གསེར་མདོག་གི་མར་ནི་ཡག་ཤོས་རེད། བོད་མི་རིགས་ཀྱིས་ཇ་འཐུང་སྐབས་རྒན་གཞོན་དང་མགྲོན་པོ་གཙོ་བོའི་གྲས་ལ་དོ་སྣང་བྱེད་ཀྱི་ཡོད། མགྲོན་པོས་ཇ་འཐུང་དུས་བྲེལ་བ་ཆེ་དྲགས་ན་མི་འགྲིག