“རྒྱུད་”ནི་སྤྱི་ལོའི་དུས་རབས་10པའི་སྔོན་ལ་ཀྲ་ཏ་ནས་དར་བ་དང་།ཕྱིས་སུ་རི་ས་ནས་དར་ཞིང་།“ཨ་རྒྱུད་”དང་“རྒྱུད་”ཞེས་རིགས་གཉིས་སུ་ཕྱེ་ཡོད།“ཨ་རྒྱུད་”ནི་རྔ་ཁྱེར་ནས་བྲོ་འཁྲབ་པ་དང་།“རྒྱུད་ཁྲིད་”ནི་འབག་གི་ཞབས་བྲོ་ཡིན་ཞིང་།ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པའི་མི་རིགས་ཀྱི་གྱོན་ཆས་གྱོན་ནས་མུ་ཏིག་དང་།མ་ནུའུ།བ་སོ།སྤོས་ཤེལ་སོགས་ཀྱིས་བརྒྱན་ཡོད། བྲོ་འཁྲབ་སྐབས་སྒོར་ཐིག་དང་གསེག་ཐིགའབྲུག་བཅས་ཀྱི་རྔ་མའི་དབྱིབས་སུ་གྲུབ་ཅིང་།སོ་སོར་སྒྲ་གདངས་མཐོ་བའི་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་རམ་དཀྲོལ་བྱེད་ཀྱི་ཡོད། རྔ་སྐབས་བྲོ་འཁྲབ་མཁན་གྱིས་གཞས་མི་གཏོང་བ་དང་རྔ་ཆུང་ཐོག་ནས་འཁྲབ་སྟོན་བྱེད་པ་དང་དེ་རྗེས་སྣེ་ཁྲིད་མཁན་གྱིས་གཞས་བཏང་བ་དང་།མི་ཚོས་མཉམ་གཞས་བཏང་བ།མདུན་ཕྱོགས་སུ་གོམ་པ་གཉིས་སྤོས་བྱེད་པ།ཕྱིར་བཤོལ་གོམ་པ་གཉིས་རྒྱག་པ་བཅས་བྱས་ནས་རྐང་པ་གཉིས་ཡར་བཀྱགས་ནས་གོམ་པ་རེ་རེ་བྱས་ཏེ་གོམ་པ་རེ་རེ་བཞིན་བརྟན་པོ་སྤོས་པས་འཁྲབ་སྟོན་རང་བཞིན་དང་ལྟད་མོའི་རང་བཞིན་ཤུགས་ཆེ་ཙམ་ལྡན་ཡོད་པ་རེད།(བསྟན་འཛིན་བཟང་མོས་བསྒྱུར།བདེ་སྐྱིད་དང་བསྟན་འཛིན་བཟང་མོས་བསྒྱུར།བདེ་སྐྱིད་དང་བསྟན་འཛིན་བཟང་མོས་ཞུས)