བོད་ཀྱི་ཁ་ཆེ་ཤ་སྐམ་གྱི་མེ་ཏོག་གི་ཟེ་མར་སྨན་ནུས་ཐོན་པའི་ནུས་པ་ལྡན་པས་སྨན་རྒྱུ་རྩ་ཆེན་ཞིག་ཡིན་པ་དང་ཆབས་ཅིག་བྲོ་རྫས་དང་།ཚོས་རྫས།བཟའ་བཅའི་བྲོ་རྫས་བཅས་རྩེ་གྲ་ཞིག་ལ་སྤྱོད་ཀྱི་ཡོད།
[2]
ལོ་རེའི་ཟླ་10པའི་ཟླ་སྨད་དུ།ཁ་ཆེ་ཤ་སྐམ་གྱི་སྡོང་པོ་ལ་མེ་ཏོག་བཞད་ཅིང་།མེ་ཏོག་བཞད་པའི་དུས་ནི་ཉིན་15ནས་20བར་ཡིན། ཁ་ཆེ་ཤ་སྐམ་ནི་རྩ་བ་ཡོངས་ཀྱི་མེ་ཏོག་ལས་བེད་སྤྱོད་ཐུབ་པ་ནི་ཟེའུ་འབྲུ་མོ་གསུམ་ལས་མེད་པ་དང་།ཕན་འབྲས་ཐོན་པའི་གྲུབ་ཆ་ཆེ་ཤོས་ནི་མེ་ཏོག་ཟེའུ་འབྲུ་གི་སྟོད་སྣེའི་གསུམ་ཆ་གཅིག་ལས་མེད་པ།ཁ་ཆེ་ཤ་སྐམ་ནི་ཟེའུ་འབྲུ་ཡི་ཟེ་མགོ་སྐམ་རྗེས་ཀྱི་གྲུབ་རྫས་ཡིན། ཟེ་མགོ་ཆུང་ཆུང་དེ་གསུམ་ནི་ལག་པས་དལ་བུའི་ངང་འཐོག་རྒྱུ་ལས་མེད།ཟེ་མགོ་རེར་ལི་སྨི་2རེ་ལས་མེད་ཅིང་།འཚོལ་བསྡུ་ཐེངས་རེར་མེ་ཏོག་90ནས་100བར་ལ་ཁེ་1ལས་ཐོབ་ཐུབ་ཀྱི་མེད་པས་བོད་ཀྱི་ཁ་ཆེ་ཤ་སྐམ་ལ“གསེར་དམར”ཞེས་པའི་མཚན་སྙན་ཐོབ་ཀྱི་ཡོད།
[2]